མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལོ་གསར་ལེགས་སྐྱེས།

བོད་ཀྱི་དུས་བབ།
༢༠༡༩/༠༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་།

 ལོ་ལྟར་ཡེ་ཤུའི་མ་ཤི་ཀའི་འཁྲུངས་སྐར་གཡས་གཡོན་དུ་བོད་པའི་སྤྱི་ཚོགས་དྲྭ་ངོས་རྣམས་སུ། ནུབ་ཕྱོགས་སྤྱི་ཚོགས་ནང་གནས་སྡོད་བོད་པའི་བྱིས་པ་རྣམས་ལ་ཡེ་ཤུའི་འཁྲུངས་སྐར་དུས་སྟོན་དང་འབྲེལ་བའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ན་མི་ལེགས་པའི་སྐོར་གྱི་གཏམ་བཤད་བྱེད་མཁན་དང་། རྩོམ་ཡིག་སྤེལ་མཁན། འབོད་སྐུལ་གཏོང་མཁན། ཐ་ན་ཁ་རྡུང་དང་གཤེ་གཤེ་གཏོང་མཁན་ལ་སོགས་པའི་ཐུགས་སྣང་ཅན་གྱི་བོད་པ་མང་བོ་ཞིག་ཡོད་པ་རེད། བྱིས་སྒྲུང་གླིང་གི་དྲྭ་ཚོམས་དུའང་ལོ་ལྟར་གནད་དོན་འདིའི་ཐད་ཚོགས་མི་མང་པོས་ཚོར་ཤུགས་ཆེན་པོས་གླེང་མོལ་གནང་གི་ཡོད།

ད་ལོ་ཡང་ཡེ་ཤུའི་འཁྲུངས་སྐར་དུས་སྟོན་སྐབས་སུ་ཚོགས་མི་མང་བོས་གནད་དོན་འདིའི་སྐོར་ལ་ཚོར་ཤུགས་ཆེན་པོས་གླེང་མོལ་གནང་ཞིང་། བདག་ཅག་གི་སྟོན་པའི་འཁྲུངས་སྐར་དང་ལོ་གསར། རྒྱལ་བའི་འཁྲུངས་སྐར་དང་བྱིས་པའི་དུས་ཆེན་སོགས་ཀྱི་སྐབས་སུ། དུས་ཆེན་གྱི་འདུ་ཤེས་དང་། བོད་སྐད་ཡིག་ནང་དཔེ་ཀློག་གི་འདུ་ཤེས་འཇགས་པའི་ཆེད་དུ་ཕ་མ་རྣམས་ཀྱིས་འགན་ཁུར་བླངས་ཏེ་རང་ཉིད་ཀྱི་བུ་ཕྲུག་ལ་ལོ་སར་ལེགས་སྐྱེས་སྤྲོད་དགོས་པ་དང་། ལེགས་སྐྱེས་དེ་ཡང་ངེས་པར་དུ་དཔེ་ཆ་སྤྲོད་དགོས་པའི་སྐོར་གྱི་དགོངས་ཚུལ་མང་བོ་གསུང་བ་མ་ཟད། ད་ལོའི་ལོ་གསར་ནས་འགོ་བརྩམས་དེ་ལོ་གསར་ཚེས་གཅིག་ལ་བུ་ཕྲུག་ལ་ལོ་གསར་ལེགས་སྐྱེས་སུ་བོད་ཡིག་གི་དཔེ་ཆ་སྤྲོད་རྒྱུ་ཡིན་ཞེས་བྱིས་དེབ་མངག་ཉོ་བྱེད་པའི་འགོ་བཙུགས་སོང་།

འདི་ནི་ཕ་མ་ཚོས་རང་ཉིད་ཀྱི་བྱིས་པའི་སེམས་ཁམས་གསོ་སྐྱོང་བྱེད་སྟངས་ཤིག་དང་བྱིས་པར་གཅེས་སྟངས་ཆེས་བླ་ན་མེད་པ་ཞིག་ལག་བསྟར་བྱེད་འགོ་བཙུགས་པ་མ་ཟད། ལག་ལེན་གྱི་སྟེང་ནས་རང་ཉིད་ཀྱི་ངོ་བོ་མཚོན་བྱེད་བོད་སྐད་ཡིག་ལ་མཐོང་ཆེན་དང་གཅེས་སྤྲས་བྱེད་སྟངས་ཤིག་དང་ཕ་མ་ཚང་མས་བསྒྲུབ་ཐུབ་པ་ཞིག་ཀྱང་རེད།

བྱིས་སྒྲུང་གླིང་གི་ཕ་མ་རྣམས་ཀྱི་བསམ་འདུན་ལ་གུས་བཀུར་དང་དགའ་བསུ་མཚོན་བྱེད་དུ་གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གིས་ཀྱང་ལོ་གསར་ལེགས་སྐྱེས་སུ་རྨི་ལམ་དང་མདུན་ལམ་འཚོལ་བ་ཞེས་པའི་སྒྲུང་དེབ་གཅིག་དང་ཀ་ཕྲེང་བྱིས་པའི་འཇུག་ངོགས་ཤེས་པའི་རི་མོ་ཅན་གྱི་དཔེ་དེབ་གཉིས། ཁྱོན་དེབ་གྲངས་ལྔ་བརྒྱ་རིན་མེད་དུ་འབུལ་རྒྱུ་ཐག་གཅོད་བྱས་ཤིང་། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་འཐིམ་ནས་བགྲང་བྱ་ ༣༠ འཁོར་བའི་རྗེས་དྲན་དང་འབྲེལ་རྔ་བའི་ཨ་ལགས་སུམ་གྱང་རིན་པོ་ཆེས་རྒྱབ་སྐྱོར་དང་ལྷན་དུ་དཔེ་དེབ་གྲངས་༢༥༠ ཁ་ན་ཌའི་གྲོང་ཁྱེར་ཌོ་རན་ཌོའི་གཟའ་ཉི་མའི་བོད་ཡིག་སློབ་གྲྭའི་སློབ་མ་རྣམས་ལ་རིན་མེད་དུ་ཕུལ་ཞིང་། ལྷག་བསམ་ཅན་མི་བུ་རེ་ཟུང་བརྒྱུད་དེ་དཔེ་དེབ་གྲངས་ ༡༥༠ ཨ་རིའི་ནིག་ཡོག་ཏུ་བསྐུར་ཡོད། གཞན་འཇར་མན་དང་བྷལ་ཇམ་ལའང་དཔེ་དེབ་གྲངས་༥༠ རེ་བསྐུར་རྒྱུ་གྲ་སྒྲིག་ཡོད།

བོད་སྐད་ཡིག་གི་འཚོ་གནས་དང་མི་རིགས་ཀྱི་ཕུག་འདུན་ལ་མིག་རྒྱང་རིང་པོར་བསྙེག་མཁན་བོད་ནང་གི་གཞོན་སྐྱེས་ཤེས་ཡོན་ཅན་རྣམས་ཀྱི་ཁྲོད་དུ་བོད་ཡིག་གི་དཔེ་ཆ་རིན་མེད་དུ་སྤྲོད་ལེན་བྱེད་པའི་ལུགས་སྲོལ་ལ་རྒོལ་མཁན་ཡང་མང་བོ་ཡོད། གཞོན་སྐྱེས་འདི་དག་གི་ཕུག་རྒྱང་རིང་བའི་ལྟ་གྲུབ་ལ་རྒྱབ་སྐྱོར་དང་གུས་བརྩི་མཚོན་བྱེད་དུ་ང་ཚོས་ཀྱང་སྦྲགས་གླ་ལེན་གྱི་ཡོད།

མཐའ་དོན་ང་ཚོ་བོད་པ་རྣམས་ནི་སྐད་ཡིག་དང་རིག་གཞུང་གཅིག་གི་བདག་པོ་ཡིན་ཞིང་། བོད་སྐད་དང་བོད་ཡིག་ནི་ང་ཚོ་ཐུན་མོང་གི་བླ་སྲོག་ཡིན། དེས་ན་བོད་པའི་ཕ་མ་ཚོས་རང་ཉིད་ཀྱི་བུ་ཕྲུག་དེ་བོད་པའི་རིག་གཞུང་གི་སེམས་ཁམས་ཡོད་པའི་བོད་ཕྲུག་རྣལ་མ་ཞིག་ཏུ་འགྱུར་བ་ལ་འགན་ཁུར་བླངས་ཏེ་གསོ་སྐྱོང་བྱེད་དགོས་པར་སེམས།།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

སྐར་མ ༡༠ སྔོན་ལ།
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

སྐར་མ ༣༥ སྔོན་ལ།
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཟླ་རྗེས་མ་ནས་༧གོང་ས་མཆོག་གིས་མཛད་འཕྲིན་གང་མང་ཞིག་བསྐྱང་འཆར་འདུག

ཆུ་ཚོད་ ༥ སྔོན་ལ།
ནེའུ་ཡོག་གྲོང་ཁྱེར་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ། པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་བ་ནས་བླངས།
Mobile App

རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༣/༠༩/༢༡
༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist