མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧིན་རྡུ་ཉི་ཤི་ཡའི་གནམ་གྲུ་ཞིག་མཚོ་ནང་ལྷུང་།

བོད་ཀྱི་དུས་བབ།
༢༠༡༨/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཧིན་རྡུ་ཉི་ཤི་ཡའི་རྒྱལ་ས་ནས་ཡུལ་དེའི་པང་གཱལ་པི་ཎཱང་མཚོ་གླིང་ལ་འཕུར་བའི་འགྲུལ་བ་ ༡༨༨ ཅན་གྱི་གནམ་གྲུ་ཞིག་གནམ་གྲུའི་སྟངས་འཛིན་ཁང་དང་འབྲེལ་བ་ཆད་ནས་མཚོ་ནང་ལ་བརྡབ་སྐྱོན་བྱུང་ཡོད་འདུག
དེ་རིང་སྔ་དྲོའི་རྒྱ་གར་གྱི་ཆུ་ཚོད་ ༥།༠༡ སྟེང་། ཧིན་རྡུ་ཉི་ཤི་ཡའི་སེང་གེ་རྟགས་ཅན་གྱི་གནམ་གྲུ་(JT610)ཞིག་ཡུལ་དེའི་རྒྱལ་ས་ཇཱ་ཀར་ཏ་ (Jakarta)ནས་པང་གཱལ་པི་ཎཱང་(Pangkal Pinang)མཚོ་གླིང་ལ་འཕུར་མགོ་ཚུགས་ནས་སྐར་མ་ ༡༣ ཙམ་མ་སོང་བར་གནམ་གྲུའི་སྟངས་འཛིན་ཁང་དང་འབྲེལ་བ་ཆད་དེ་མཐར་མཚོ་ནང་ལྷུང་ཡོད་པ་དང་། ད་ལྟའི་ཆར་དོན་རྐྱེན་ཁྲོད་མི་ལ་ཤི་རྨས་བྱུང་བའི་གནས་ཚུལ་སོགས་གསལ་ཁ་མི་འདུག

ཧིན་རྡུ་ཉི་ཤི་ཡའི་རྒྱལ་ཡོངས་འཚོལ་ཞིབ་དང་ཉེན་སྐྱོབ་ལྷན་ཁང་གི་མགྲིན་ཚབ་པ་ཡུ་སུབ་ལ་ཊིབ་(Yusuf Latif) ཀྱིས་གསར་འགོད་པར། གནམ་གྲུ་དེ་བརྡབ་སྐྱོན་ཤོར་ཟིན་པར་གཏན་འཁེལ་བྱས་ཡོད་པ་དང་། གནམ་གྲུ་དེ་མཚོའི་གཏིང་རིམ་རྨིད་ ༤༠ ལྷག་གི་ནང་ལྷུང་ཡོད་སྐོར་བརྗོད་འདུག

ཐེངས་འདིར་བརྡབ་སྐྱོན་ཤོར་བའི་གནམ་གྲུ་ནང་ཁྱོན་འགྲུལ་བ་ ༡༨༨ ཡོད་པ་དང་། འགྲུལ་བ་ ༡༧༨ མི་རྒན་པ་དང་ཕྲུ་གུ་ ༣ ། ཁ་ལོ་བ་ ༢ དང་མཁའ་འགྲུལ་ཞབས་ཞུ་བ་ ༥ བཅས་ཡོད་པ་དང་། དོན་རྐྱེན་དེའི་སྐོར་ལ་སེང་གེ་རྟགས་ཅན་གྱི་མཁའ་གྲུའི་འགན་འཛིན་ཨེ་ཌེ་ཝ་ཌི་(Edward)ཡིས་རུ་ཊར་གསར་ཁང་ལ། ང་ཚོས་ད་ལྟ་མི་ལ་ཤི་རྨས་བྱུང་ཡོད་མེད་སོགས་ཀྱི་སྐོར་ལ་ཅི་ཡང་བཤད་ཐུབ་ཀྱི་མི་འདུག་ལ། ང་ཚོས་གང་ཐུབ་ཀྱིས་གནས་ཚུལ་མཁོ་སྒྲུབ་བྱེད་བཞིན་པའི་སྒང་ལ་ཡིན། ཞེས་བརྗོད་འདུག

སེང་གེ་རྟགས་ཅན་གྱི་གནམ་གྲུ་དེ་(Boeing 737 MAX 8)ཨང་རྟགས་ཅན་གྱི་ཐོན་དངོས་མ་དཔེ་ཡིན་པ་དང་། གནམ་གྲུའི་མ་དཔེ་དེ་ཕྱི་ལོ་ ༢༠༡༦ ལོ་ནས་སྤྱོད་མགོ་བརྩམས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་བརྒྱད་པར་སེང་གེ་གནམ་གྲུ་སྤྱི་གཉེར་ཁང་ལ་མཁོ་འདོན་བྱས་ཡོད་འདུག ཆེད་ལས་མི་སྣ་ཞིག་གིས་བྷི་བྷི་གསར་ཁང་ལ། མཱེག་སི་(MAX 8) མ་དཔེ་ཅན་གྱི་གནམ་གྲུ་དེར་ཐེངས་མང་ལ་བརྡབ་སྐྱོན་སོགས་ཀྱི་གནས་ཚུལ་མང་པོ་བྱུང་མྱོང་ཡོད་སྐོར་བརྗོད་འདུག

ཧིན་རྡུ་ཉི་ཤི་ཡར་ནམ་རྒྱུན་གནམ་གྲུའི་བརྡབ་སྐྱོན་སོགས་མང་པོ་བྱུང་བཞིན་ཡོད་པ་དང་། ཕྱི་ལོ ༢༠༠༤ ལོར་སེང་གེ་རྟགས་ཅན་གྱི་གནམ་གྲུ་ ༥༣༨ དེ་སོ་ལོ་གྲོང་ཁྱེར་དུ་བརྡབ་སྐྱོན་ཤོར་ཏེ་མི་གྲངས་ ༢༥ རྐྱེན་ལམ་ཏུ་བཏང་ཡོད་པ་དང་། ཡང་ཕྱི་ལོ་ ༢༠༡༣ ལོར་འགྲུལ་བཞུད་པ་ ༡༠༨ ཡོད་པའི་སེང་གེ་རྟགས་ཅན་གྱི་གནམ་གྲུ་ ༩༠༤ དེ་མཚོ་ནང་ལྷུང་སྟེ་བརྡབ་སྐྱོན་བྱུང་ཡོད་ན་ཡང་། སྐབས་དེའི་དོན་རྐྱེན་ཁྲོད་འགྲུལ་བར་ཤི་སྐྱོན་གང་ཡང་བྱུང་མི་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༩ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese