མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་གྱིས་གོ་སྐབས་དམ་འཛིན་བྱོས།

བོད་ཀྱི་དུས་བབ།
༢༠༡༩/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ལ་ཡོད་པའི་ཨ་རིའི་ཚོང་པའི་ལྷན་ཚོགས་ཀྱིས་རྒྱབ་ཤ་དཀར་པོའི་དེབ་ཅིག་བཏོན་ཏེ་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་འཐབ་འཁྲུག་ཁྲོད་ཐའེ་ཝན་གྱིས་གོ་སྐབས་དམ་འཛིན་བྱས་ཏེ་ཨ་རིར་ཚོང་འབྲེལ་གྲོས་ཆོད་འཇོག་དགོས་པའི་འབོད་སྐུལ་ཞུས་འདུགཐའེ་ཝན་གསར་ཁང་(Taiwan News)གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཐའེ་པེ་ཨ་རིའི་ཚོང་པའི་ལྷན་ཚོགས་(American Chamber of Commerce)ཀྱིས། ཁ་བྱང་ལ་ལག་བསྟར་བྱེད་པའི་དུས་ཤིག་ཅེས་པའི་རྒྱབ་ཤ་དཀར་པོའི་དེབ་ཅིག་བཏོན་ཏེ། ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་འཐབ་འཁྲུག་འགྲོ་བཞིན་པའི་སྐབས་འདིར། རྒྱ་ནག་ཏུ་ཡོད་པའི་ཐའེ་ཝན་གྱི་བཟོ་གྲྭ་ཁག་ཕྱིར་ཐའེ་ཝན་ནང་ལོགས་ཏེ་སོ་སོའི་རྒྱལ་ཁབ་ནང་ལས་ཀའི་གོ་སྐབས་བསྐྲུན་པ་དང་། རྒྱལ་ཁབ་ལ་ཡོང་འབབ་བཟོ་དགོས་སྐོར་དང་།  དེ་བཞིན། ཕྱོགས་ཡོངས་ཀྱི་བཟོ་ཚོང་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྐབས་འདིར། ཐའེ་ཝན་གཞུང་གིས་བློ་རིག་སྒྲིམ་སྟེ་ཨ་རིར་ཚོང་འབྲེལ་གྲོས་ཆོད་ཅིག་འཇོག་ཐབས་དགོས་པའི་འབོད་སྐུལ་ཞུས་འདུག

རྒྱབ་ཤ་དཀར་པོའི་དེབ་དེའི་ནང་།  ཨ་རྒྱའི་ཚོང་འབྲེལ་འཐབ་འཁྲུག་གིས་གོ་ལའི་བཟོ་སྐྲུན་ལ་ཉེན་ཁ་ཆེ་བའི་འགྱུར་ལྡོག་གཏོང་བཞིན་ཡོད་པ་དང་། ཐའེ་ཝན་ལ་ཆ་མཚོན་ན། སོ་སོའི་ཚོང་འབྲེལ་ཆེ་གྲས་རྒྱལ་ཁབ་ཁག་དང་ལྷན་དུ་ཟུང་འབྲེལ་དང་མཉམ་འདུས་ཀྱི་ཚོང་འབྲེལ་གྲོས་ཆོད་གང་ཡང་མེད་སྟབས།  ཨ་རྒྱའི་ཚོང་འབྲེལ་འཐབ་འཁྲུག་ཁྲོད་ཐའེ་ཝན་ལ་གྱོང་གུད་ཆེན་པོ་ཐེབས་ཀྱི་ཡོད། ཅེས་བརྗོད་འདུག

ཐའེ་པེ་ཨ་རིའི་ཚོང་པའི་ལྷན་ཚོགས་ཀྱིས། ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་འཐབ་འཁྲུག་གིས་ཐའེ་ཝན་གྱི་བཟོ་ཚོང་ཁང་མང་པོའི་ཁེ་སྤོགས་འཕྲོག་འགྲོ་ཡི་ཡོད་པའི་སྐབས་འདིར། ཐའེ་ཝན་གཞུང་གིས་འདས་པའི་ཨ་ཐའེ་གཉིས་ཀྱི་སྐྱུག་བྲོ་བའི་ཚོང་འབྲེལ་གྱི་ལོ་རྒྱུས་དོར་ཏེ། གོ་སྐབས་དམ་འཛིན་གྱིས་ཨ་རིའི་ལྷན་དུ་ཚོང་འབྲེལ་གྲོས་ཆོད་འཇོག་པར་འབད་པ་བྱ་རྒྱུ་གལ་ཆེན་ཡིན། ཞེས་བརྗོད་འདུག

ད་ལྟའི་ཆར་ཐའེ་ཝན་གྱིས་ཨ་རིའི་ཕག་ཤ་དང་གླང་ཤ་སོགས་ཤ་རིགས་ཀྱི་ཐོན་རྫས་ནང་འདྲེན་བྱེད་པར་བཀག་སྡོམ་བྱེད་ཀྱི་ཡོད་པ་དང་། སྤྱིར་བཏང་ཕྱི་ལོ་ ༢༠༠༩ ལོར་ཨ་ཐའེ་གཉིས་བར་གཞི་རྩའི་ཚོང་འབྲེལ་གྲོས་ཆོད་ཅིག་བཞག་སྟེ།  ཕྱོགས་གཉིས་བར་ཁྲོམ་ར་སྒོ་འབྱེད་བྱེད་རེས་བྱས་ཡོད་ཀྱང་། ཕྱི་ལོ་ ༢༠༡༠ ལོར་ཐའེ་ཝན་གྱིས་ཨ་རིའི་ཤ་རིགས་ཀྱི་ཐོན་རྫས་ནང་འདྲེན་གྱི་སྲིད་བྱུས་ལ་འགྱུར་བ་བཏང་སྟེ། ད་བར་བཀག་སྡོམ་བྱས་ཡོད་པ་དང་། དེ་ནི་ཡུལ་གཉིས་བར་གྱི་ཚོང་འབྲེལ་འགོག་རྐྱེན་ཆེ་ཤོས་དེ་ཆགས་ཡོད་འདུག་ལ། ཨ་རིའི་ཚོང་སྡེ་ལྷན་ཚོགས་ཀྱི་ཚོགས་གཙོ་ལེའོ་སིས་ཝལ་ཌི་(Leo Seewald)ལགས་ཀྱིས། ཨ་ཐའེ་གཉིས་བར་གྱི་གནད་འགག་ཆེ་ཤོས་ནི་ཕག་ཤ་དང་གླང་ཤའི་རིགས་ཡིན་ཡང་། དོན་དག་འདི་གནད་དོན་ཆེན་པོ་ཞིག་མིན་པས་ང་ཚོས་སེལ་ཐུབ་ཀྱི་རེད་བསམ་གྱི་འདུག ཅེས་ཤ་རིགས་བཀག་སྡོམ་མཚམས་འཇོག་བྱེད་ཐུབ་སྐོར་བརྗོད་ཡོད་འདུག

རྒྱ་ནག་གི་གནོན་ཤུགས་འོག རྒྱལ་སྤྱིའི་སྲིད་གཞུང་མང་པོ་ཞིག་གིས་ཐའེ་ཝན་དང་རྒྱལ་འབྲེལ་མཚམས་འཇོག་བྱེད་ཀྱི་ཡོད་ཀྱང་། ད་ལྟའི་ཆར་ཨ་རི་དང་ཐའེ་ཝན་གཉིས་ཀྱི་འབྲེལ་བ་ཉིན་རེ་བཞིན་ཇེ་བཟང་དུ་འགྲོ་ཡི་ཡོད་པའི་རྣམ་པ་ཤུགས་ཆེན་པོ་མངོན་ཡོད་པ་མ་ཟད། ཨ་རིས་ད་དུང་ཐའེ་ཝན་མཚོ་གླིང་ལ་འབྲེལ་ལམ་དམ་འཛིན་གྱིས་གཞུང་འབྲེལ་མི་སྣ་མངགས་གཏོང་སྔར་ལྷག་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོ་ཁོ་ནར་ཨ་རིས་ཐའེ་ཝན་ནང་གཏོང་བཞིན་པའི་ཚོང་ཟོག་བརྒྱ་ཆ་ ༡༧།༥ ཡར་འཕར་ཏེ། ཁྱོན་ཨ་སྒོར་ཐེར་འབུམ་ ༣༠།༢ ཙམ་དང་། ཐའེ་ཝན་གྱིས་ཨ་རིར་ཕྱིར་ཚོང་བྱེད་བཞིན་པའི་ཚོང་ཟོག་བརྒྱ་ཆ་ ༧།༨ ཡར་འཕར་ཏེ་ཁྱོན་ཨ་སྒོར་ཐེར་འབུམ་ ༤༥།༨ ཀྱི་ཚོང་ལས་འབྲེལ་བ་འཛིན་གྱི་ཡོད་འདུག

ཡང་རྒྱབ་ཤ་དཀར་པོའི་དེབ་དེའི་ནང་། ཨ་ཐའེ་གཉིས་ཀྱི་འབྲེལ་ལམ་ཇེ་བཟང་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་ནི། ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་ཇེ་ཞན་དུ་འགྲོ་བཞིན་ཡོད་པས་ཡིན་པ་དང་། ཨ་རིས་མུ་མཐུད་ཐའེ་ཝན་ནི་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བརྟན་ལྷིང་དང་མཉམ་འབྲེལ་བྱེད་རོགས་ཡིན་པར་བསྔགས་བརྗོད་བྱེད་ཀྱི་ཡོད། ཅེས་དང་། སྔོན་གླེང་ནང་གལ་སྲིད་ཐའེ་ཝན་གྱིས་བློ་སྟོབས་ཆེན་པོས་ལག་བསྟར་བྱེད་པར་གྲ་སྒྲིག་ཡོད་ཚེ། ཐའེ་པེ་ཨ་རིའི་ཚོང་པའི་ལྷན་ཚོགས་ལ་རྒྱབ་སྐྱོར་བྱེད་པའི་གྲ་སྒྲིག་ཡོད། ཅེས་བཀོད་ཡོད་པ་རེད།

ཐའེ་པེ་ཨ་རིའི་ཚོང་པའི་ལྷན་ཚོགས་ནི་ཕྱི་ལོ་ ༡༩༥༡ ལོར་གསར་དུ་བཙུགས་ཡོད་ཅིང་།  རྒྱལ་སྤྱིའི་ཚོང་ལས་ཚོགས་པ་ཤུགས་ཆེ་ཤོས་ཀྱི་གྲས་ཤིག་ཡིན་འདུག་ལ།  ད་ལྟའི་བར་རྒྱལ་སྤྱིའི་སྟེང་བཟོ་ཚོང་ཁང་ ༥༠༠ ལྷག་གི་ཚོགས་མི་ ༡༠༠༠ ཙམ་ཡོད་པ་དང་། ད་བར་ཟླ་རེར་རྒྱབ་ཤ་དཀར་པོའི་དེབ་སོགས་བཏོན་ཏེ། ཐའེ་ཝན་ནང་གསར་གཏོད་རང་བཞིན་ལྡན་པའི་དྲིལ་བསྒྲགས་དང་། དྲ་ལམ་ཚོང་འབྲེལ། དེ་བཞིན། ཆེད་ལས་ཀྱི་གོ་སྐབས་དང་ཚོང་འབྲེལ་ཡར་རྒྱས་སོགས་ཀྱི་སྡིངས་ཆ་མང་པོ་བསྐྲུན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༡༣ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༡༥ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༡༥ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

མཆན། 1

  1. kalsang dawa says:
    ལོ་ 7 སྔོན།

    རྒྱབ་ཤ་དཀར་པོ་ཕག་ཤ་དཀར་པོ་།
    རྒྱབ་ཤ་དཀར་པོའི་དེབ་ཟེར་ཡང་ཕག་ཤ་དཀར་པོ་ཐེ་ཝན་ཏུ་ཚོང་རྒྱུའི་ཆེད་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese