མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

པེ་ཅིན་གྱི་སློབ་ཕྲུག་ཚོར་ཐོ་བས་གཞུས།

བོད་ཀྱི་དུས་བབ།
༢༠༡༩/༠༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་པེ་ཅིན་གྱི་སྔོན་འགྲོའི་སློབ་གྲྭ་ཞིག་ཏུ་སྐྱེས་པ་ཞིག་གིས་སློབ་ཕྲུག་ཚོར་ཐོ་བས་གཞུས་ཏེ་བྱིས་པ་ ༢༠ ལ་རྨས་སྐྱོན་བཟོས་ཏེ་སྨན་བཅོས་བྱེད་བཞིན་འདུགདེ་རིང་སྔ་དྲོ་པེ་ཅིན་གྱི་ཆུ་ཚོད་ ༡༡ ཡོལ་ཙམ་ལ་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྲོང་ཁྱེར་ཞི་ཁྲིན་རྫོང་ཤན་ཝུའུ་ཞེས་པའི་སྔོན་འགྲོའི་སློབ་གྲྭ་ཨང་དང་པོའི་ནང་སྐྱེས་པ་ཞིག་གིས་གང་བྱུང་སློབ་ཕྲུག་ཚོར་ཐོ་བས་གཞུས་ཏེ། ཁྱོན་སློབ་ཕྲུག་ ༢༠ ལ་རྨས་སྐྱོན་བཟོས་ཡོད་པ་དང་། སློབ་ཕྲུག་ ༣ ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་ཀྱང་། སྨན་ཁང་ནས་སྲོག་སྐྱོན་མེད་སྐོར་བརྗོད་ཡོད་འདུག

པེ་ཅིན་ཞི་ཁྲིན་རྫོང་གི་ཉེན་རྟོག་པས་སྐྱེས་པ་དེ་འཛིན་བཟུང་བྱས་ཡོད་སྐོར་བརྗོད་འདུག་ཀྱང་། སྐྱེས་པ་དེའི་སྐོར་དང་སློབ་ཕྲུག་ཚོ་དམིགས་འབེན་དུ་འཛིན་དགོས་དོན་སོགས་ཕྱིར་བསྒྲགས་བྱས་མི་འདུག་ཀྱང་། རྫོང་གཞན་དང་མཉམ་འབྲེལ་གྱིས་གནད་དོན་དེར་རྟག་དཔྱད་མཐིལ་ཕྱིན་པ་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

ཤན་ཝུའུ་སྔོན་འགྲོའི་སློབ་གྲྭ་ཕྱི་ལོ་ ༡༩༠༨ ལོར་གསར་འཛུགས་བྱས་ཡོད་པ་དང་། ད་ལྟའི་ཆར་ཁྱོན་སློབ་ཕྲུག་ ༢༥༣༧ དང་ལས་བྱེད་ ༡༩༩ ཡོད་འདུག

ཟླ་གཉིས་ཙམ་སྔོན་ལ་ནག་ཁྲུང་ཆིན་ (Chongqing) གྲོང་ཁྱེར་གྱི་ཤིན་ཧྲི་ཇེ་སྔོན་འགྲོ་སློབ་གྲྭའི་ (Xinshiji Kindergarten) བྱིས་པ་ཚོ་རྩེད་ཐང་ནས་ཕྱིར་འཛིན་གྲྭར་ལོག་སྐབས། རང་ལོ་ ༣༩ ཡིན་པའི་རུས་མིང་ལ་ལེའོ་ (Liu) ཟེར་བའི་བུད་མེད་ཅིག་སློབ་གྲྭའི་ནང་འཛུལ་ཏེ། གང་བྱུང་གྲིས་བརྒྱབས་ཏེ་ཉུང་མཐར་བྱིས་པ་ ༡༤ ཙམ་ལ་རྨས་སྐྱོན་བཟོས་ཡོད་པ་དང་། དེན་རྐྱེན་དེའི་ཁྲོད་བྱིས་པ་གཉིས་ཀྱི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

འདས་པའི་ལོ་འགའི་རིང་རྒྱ་ནག་ནང་བྱིས་པར་གྲིས་བརྒྱབ་པའི་གནས་ཚུལ་ཡང་ཡང་བྱུང་ཡོད་འདུག་ལ། ཞིབ་འཇུག་བསྡོམས་རྩིས་ལྟར་ན། ཕྱི་ལོ་ ༢༠༡༠ ནས་ ༢༠༡༢ བར་རྒྱ་ནག་གི་སློབ་གྲྭ་ཁག་གི་ནང་གང་བྱུང་གྲིས་བརྒྱབས་ཏེ་ཉུང་མཐར་མི་ ༢༥ དམར་གསོད་བཏང་བ་དང་། མི་ ༡༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག ལག་དམར་མང་ཆེ་བས་གཞུང་ཞབས་པ་དང་གང་ཟག་སྒེར་ལ་ཤ་འཁོན་རྩོད་ཆེད་བྱིས་པར་གྲིས་བརྒྱབས་ཡོད་པ་དང་། དེ་བཞིན་སེམས་ཁམས་བདེ་ཐང་མིན་པ་སོགས་བརྗོད་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist