མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་རྒན་ཞིག་གིས་ལས་ཡུན་རིང་ནོར་འཁྲུལ་ཤོར་ན་མི་སྟོང་ཕྲག་མང་པོའི་མདུན་ལམ་ཆུད་ཟོས་སུ་འགྲོ་ཡི་ཡོད།

བོད་ཀྱི་དུས་བབ།
༢༠༡༩/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་ཐོག་བོད་པའི་སློབ་གྲྭ་ཁག་གི་སློབ་མའི་སྐད་ཡིག་ཡར་རྒྱས་ཡོང་ཐབས་སུ་སྐད་ཡིག་དགེ་རྒན་ལ་ཀློག་དེབ་འཁྲིད་ཐུབ་མཁན་གྱི་དགེ་རྒན་ཞིག་ཡོད་པ་ཙམ་གྱིས་མི་འགྲིག་པར་སྐད་དང་ཡི་གེ་སློབ་ཐུབ་མཁན་ཞིག་དགོས་ཀྱི་ཡོད་པའི་གྲོས་ཆོད་བཞགདེ་རིང་ཚོགས་ཆེན་གྱི་ཉིན་མཐའ་མའི་སྔ་དྲོར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཕེབས་ཏེ། དགེ་རྒན་གྱི་ལས་གནས་ནི་ལས་ཚན་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་སྐོར་གྱི་བཀའ་སློབ་གསུང་བཤད་གནང་སྐབས། འདས་པའི་ལོ་ངོ་ ༦༠ རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གནའ་དེང་གི་སློབ་གསོ་དང་། རང་གི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པའི་དགོངས་པ་དང་ལམ་སྟོན་དག་ནི་བླ་ན་མེད་པ་ཞིག་ཡིན་ལ། སྤྱི་ཡོངས་ནས་བོད་ཀྱི་ཤེས་ཡོན་གྱི་ལོ་རྒྱུས་ཐད་ནས་བཤད་ན། སྔ་མོ་བོད་ཀྱི་མི་སེར་དཀྱུས་མའི་ནང་ཡིག་རྨོངས་མང་པོ་ཡོད་ཀྱང་། རྒྱལ་ཁབ་གཅིག་གིས་ཀྱང་བོད་ལྟར་མཁས་པ་མང་པོ་བཏོན་མེད་ལ། བོད་ལྟར་རྩོམ་རིག་དང་སྒྲ་བསྒྱུར་གྱི་ལས་གཞི་དེ་འདྲ་སྤེལ་མྱོང་མེད་སྐོར་སོགས་གསུངས་སོང་།

ཡང་ཁོང་གིས། བོད་ནང་ལ་མཚོན་ན། རྒྱ་ནག་གཞུང་གིས་མངོལ་གསལ་མེད་པའི་སྒོ་ནས་བོད་ཀྱི་ཆོས་དད་དང་། རིག་གཞུང་སྐད་ཡིག་བཅས་རྩ་མེད་གཏོང་རྒྱུའི་འཆར་གཞི་འཐེན་གྱི་ཡོད་པ་དང་། དེར་བཙན་འོག་ཏུ་ཡོད་པའི་བོད་མི་ཚོས་ཁ་གཏད་གཅོག་ཐབས་མེད་ཀྱང་། རང་དབང་གི་ལུང་པའི་ནང་ཡོད་པའི་བོད་པའི་སྤྱི་ཚོགས་ཀྱིས་ཁ་གཏད་གཅོག་དགོས་ཀྱི་ཡོད་པ་དང། འདས་པའི་ལོ་ངོ་ ༦༠ རིང་བཙན་བྱོལ་བོད་མིས་ཞབས་འདྲེན་ཞུས་མེད་སྐོར་དང་། འདས་པའི་ལོ་ངོ་ ༦༠ རིང་བཙན་བྱོལ་བོད་མི་རྣམས་རྒྱ་བལ་འབྲུག་གསུམ་ནང་མཉམ་འདུས་ཀྱི་ཐོག་ནས་གནས་པར་བརྟེན། བཙན་བྱོལ་གྱི་སྤྱི་ཚོགས་དང་སློབ་གྲྭ་དག་གནས་ཐུབ་པ་བྱུང་ཡོད། ཡིན་ན་ཡང་སྤྱི་ཚོགས་མཉམ་འདུས་ཀྱི་གནས་སྟངས་དང་ཁ་འཐོར་གྱི་གནས་སྟངས་གཉིས་འདྲ་ཡི་མེད་པར་བརྟེན། ང་ཚོས་འབྱུང་འགྱུར་གྱི་གནས་བབ་ལ་གྲ་སྒྲིག་བྱེད་གལ་ཆེན་ཡིན་པ་དང་། ཆབ་སྲིད་དང་འཛུགས་བསྐྲུན་སོགས་ནང་ནོར་འཁྲུལ་ཕྱིན་ཚེ། དེས་གནས་སྐབས་ཙམ་ལ་མ་གཏོགས་གྱོང་གུད་ཆེན་པོ་ཐེབས་ཀྱི་མེད་ཀྱང་། ཤེས་ཡོན་གྱི་ཐོག་ལ་ནོར་འཁྲུལ་ཤོར་ཚེ། སློབ་མ་གཅིག་གི་མི་ཚེ་ཧྲིལ་པོ་འཕྲོ་བརླག་འགྲོ་གི་ཡོད་པ་དང་། འཛིན་ཁང་གཅིག་ལ་མཚོན་ན། སློབ་མ་ ༤༠ ཙམ་གྱི་མི་ཚེ་ཆུད་ཟོས་སུ་འགྲོ་ཡི་ཡོད་པར་བརྟེན། དེ་ནི་ཧ་ཅང་གིས་ཉེན་ཚབས་ཅན་ཞིག་ཡིན་པ་དང། དགེ་རྒན་ཞིག་གིས་ལས་ཡུན་རིང་གལ་ཏེ་ནོར་འཁྲུལ་ཤོར་ཚེ། མི་སྟོང་ཕྲག་མང་པོའི་མི་ཚེའི་མདུན་ལམ་ཆུད་ཟོས་སུ་འགྲོ་ཡི་ཡོད་སྐོར་གསུངས་སོང་།

དེའི་རྗེས་དྲི་བ་དྲིས་ལན་གྱི་སྐབས་ཚོགས་བཅར་བ་ཞིག་གིས། བཙན་བྱོལ་བོད་མིའི་སློབ་གྲྭའི་དགེ་རྒན་རྣམས་ལ་ཕྱིའི་མཐུན་རྐྱེན་སྦྱོར་སྟངས་ཐད་ལ་དགོངས་ཚུལ་གང་ཡོད་བཀའ་འདྲི་ཞུས་པར་རིན་པོ་ཆེ་མཆོག་གིས། སྤྱིར་དགེ་རྒན་གྱི་ལས་གནས་ཟེར་བ་དེ་དགེ་རྒན་གང་ཟག་གི་ཆ་ནས་གཞན་དང་ཁྱད་པར་དུ་འཕགས་པ་དང་། ལས་ཚན་གྱི་ངོས་ནས་ལས་ཚན་གཞན་དང་ཁྱད་པར་དུ་འཕགས་པ་ཞིག་ཡིན་དགོས་པ་དང། ལས་གནས་དེའི་གླ་ཕོགས་དང་མཐུན་རྐྱེན་སོགས་ཀྱི་ཐད་ནས་ལས་ཚན་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་དགོས། རྒྱ་གར་ལ་མཚོན་ན། འཛིན་སྐྱོང་གི་གནས་འཁུར་བ་ཚོའི་བསམ་བློའི་ནང་ལས་ཚན་ཀུན་གྱི་ནང་ནས་འཛིན་སྐྱོང་དེ་ཆེས་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད་པར་བརྟེན། རྒྱ་གར་གཞུང་གི་དྲུང་ཆེ་ཞིག་གི་གླ་ཕོགས་དེ་གཙུག་ལག་སློབ་གྲྭ་ཞིག་གི་ཉེ་བའི་རིག་བདག་ཅིག་གི་གླ་ཕོགས་ལས་སྒོར་ ༣༠༠ ཡིས་མཐོ་བ་ཡོད། དེ་ལྟར་བྱེད་དགོས་དོན་ཡང་ཁྱད་པར་མཚོན་པའི་ཆེད་དུ་ཡིན་སྐོར་དང་། སྤྱི་ཚོགས་ཀྱི་མཚན་མཐོང་དང་མཐུན་རྐྱེན་ལ་དམིགས་ནས་དགེ་རྒན་བྱེད་པ་དེ་བརྩེ་བའི་བདག་ཉིད་ཅིག་མིན་པར་བརྟེན། འདི་ལྟ་བུའི་ལྟ་ཚུལ་འཛིན་མཁན་དེ་དགེ་རྒན་ཚད་ལྡན་ཞིག་མིན་ཡང་། འཛིན་སྐྱོང་ངོས་ནས་དགེ་རྒན་གྱི་མཐུན་རྐྱེན་དང་གླ་ཕོགས་སོགས་ལ་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

ཕྱི་དྲོར་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་ཚོགས་འདུ་མཇུག་བསྡོམས་ཀྱི་གསུང་བཤད་གནང་སྐབས། ཐེངས་འདིའི་ཚོགས་ཆེན་སྟེང་གྲོས་ཆོད་དོན་ཚན་བཞི་གཏན་འབེབ་བྱུང་ཡོད་སྐོར་གསུངས་དོན། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་སློབ་ཕྲུག་དེ་ཙམ་མེད་པས་སློབ་གྲྭ་ཕན་ཚུན་ཟླ་སྒྲིལ་གཏོང་གལ་ཆེ་ནའང་། གཞིས་ཆགས་སྲ་བརྟན་དང་འབྲེལ་ནས་མ་མཐའ་ཡང་དམའ་རིམ་ཙམ་གྱི་སློབ་གྲྭ་ཞིག་ས་གནས་སུ་བཙུགས་ཏེ་ཕྲུ་གུ་ཕ་མ་དང་ཐག་ཉེ་སར་འཇོག་གལ་གཟིགས་ཀྱི་ཡོད་ཀྱང་།  གཞིས་ཆགས་གཅིག་ནང་སློབ་ཕྲུག་ལྔ་དྲུག་ཙམ་ལས་མེད་ཚེ་སློབ་ཕྲུག་རེ་འགའི་ཆེད་དུ་སློབ་གྲྭ་ཞིག་འཛིན་སྐྱོང་བྱེད་ཐུབ་ཀྱི་མེད་སྐོར་དང་། ཤེས་ཡོན་སྲིད་བྱུས་ལག་བསྟར་ཚད་ལྡན་ཡོང་བར་སློབ་ཕྲུག་དང་འབྲེལ་བ་ཡོད་པའི་དགེ་རྒན་དང་ལས་བྱེད། ཕ་མ་སོགས་ལ་སྲིད་བྱུས་དེར་གོ་རྟོགས་ཡོད་དགོས་པ་དང་། གོ་རྟོགས་ཡོད་པའི་སྒང་ནས་སློབ་འཁྲིད་དང་འཛིན་སྐྱོང་བྱ་ཐུབ་ཚེ་སློབ་མ་དེ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་སྐྱེད་སྲིང་བྱ་ཐུབ་ཀྱི་ཡོད་པ་དང་། ལྷག་པར་དུ་དགེ་རྒན་གསར་འཇུག་སྐབས་ཐོག་མར་དགེ་རྒན་དེར་ཤེས་ཡོན་སྲིད་བྱུས་ངོ་སྤྲོད་བྱེད་དགོས་གལ་ཆེ་བ་དང་། དེ་བཞིན་སློབ་མའི་སྐད་ཡིག་ཡར་རྒྱས་ཡོང་ཐབས་སུ་སྐད་ཡིག་དགེ་རྒན་ལ་ཀློག་དེབ་འཁྲིད་ཐུབ་མཁན་གྱི་དགེ་རྒན་ཞིག་ཡོད་པ་ཙམ་གྱིས་མི་འགྲིག་པར་སྐད་དང་ཡི་གེ་སློབ་ཐུབ་མཁན་ཞིག་དགོས་ཀྱི་ཡོད་སྐོར་གསུངས་སོང་།ཡང་ཁོང་མོས། སློབ་གྲྭའི་འཛིན་སྐྱོང་ནི་སློབ་མ་གསོ་སྐྱོང་བྱེད་མཁན་གྱི་མི་སྣ་རླབས་ཆེན་དེ་དགེ་རྒན་ལ་སྐྱོར་རྒྱག་མཁན་ཡིན་པ་དང་། འཛིན་སྐྱོང་ངོས་ནས་ཉིན་རེའི་སློབ་གྲྭའི་འཁྲིད་གཞི་སོགས་བགོ་འགྲེམ་བྱ་རྒྱུ་ཁོ་ན་མིན་པར། ལས་བགོས་ཀྱི་རྗེས་སུ་ཡང་དེའི་ནང་མཉམ་ཞུགས་ཀྱིས་ལས་ཀ་ཚགས་ཚུད་ཡོང་བར་ཆ་ཤས་ལེན་དགོས་པ་དང་། སློབ་གྲྭའི་ཁོར་ཡུག་དེ་ཞེད་སྣང་དང་འཚེར་སྣང་ཅན་ཞིག་སྐྲུན་རྒྱུ་མེད་པ་དང་། དགེ་རྒན་གྱི་འཁྲིད་ཐབས་ལ་རྒྱུས་ལོན་དང་བསམ་ཚུལ་ཤེས་རྟོགས། དེ་བཞིན་དགེ་རྒན་དང་སློབ་མ། འཛིན་སྐྱོང་བཅས་ཀྱི་བར་ཐག་ཇེ་ཉེ་དང་གུ་ཡངས་ཀྱི་ཁོར་ཡུག་ཞིག་སྐྲུན་གལ་ཆེ་བ་དང་། དེ་བཞིན་སློབ་གྲྭའི་ལས་རིགས་སྦྱོང་བརྡར་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་གྱི་ཤེས་རིག་ལས་ཁུངས་དང་དེའི་ཁྱབ་ཁོངས་སློབ་གྲྭ་ཁག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་འབྲེལ་དམ་བཅའ་ག་རེ་གནང་གི་ཡོད་པའི་སྐོར་ལ་ཤེས་རིག་བཀའ་བློན་མཆོག་གིས། བོད་ཀྱི་སོན་རྩ་རྣམས་མགོན་པོ་གང་གི་བཀའ་དགོངས་ལྟར་འདབ་གཤོག་གཉིས་ལྡན་དང་ཡ་རབས་བཟང་སྤྱོད་ལྡན་པའི་བོད་མི་ཚད་ལྡན་ཤ་སྟག་གསོ་སྐྱོང་ཐོག ལྷག་བསམ་གཡོ་མེད་དང་རང་ནུས་གང་ཡོད་ཀྱིས་རྒྱབ་མདུན་ངོ་ལྐོག་མེད་པར་སློབ་མ་ཀུན་ལ་ཉེ་རིང་མེད་པ་ཞུ་རྒྱུ་དང་། སྒོས་སུ་མགོན་པོ་གང་གི་དམ་བཅའ་དང་པོ་འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་དང་འབྲེལ་བའི་ཤེས་ཡོན་སློབ་གསོའི་གོམས་གཤིས་དང་། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་མཛད་འཕྲིན་འཛམ་གླིང་ཁྱོན་ཡོངས་ལ་བསྐྱངས་དང་སྐྱོང་བཞིན་པ་ལྟར། ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་གྲྭ་ཁག་ནས་ཀྱང་དེ་ལྟར་སློབ་འཁྲིད་ཚགས་ཚུད་ལག་བསྟར་གྱིས་འཛམ་གླིང་ཁྱོན་ཡོངས་ལ་མིག་དཔེ་སྟོན་ཐུབ་པ་ཞིག་ཡོང་རྒྱུར་འབད་བརྩོན་གང་ས་ནས་བྱ་རྒྱུ་ཁས་ལེན་བྱེད་ཀྱི་ཡོད་སྐོར་གསུངས་ཏེ། སློབ་གྲྭ་ཁག་དང་ཕ་མ་སོགས་ཀྱིས་དེར་ཤུགས་སྣོན་རྒྱག་དགོས་པའི་སྐུལ་མ་ཡང་གནང་སོང་།མཇུག་ཏུ་གསར་འགོད་པས་ཤེས་རིག་ལྷན་ཁང་གི་ཤེས་ཡོན་འགན་འཛིན་ལགས་སུ་ཐེངས་འདིའི་ཚོགས་ཆེན་སྟེང་སློབ་གྲྭ་ཁག་ཟླ་སྒྲིལ་བྱ་རྒྱུ་དེ་གལ་ཆེན་པོར་རྩིས་ནས་གྲོས་ཆོད་བཞག་ཡོད་པ་ལྟར། ཤེས་རིག་ལྷན་ཁང་ངོས་ནས་སློབ་གྲྭ་ཁག་ཟླ་སྒྲིལ་བྱ་རྒྱུའི་ཐད་ཐུགས་རེ་གཙོ་བོ་ག་རེ་གནང་གི་ཡོད་པ་དང་། སློབ་གྲྭ་ཁག་དུས་ཡུན་ག་ཚོད་ཅིག་གི་ནང་ལ་ཟླ་སྒྲིལ་གཏང་ཐུབ་པའི་རེ་བ་རྒྱག་གི་ཡོད་མེད་དྲིས་པར་ཁོང་གིས། ཚང་མའི་ཤེས་གསལ་ལྟར་འདས་པའི་ལོ་ ༥ ནང་སློབ་ཕྲུག་གི་གྲངས་འབོར་ལ་བལྟས་པ་ཡིན་ན་བོད་རིགས་སློབ་ཕྲུག་གི་གྲངས་འབོར་ཇེ་ཉུང་དུ་ཕྱིན་ཡོད་པ་དང་། ང་ཚོས་གནད་དོན་དེའི་སྒང་ལ་ཚོགས་འདུ་རིམ་པ་མང་པོ་ཚོགས་ཡོད་པ་དང་། གཙོ་བོ་གཅིག་ད་ལྟ་ང་ཚོས་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཤིག་གཏན་འབེབ་གནང་ཚར་ཡོད་པ་རེད་ལ། ཆེས་མཐོའི་ལྷན་ཚོགས་ཀྱིས་སློབ་གྲྭ་ཁག་ཟླ་སྒྲིལ་གཏོང་བར་གནང་སྟངས་གནང་ལུགས་ག་རེ་དགོས་ཀྱི་འདུག་སྐབས་དེ་དུས་རིམ་པ་བཞིན་བསླེབ་ཀྱི་རེད་བསམ་ཡོད། དེ་མིན་ད་ལྟའི་ཆར་སློབ་གྲྭ་ཁག་ཟླ་སྒྲིལ་གཏོང་བར་འདི་ལྟ་བུ་བྱེད་དགོས་རེད་ཅེས་ཐག་བཅད་ནས་བཤད་ཐུབ་ཀྱི་མི་འདུག་མོད། མདོར་བསྡུས་ནས་བཤད་ན། སློབ་གྲྭའི་སྡེ་ཁག་སོ་སོའི་ངོས་ནས་ཡིན་ནའང་འགྲོ་གྲོན་སོགས་ཀྱི་ཐད་དཀའ་ངལ་ཆེན་པོ་ཡོད་དུས། དྷ་ས་ཁུལ་ལྟ་བུ་ལ་མཚོན་ན། སློབ་གྲྭ་དེ་འདྲའི་མང་པོ་དགོས་རེད་དམ་མ་རེད། གཉིས་ནས་བོད་རིགས་སློབ་ཕྲུག་ཤ་སྟག་གི་སློབ་གྲྭ་དགོས་ས་རེད་དམ་མ་རེད་དེ་ལྟ་བུ་གནད་དོན་མང་པོ་ཞིག་གི་ཐད་གོ་བསྡུར་གནང་དགོས་ཀྱི་ཡོད་དུས་ཐག་གཅོད་ཅིག་གི་སྒང་ལ་འགྲོ་དགོས་པ་ལས་ད་ལྟ་རང་ཐག་གཅོད་ཐུབ་པ་མི་འདུག ཅེས་བརྗོད་སོང་།

ཡང་གསར་འགོད་པས་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ནང་མི་སྣ་སུ་སུ་ཡོད་དྲིས་པར་ཁོང་གིས། ཆེས་མཐོའི་འཛིན་སྐྱོང་གི་ཚོགས་གཙོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཚོགས་གཞོན་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག ཚོགས་གཞོན་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས། དེ་བཞིན་སམ་བྷོ་ཊ་སློབ་གྲྭའི་འགན་འཛིན་ལགས་དང་མ་སུ་རི་བོད་ཁྱིམ་དྲུང་ཆེ་ལགས། བོད་ཁྱིམ་སློབ་གྲྭའི་དབུ་འཛིན་དང་ཤེས་ཡོན་འགན་འཛིན་བཅས་ཀྱིས་གྲུབ་པའི་ལྷན་ཚོགས་ཤིག་བཟོས་ཡོད་པ་རེད། ཅེས་བརྗོད་སོང་།

དེ་རིང་ཚོགས་ཆེན་གྱི་ཉིན་མཐའ་མའི་མཇུག་བསྡོམས་ཐོག་ཤེས་རིག་བཀའ་བློན་མཆོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་བཞེད་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལ་ལྟ་སྤྱོད་བདེ་པོ་ཡོང་ཐབས་སུ་དམིགས་པའི་དྲ་རྒྱ་གསར་པ་ཞིག་དབུ་འབྱེད་གནང་སོང་བ་དང་། དྲ་རྒྱ་དེའི་ནང་༧གོང་ས་མཆོག་ནས་བརྗོད་གཞི་དེ་དང་འབྲེལ་ནས་གསུང་བཤད་གནང་པའི་བརྙན་དང་། དེ་བཞིན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་དགེ་བཤེས་ལྷག་རྡོར་ལགས། དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་སོགས་ཀྱི་བཀའ་སློབ་ཀྱི་བརྙན་ཕལ་མོ་ཆེ་དང་། བསླབ་གཞི་རྩ་འཛིན་དང་དཔེ་དེབ་ཁག ཨེ་མོ་རི་གཙུག་ལག་སློབ་ཁང་གི་བསླབ་གཞི་རྩ་འཛིན་རགས་ཟིན་ལ་གཞི་བཅོལ་ཡོད་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ལ་སྐུལ་བའི་དཔེ་མཚོན་བཅུ་སོགས་དྲ་རྒྱ་དེའི་ནང་བཅུག་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༤ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese