མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མཚན་མཐུན་དགའ་རོགས་ལ་ཉེས་ཆད་བཅད།

བོད་ཀྱི་དུས་བབ།
༢༠༡༨/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

མ་ལེ་ཤི་ཡའི་ནང་བུད་མེད་གཉིས་ཀྱིས་མཚན་མཐུན་དགའ་རོགས་བསྒྲིགས་པའི་རྐྱེན་གྱིས་ཡུལ་དེའི་ཆོས་ཁྲིམས་གཞིར་བཟུང་ལྕག་ཚན་ ༦ རེ་གཞུས།
བྷི་བྷི་སི་གསར་ཁང་གི་གནས་ཚུལ་སྤེལ་བ་ལྟར་ན། མ་ལེ་ཤི་ཡ་ནང་ཁ་ཆེའི་བུད་མེད་ལོ་ ༢༢ ཅན་ཞིག་དང་ ༣༢ ཅན་གཉིས་མཚན་མཐུན་དགའ་རོགས་བསྒྲིགས་པ་གཞུང་གིས་ཤེས་རྟོགས་བྱུང་སྟེ། ཁ་སང་ཡུལ་དེའི་ཊེ་རན་གྷ་ནའོ་མངའ་སྡེའི་ (Terengganu) ཤཱ་རེ་ཡ་མཐོ་རིམ་ཁྲིམས་ཁང་ (Sharia High Court) གིས་བུད་མེད་གཉིས་ཀྱི་ཕ་མ་སྤུན་མཆེད་བཅས་འཛོམས་ཏུ་བཅུག་སྟེ། མི་གྲངས་ ༡༠༠ ལྷག་འཛོམས་པའི་ཁྲོམ་གཞུང་དུ་བུད་མེད་དེ་གཉིས་ལ་ལྕག་ཚན་ཐེངས་ ༦ རེ་གཞུས་ཡོད་པ་དང་། དེ་བཞིན་ཨ་སྒོར་ ༨༠༠ རེ་ཡིས་དངུལ་ཆད་བཅད་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༤ ནང་མངའ་སྡེ་དེའི་མི་མང་འཛོམས་སའི་གླིང་ཀ་ཞིག་ཏུ་བུད་མེད་དེ་གཉིས་ཀྱིས་རླངས་འཁོར་ནང་འཁྲིག་སྤྱོད་བྱེད་སྐབས་འཛིན་བཟུང་བྱས་ཡོད་པ་དང་། ཟླ་སྔོན་མར་ཡུལ་དེའི་ཆོས་ཁྲིམས་གཞིར་བཟུང་ཉེས་ཆད་གཏན་འབེབ་བྱས་ཡོད་པ་དང་། ད་རེས་ཀྱི་མཚན་མཐུན་དགའ་རོགས་ཀྱི་ཁྲིམས་ཆད་དེ་ནི་ཡུལ་དེའི་ནང་གི་དེའི་འབྲེལ་གྱི་ཉེས་ཆད་ཐོག་མ་དེ་ཡིན་པ་དང་། བུད་མེད་གཉིས་ལ་ཁྲིམས་ཆད་ལག་བསྟར་བྱེད་སྐབས་ཁོང་གཉིས་ཀྱི་ཕ་མ་སྤུན་མཆེད་བཅས་ནང་མི་ཚང་མ་སྐད་བཏང་ནས་། མི་ཚོགས་ཁྲོད་ངོ་ཚ་དང་མིང་ཆད་བཟོ་ཐབས་བྱས་ཡོད་པ་རེད།

ས་གནས་དེ་གའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ཚོགས་གཞོན་གྷན་ལི་ (Gwen Lee) ཡིས། མང་ཚོགས་དཀྱིལ་དུ་ལྕག་ཚན་གཞུས་པ་དེ་ནི་མ་ལེ་ཤི་ཡའི་འགྲོ་བ་མིའི་ཐོབ་ཐང་གི་འཇིགས་སུ་རུང་བའི་སྣང་བརྙན་དེ་མཚོན་བཞིན་ཡོད་པ་དང་། ལྕག་ཚན་གཞུས་པ་ནི་མནར་གཅོད་བྱེད་སྟངས་གཞན་ཞིག་ཡིན་པ་དང་། རང་འཐད་བྱུང་ཡོད་པའི་བུད་མེད་དེ་གཉིས་ལ་ཚད་མེད་ཀྱི་ཉེས་ཆད་བཅད་པ་དེས་མ་ལི་ཤི་ཡ་བསྐྱར་དུ་མུན་ནག་གི་དུས་སུ་འཁྲིད་བཞིན་པ་རེད། ཅེས་བརྗོད་འདུག

མ་ལེ་ཤི་ཡ་ནང་གི་མི་འབོར་བརྒྱ་ཆ་ ༦༡ ཙམ་གྱིས་ཁ་ཆེ་ཆོས་ལུགས་ལ་དད་པ་བྱེད་ཀྱི་ཡོད་པ་དང་། ནང་ཆོས་ལ་དད་པ་བྱེད་མཁན་གྱིས་བརྒྱ་ཆ་ ༡༩ ཙམ་ཟིན་གྱི་ཡོད་འདུག ཡུལ་དེའི་སྤྱི་མང་གི་བཅའ་ཁྲིམས་ནང་མང་ཚོགས་ཀྱི་དཀྱིལ་དུ་ལྕག་ཚན་གཞུ་པ་བཀག་སྡོམ་བྱས་ཡོད་ན་ཡང་། ཆོས་ཁྲིམས་ནང་ལྕག་ཚན་གཞུ་ཆོག་གི་ཡོད་འདུག འདས་པའི་ཟླ་ཤས་རིང་མ་ལེ་ཤི་ཡ་ནང་མཚན་མཐུན་དགའ་རོགས་དང་མཚན་བསྒྱུར་སོགས་ཀྱི་གནད་དོན་ལ་སྤྱི་ཚོགས་ནང་ལྟ་སྟངས་འདྲ་མིན་གྱི་འགལ་ཟླ་བྱུང་བཞིན་ཡོད་འདུག་ལ། ད་ལོའི་ཟླ་ ༧ ཚེས་ ༡༥ ཉིན་རྒྱལ་ས་ཀོ་ལ་ལམ་པུར་ (Kuala Lumpur) དུ་མཚན་བསྒྱུར་བུད་མེད་ཤིག་ལ་མི་འགས་དོན་མེད་ལ་གཅར་རྡུང་དྲག་པོ་བྱས་ཡོད་པ་རེད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣
Odisha train accident LIVE: Locals, security personnel and NDRF during the search and rescue operation at the site where Coromandel, Bengaluru-Howrah Express trains derailed last night, in Balasore district, Saturday, June 3, 2023. (PTI Photo)
༧གོང་ས་མཆོག གསུང་འཕྲིན།

མེ་འཁོར་གདོང་ཐུག་བྱུང་ནས་མི་གྲངས་ ༢༣༣ ལྷག་རྐྱེན་འདས་སུ་གྱུར་བར་ཐུགས་སྨོན་མཛད།

༢༠༢༣/༠༦/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist