མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་དོ་མི་མཉམ་པའི་མི་འབོར་གྱི་དཀའ་ངལ།

བོད་ཀྱི་དུས་བབ།
༢༠༡༩/༠༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་འདས་པའི་ལོ་ཤས་སྔོན་ནས་འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་ལ་འགྱུར་བ་བཏང་ཡོད་ཀྱང་སྔར་བཞིན་ཕྱི་ལོ་ ༢༠༥༠ བར་མི་འབོར་དོ་མི་མཉམ་པའི་དཀའ་ངལ་ནང་ལྷུང་རྒྱུ་ཡིན་འདུགདེ་རིང་སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་མི་འབོར་ལེགས་སྒྲིག་གི་ཐད་རྒན་གཞོན་དང་ཕོ་མོ་དོ་མི་མཉམ་པའི་གནད་དོན་སེལ་ཆེད། ཕྱི་ལོ་ ༢༠༡༥ ལོར་བུ་ཕྲུག་གཅིག་ལས་སྐྱེ་མི་ཆོག་པའི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་དེར་འགྱུར་བ་བཏང་སྟེ། རྒྱལ་ཡོངས་ནང་ཆ་སྙོམས་བུད་མེད་རེར་ཕྲུ་གུ་༢།༡ སྐྱེ་ཐུབ་པའི་ཚོད་དཔག་བྱས་ཡོད་ཀྱང་། ཕྱི་ལོ་ ༢༠༡༧ ལོའི་ཞིབ་འཇུག་གྲུབ་དོན་ལྟར་ན། རྒྱལ་ཡོངས་ནང་ཆ་སྙོམས་བུད་མེད་རེར་ཕྲུ་གུ་ ༡།༦ ལས་སྐྱེས་མེད་པས། སྲིད་བྱུས་གསར་པ་དེས་ནུས་པ་ཆེན་པོ་ཐོན་གྱི་མེད་པ་མ་ཟད། དུས་རབས་འདིའི་ཕྱེད་ཙམ་བར་དུ་རྒྱ་ནག་ནང་ཕྲུ་གུ་གསར་སྐྱེས་ཀྱི་གྲངས་འབོར་དང་རྒན་རྒོན་གྱི་གྲངས་འབོར་བར་ཧེ་བག་ཆེན་པོ་ཤོར་ཏེ། མཐར་མི་རབས་རྒན་པའི་གྲངས་འབོར་དེ་མི་རབས་གཞོན་པ་ལས་ལྡབ་འགྱུར་གྱིས་མང་དུ་འགྲོ་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག

རྒྱ་ནག་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གིས། ཕྲུ་གུ་གསར་སྐྱེས་ཀྱི་ཚད་གཞི་མར་ཆག་པའི་རྐྱེན་གྱིས་ཕྱི་ལོ་ ༢༠༦༥ བར་རྒྱ་ནག་གི་སྤྱི་ཡོངས་མི་འབོར་དེ་ཐེར་འབུམ་ ༡,༡༧༢ ལ་མར་ཆག་སྲིད་པ་དང་། སྤྱིར་བཏང་ལས་གཉེར་བའི་མི་འབོར་ལ་ཕར་ཆག་དེ་ཙམ་མེད་ཀྱང་། རྒན་བྱིས་སོགས་གཞན་རྟེན་གྱི་མི་འབོར་ལ་ཕར་ཆག་ཤུགས་ཆེན་པོ་ཡོང་གི་ཡོད་པ་རེད། གལ་ཏེ་དུས་ཡུན་རིང་པོའི་ནང་། རྒྱལ་ཁབ་ཀྱི་སྤྱི་ཡོངས་མི་འབོར་གྲངས་ཚད་ཇེ་ཉུང་དུ་འགྲོ་བའི་སྐབས་སུ་རྒན་རྒོན་གྱི་གྲངས་ཚད་དེ་ཡར་འཕར་སོང་ན། རྒྱལ་ཁབ་དེའི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་འཐོན་སྲིད་སྐོར་དང་། རྒྱ་ནག་གཞུང་གིས་སྤྱི་ཡོངས་མི་འབོར་གྱི་གྲངས་ཚད་ཇེ་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་ལ་གཞིགས་ཏེ་གྲ་སྒྲིག་དང་སྲིད་བྱུས་གཏན་འབེབ་ཀྱི་མགོ་བརྩམ་དགོས་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༥ ལོར་འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་ལ་འགྱུར་བ་གཏོང་སྐབས། ཕྲུ་གུ་བཙའ་རྒྱུ་དེ་ཁྱིམ་ཚང་གི་དོན་དག་དང་རྒྱལ་ཁབ་ཀྱི་གནད་དོན་ཡིན་ཞེས་བསྒྲགས་ཏེ། ཕྲུ་གུ་མང་ཙམ་བཙའ་དགོས་པའི་འབོད་སྐུལ་བྱས་ཡོད་ཀྱང་ རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་བྱུས་དེས་ཀྱང་རྒྱ་ནག་གི་ད་ལྟའི་གནས་སྟངས་ལ་ནུས་པ་འཐོན་ཐབས་མེད་སྟབས། འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་རྩ་བ་ནས་མེད་པར་བཟོས་ཏེ་མི་མང་ལ་རང་དབང་ཆ་ཚང་སྤྲོད་དགོས་པའི་བསམ་ཚུལ་འདོན་གྱི་ཡོད་པ་རེད། ད་ལྟའི་རྒྱ་ནག་གི་མི་འབོར་གནས་སྟངས་དེ་སྤྱི་ཡོངས་མི་འབོར་གྱི་གྲངས་ཚད་མཐོན་པོ་ཡིན་ཡང་། རྒན་གཞོན་དང་ཕོ་མོའི་གྲངས་ཚད་དོ་མི་མཉམ་པའི་དཀའ་ངལ་ནང་ལྷུང་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་མི་འབོར་འཕེལ་རྒྱས་ལ་ཚོད་འཛིན་བྱེད་དགོས་པ་མ་ཟད། ཕྱོགས་གཞན་ནས་ཕྲུ་གུ་སྐྱེ་ཚད་མཐོ་རུ་བཏང་སྟེ། རྒན་གཞོན་དང་ཕོ་མོའི་གྲངས་ཚད་ཀྱི་ཧེ་བག་ཆེན་མོ་དེ་མེད་པར་བཟོས་དགོས་ཀྱི་ཡོད་སྟབས།  དབྱེ་ཞིབ་པ་མང་པོས་རྒྱ་ནག་གིས་སྔ་ཕྱི་མ་གཏོགས་འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་དེ་རིམ་པས་མེད་པར་མ་བཟོས་ཐབས་མེད་ཀྱིས་རྩ་མེད་བཟོ་སྲིད་པ་མ་ཟད། བུད་མེད་རྣམས་ཀྱིས་ངེས་པར་དུ་ཕྲུ་གུ་སྐྱེ་དགོས་པའི་སྲིད་བྱུས་གསར་པ་ཞིག་ཀྱང་གཏན་འབེབ་བྱེད་སྲིད་པའི་ཚོད་དཔག་བྱས་ཡོད་འདུག

འཛམ་གླིང་དངུལ་ཁང་(World Bank) གི་བརྙན་ཐོ་ལྟར་ན། ཕྱི་ལོ་ ༢༠༡༧ ལོའི་རྒྱ་ནག་གི་མི་འབོར་དེ་ཐེར་འབུམ་ ༡,༣༨༦ ཡིན་པ་དང་། ཕྱི་ལོ་ ༢༠༢༤ བར་རྒྱ་གར་གྱི་མི་འབོར་དེ་རྒྱ་ནག་ལས་མཐོ་རུ་ཕྱིན་ཏེ་འཛམ་གླིང་གི་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཏུ་འགྱུར་སྲིད་པ་དང་། དེ་བཞིན་ད་ལྟའི་ཆར་འཛམ་གླིང་གི་སྤྱི་ཡོངས་མི་འབོར་དེ་ཕྱི་ལོ་ ༢༠༡༧ ལོར་ཐེར་འབུམ་ ༧།༦ ཡིན་ཡང་། ཕྱི་ལོ་ ༢༠༣༠ ལོར་ཐེར་འབུམ་ ༨།༦ དང་། ཕྱི་ལོ་ ༢༠༥༠ ལོར་ཐེར་འབུམ་ ༩།༨ དང་། དུས་རབས་འདིའི་མཇུག་དེར་ཐེར་འབུམ་ ༡༡།༢ ལ་འཕར་སྲིད་སྐོར་བརྗོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༨ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༩ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༣ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. སྲས་སྐུ་ངོ་། says:
    ལོ་ 7 སྔོན།

    ཉི་ཧོང་ལ་མི་འབོར་གྱི་དཀལ་ངལ་འཕྲད་བཞིན་པའི་སྒང་ཡིན་པས་དེང་སང་ཉི་ཧོང་གིས་ཆེད་ལས་དང་ཆེད་ལས་མིན་པའི་རྒྱལ་ཁབ་གཞན་ཀྱི་མི་སེར་ལ་གཏན་སྡོད་ཡིག་ཆ་དང་ལས་ཀ་སྤྲོད་ཀྱི་ཡོད།

    ཏག་ཇག་རྒྱ་ནག་ལ་མཚོན་ན། ༢༠༣༠་ཡས་མས་ནང་རྒྱ་ནག་གི་གཞོན་སྐྱེས་གཅིག་གིས་རྒན་འཁོག་བཞི་ནས་ལྔ་གསོ་དགོས་ཀྱི་ཡོད་སྟབས། རྒྱ་ནག་གི་ལོ་རེར་ཡོངས་སྒོ་དཔའ་འབྱོར་ཉམས་ཆགས་དང། ལྷག་དོན་སྤྱི་ཚོགས་ལ་དཀའ་ངལ་མང་པོ་འཕྲད་ཀྱི་རེད།

    དེང་སང་རྒྱ་ནག་ཇག་ཚོགས་ཀྱི་ཇག་དཔོན་གཏེ་བོ་ཞི་ཅིན་ཕིན་གྱི་དབང་ཆ་གཅིག་བསྡུད་ལམ་ལུགས་ཀྱང་ལམ་ལྷོང་རྒྱུགས་ཀྱི་མེད་པ་དང་ཇག་་ཚོགས་ནང་ཁུལ་གྱི་དབང་ཆ་འཐབ་རྩོད་རྣོ་ངར་ཅན་དུ་འགྲོ་ཡི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese