མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྨ་འབྲི་རྫ་གསུམ་ནང་ཉ་རིགས་ཚེ་ཐར་གཏོང་མི་ཆོག་ཟེར།

བོད་ཀྱི་དུས་བབ།
༢༠༡༩/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ཟེར་བའི་ལས་གཞིའི་འོག་ཟླ་འདིའི་ནང་ནས་བཟུང་ཡུལ་ཤུལ་ཁུལ་གྱི་རྨ་འབྲི་རྫ་གསུམ་གྱི་ཆུ་གཞུང་དང་། ཡན་ལག་གི་ཆུ། མཚེའུ་དང་ཆུ་མཛོད་སོགས་ཀྱི་ནང་ཉ་ཚེ་ཐར་གཏོང་མི་ཆོག་པ་བཟོས་འདུགདེ་རིང་རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་བརྡ་ཁྱབ་ཅིག་སྤེལ་ཏེ། རྨ་འབྲི་རྫ་གསུམ་གྱི་ཆུ་བོའི་རིགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྤྱི་དང་། དམིགས་བསལ་སྣ་མང་རང་བཞིན་ལྡན་པའི་ཆུ་སྐྱེས་སྲོག་ཆགས་དང་ཉ་རིགས་ཁྱད་པར་ཅན་གྱི་འཚོ་སྡོད་སྲུང་སྐྱོང་ཆེད། ཡུལ་ཤུལ་ཁུལ་གྱི་རྒྱལ་ཁབ་ཉ་ཁྲིམས་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཁྲིམས། དེ་བཞིན། ཆུ་སྐྱེས་སྲོག་ཆགས་སྐྱེ་འཕེལ་དང་གཞན་གཏོང་གི་ཁྲིམས་ཟེར་བ་གསུམ་གྱི་ཐོག་ནས། ཉ་རིགས་གཞན་རྨ་འབྲི་རྫ་གསུམ་གྱི་ཆུ་ཁོངས་སྤྱིའི་ནང་ཚེ་ཐར་གཏང་མི་ཆོག། ཅེས་བཀའ་ཁྱབ་བཏང་ཡོད་པ་དང་། ཉ་རིགས་གཞན་ཞེས་པ་ནི་ས་ཆ་གཞན་ནས་ཁྱེར་ཡོང་བའི་ཉ་རིགས་ལ་ཟེར་གྱི་འདུག

ཉེ་སྔོན་ཞི་ཅིན་ཕིན་གྱིས་འབྲི་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་པོ་ཡིན་ལ། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཡང་ཡིན། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་བཀོད་ཇུས་གལ་ཆེན་ཡིན་པ་དང་། རྒྱལ་ཁབ་འཕེལ་རྒྱས་གཏོང་བ་དང་འབྲེལ་བ་ཡོད་པའི་ཁྱོན་ཡོངས་འཐབ་ཇུས་གལ་ཆེན་ཞིག་ཡིན། ཞེས་བསྒྲགས་འདུག

ཡང་རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། འབྲི་ཆུ་སྲུང་སྐྱོབ་ཟེར་བའི་ལས་གཞིའི་འོག་འབྲི་ཆུའི་རྒྱུད་ཀྱི་འབྲོག་པ་དུད་ཁྱིམ་ ༡༢༨ ལྷག་ན་གོར་མོ་གྲོང་ཁུལ་ལྷོ་ནུབ་ཉེ་འདབས་ཤིག་ཏུ་གནས་སྤོ་རུ་བཅུག་ཡོད་འདུག

གནས་ཚུལ་དེའི་ནང་། དུད་ཁྱིམ་དེ་ཚོས་འབྲོག་པའི་འཚོ་བ་ལོངས་སུ་སྤྱོད་མཚམས་འཇོག་དགོས་བྱུང་བ་དང་།  ཁོང་ཚོ་རྩྭ་ཐང་བེད་སྤྱོད་མཁན་ནས་སྐྱེ་ཁམས་སྲུང་སྐྱོབ་མཁན་ལ་གྱུར་བ་དང་། རྩྭ་ཐང་གི་བདག་སྐྱོང་བའི་ལས་ཀ་བསྒྲུབས་པ་དང་། གྲོང་ཁྱེར་དུ་ལས་ཀ་བྱས་པ་དང་བྱ་གཞག་གཏོད་པར་ཡོང་འབབ་བརྟན་པོ་བྱུང་ཡོད་སྐོར་བསྒྲགས་འདུག་པ་མ་ཟད། དེ་ནི་གྲོང་ཁྱེར་ནང་གནས་སྤོར་དང་གྲོང་ཁྱེར་གྱི་ཕྱོགས་བསྡུས་བཅོས་སྐྱོང་ཞེས་པའི་སྲིད་ཇུས་ཐད་གོམ་ཆུང་ཞིག་སྤོས་པ་དང་འདྲ་མོད། འབྲི་ཆུའི་སྐྱེ་ཁམས་སྲུང་སྐྱོང་ངོས་ནས་བཤད་ན་གོམ་ཆེན་ཞིག་སྤོས་ཡོད་ལུགས་བརྗོད་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་ཆུ་བོ་སྲུང་སྐྱོབ་ལ་ཁ་གཡར ཏེ་སྲིད་ཇུས་འདྲ་མིན་ལག་བསྟར་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་ནང་ལོགས་ཀྱི་ཆུའི་དཀའ་ངལ་སེལ་ཐབས་དང་། འཛུགས་སྐྲུན་སྣ་མང་ཆེད་བོད་ཀྱི་ཆུ་བོ་ཁག་གི་ཆུ་ཁ་བསྒྱུར་ཐབས་དང་། ལྷོ་ཆུ་བྱང་འདྲེན་ཟེར་བ་སོགས་ཀྱི་ཐབས་ཇུས་ལག་བསྟར་བྱས་ཏེ་ལོ་བཅུ་ཕྲག་འགྲོ་ཡི་ཡོད་པ་རེད།

 

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༢༣ སྔོན་ལ།
Front Slider

Public Reactions to the Election Results | Real Opinions & Views

ཆུ་ཚོད་ ༢༣ སྔོན་ལ།
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༥/༡༩
Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

༢༠༢༦/༠༥/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese