མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

 རེབ་གོང་ནས་ནག་ཚོཊ་ཤིག་རྩད་ཆོད་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༨/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་ནས་རེབ་གོང་ཧོར་རྒྱ་སྡེ་བའི་ས་ཞིང་བསྡུ་རུབ་བྱེད་པར་མོས་མཐུན་མི་བྱེད་མཁན་གྱི་ནག་ཚོགས་ཤིག་རྩད་ཆོད་དེ་ངན་ཇུས་པ་ཚོགས་མི་ ༩ འཛིན་བཟུང་བྱས་ཡོད་སྐོར་བསྒྲགས་འདུག

ཟླ་འདིའི་ཕྱི་ཚེས་ ༢༩ ཉིན། རྨ་ལྷོ་བོད་ཡིག་ཚགས་པར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་རྒྱ་ནག་གཞུང་གིས་བོད་རེབ་གོང་རྫོང་གྲོང་ཁྱེར་ཅན་དུ་བསྒྱུར་བའི་ལས་གཞི་སྤེལ་སྐབས། རེབ་གོང་རོང་བོ་གྲོང་རྡལ་གྱི་ཧོར་རྒྱ་སྡེ་བའི་ཚོགས་མི་གཙོ་བོ་  ༢༤ གྲུབ་པའི་བོད་མིའི་ཚོགས་པ་ཞིག་གིས། སྲིད་གཞུང་ནས་སྡེ་བའི་ས་ཞིང་བསྡུ་རུབ་བྱས་པར་མོས་མཐུན་མ་བྱས་པར་ས་ཞིང་བསྡུ་རུབ་བྱ་བར་བཀག་འགོག་བཟོས་པ་དང་། ལས་གཞི་གསར་སྤེལ་ལ་འགོར་འགྱངས་བཟོས་པ་སོགས་སྲིད་གཞུང་གི་བྱ་བར་འགོག་རྐྱེན་ཐེབས་ཡོད་སྐོར་བརྗོད་དེ།  འདི་ལོའི་ཕྱི་ཟླ་ ༨ པའི་ནང་ཚོགས་པ་དེའི་ཚོགས་མི་གཙོ་བོ་ ༩ འཛིན་བཟུང་བྱས་ནས་ཁུལ་དང་རྫོང་རིམ་པའི་ཉེན་རྟོག་ལས་ཁུངས་དང་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གཉིས་ཀྱིས་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། ནག་ཚོགས་ངན་སེལ་གྱི་བླང་བྱ་ཟེར་བ་གཞིར་བཟུང་ཁོང་ཚོར་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་འདུག

སྲིད་གཞུང་གིས་བསྒྲགས་པའི་གནས་ཚུལ་ནང་། ཚོགས་པ་དེས་སྡེ་བའི་སྲིད་གཞུང་གི་མགོ་འཁྲིད་ཚོས་གཏན་འབེབ་བྱས་པའི་ལམ་ལུགས་ལ་གནོད་བསྐྱལ་བ་དང་། འཇིགས་སྐུལ་སོགས་ཀྱི་རྣམ་པས་གཞུང་གི་ས་ཆ་ཕྱིར་ལེན་རྒྱུ་ཡིན་སྐོར་བརྗོད་ནས་སྡེ་བའི་ལྷན་ཁང་གི་གྲོན་དངུལ་བསྡོམས་པའི་སྒོར་ཁྲི་ ༡༡༦.༥ བླངས་བ་དང་། སྒོར་ཁྲི་ ༡༠༠ ཁོ་ཚོའི་ཁྲོད་ཀྱི་མི་སྣ་གཙོ་བོ་ཞིག་གི་མིང་ཐོག་ལ་བཞག་ཡོད་པ་དང་། རྗེས་སུ་རིམ་པས་གཞི་རིམ་གྱི་སྲིད་དབང་ལ་ཚོད་འཛིན་བྱེད་པ་དང་། སྡེ་དོན་དང་སྲིད་དོན་ལ་ཐེ་གཏོགས་བྱེད་པའི་ཚབས་ཆེའི་ངན་ཕྱོགས་རྩ་འཛུགས་སུ་གྱུར་ཡོད་སྐོར་དང་། ཡང་ཚོགས་པ་དེའི་མགོ་འཁྲིད་ཁ་ཤས་ཀྱིས་སྡེ་བའི་མགོ་བ་ཚོར་གནོན་ཤུགས་སྤྲོད་ཆེད། སྡེ་བས་ལོ་རེ་བཞིན་སྤེལ་བཞིན་པའི་སྨྱུང་གནས་དང་ཀླུ་རོལ་སོགས་ཆོས་ལུགས་དང་དམངས་སྲོལ་གྱི་བྱེད་སྒོ་སྣ་ཚོགས་མཚམས་འཇོག་ཏུ་བཅུག་པས་སྡེ་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་གཏོར་བརླག་ཚབས་ཆེན་བཟོས་ཡོད་སྐོར་བརྗོད་འདུག

ཡང་གནས་ཚུལ་དེའི་ནང་། ནོར་དོན་ལ་ཚོད་འཛིན་བྱེད་ཆེད། སྡེ་བའི་ཨུ་ལྷན་གྱིས་བསྐོ་བཞག་བྱས་པའི་ནོར་དོན་བྱ་སྒྲུབ་མི་སྣ་ ༥ བཙན་ཤེད་ཀྱིས་ཕྱིར་འཕུད་བཏང་སྟེ་ནོར་དོན་གྱི་འགན་ཚོགས་པ་དེའི་གྲས་ཀྱི་མི་ ༦ ལ་འཁུར་དུ་བཅུག་པ་དང་། སྒེར་གཅོད་ངང་སྡེ་བའི་ནང་གི་བོགས་གཏོང་གན་རྒྱ་ལ་བཟོ་བཅོས་དང་རྩིས་མེད་དུ་གཏོང་བ་བཅས་བྱས་ཏེ། ས་ཞིང་གླ་མཁན་གྱི་བདག་པོའི་ལག་ནས་བཙན་ཤེད་ཀྱིས་ས་རིན་བླངས་པ་དང་། སྡེ་བའི་ཨུ་ལྷན་གྱི་མོས་མཐུན་མ་བརྒྱུད་པར། ས་རིན་དུ་བླངས་པའི་སྡེ་བ་ཐུན་མོང་ལ་དབང་བའི་སྒོར་ཁྲི་ ༤ ཅན་དང་སྒོར་ཁྲི་ ༨ ཅན་རེ་རེ་བཞིན་མི་སྒེར་གྱི་དངུལ་བྱང་དུ་བླུགས་ཡོད་སོགས་བརྗོད་འདུག

སྤྱིར་བཏང་རེབ་གོང་རྫོང་རོང་བོ་གྲོང་རྡལ་ཧོར་རྒྱ་སྡེ་བའི་ཚོགས་པ་དེ་ནི་ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༡ ཉིན་བཙུགས་ཤིང་། མི་ ༦ གིས་འགན་ཁུར་བཞིན་ཡོད་པ་དང་། ཁོ་ཚོའི་དམིགས་ཡུལ་ནི་སྡེ་བ་དེའི་མི་ཁག་ཅིག་གིས་སོ་ཕག་བཟོ་གྲྭ་འཛུགས་པར་གླ་གཏོང་བྱས་པའི་སྡེ་བ་གཞུང་གི་ས་ཆ་ཕྱིར་ལེན་རྒྱུ་དེ་ཡིན་ན་ཡང་། རྒྱ་གཞུང་གིས་ཁོ་ཚོས་གཞི་རིམ་གྱི་སྲིད་དབང་ལ་ཚོད་འཛིན་དང་སྲིད་དོན་ལ་ཐེ་གཏོགས་བྱས་པ། བཙན་སྐུལ་གྱིས་ཚོང་བརྗེ་བྱེད་དུ་བཅུག་པའི་ནག་ཉེས་དང་། ཧམ་འཕྲོག་གཡོ་ལེན་གྱི་ནག་ཉེས། མི་མང་དཔུང་སྡེབ་ཀྱིས་སྤྱི་ཚོགས་སྒྲིག་ལམ་གཏོར་བརླག་བྱེད་པའི་ནག་ཉེས་བཅས་བཙུགས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

མཆན། 1

  1. ཇ་མ་ says:
    ལོ་ 4 སྔོན།

    དེང་སང་དགྱ་ནག་ནང་ནགས་ཚོགས་དང་ཉེན་རྟོག་དཔུང་སྡེ་གཉིས་ལག་འབྲེལ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist