མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་བློན་མུ་དྷི་མཆོག་གི་དམ་འབུལ་མཛད་སྒོ་ཚོགས། 

བོད་ཀྱི་དུས་བབ།
༢༠༡༩/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

སྲིད་བློན་མུ་དྷི་མཆོག་གི་ཐེངས་གཉིས་པའི་སྲིད་བློན་གྱི་དམ་འབུལ་མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་དང་ཐའེ་ཝན་གྱི་སྐུ་ཚབ་མགྲོན་འབོད་གནང་མི་འདུག

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༧ སྟེང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སྲིད་འཛིན་ཕོ་བྲང་(Rashtrapati Bhavan)དུ། སྲིད་བློན་མུ་དྷི་མཆོག་གི་སྲིད་བློན་སྐབས་གཉིས་པའི་དམ་འབུལ་མཛད་སྒོ་ཚོགས་ཡོད་པ་དང་། ད་ལན་གྱི་མཛད་སྒོའི་ཐོག་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་ཌེ་ཤི་དང། འབར་མ། སིངྒ་ལ། ཐའེ་ལེན་ཌི། འབྲུག་ཡུལ། བལ་ཡུལ་བཅས་ཀྱི་སྲིད་བློན་དང་སྐུ་ཚབ་གཙོ་བྱས་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཆེན་མོ་དང་། དེ་བཞིན་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཆེ་ཁག་གི་སྲིད་དོན་གནད་ཡོད་མི་སྣ་དང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སོགས་ཁྱོན་གནད་ཡོད་མི་སྣ་ ༨༠༠༠ ལྷག་ཆེད་དུ་གདན་འདྲེན་གནང་ཡོད་ཀྱང་། འདི་ལོར་བོད་མིའི་སྒྲིག་འཛུགས་དང་ཐའེ་ཝན་གྱི་སྐུ་ཚབ་མགྲོན་འབོད་གནང་མེད་འདུག

སྲིད་བློན་མུ་དྷི་ཡིས་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་རཱམ་ན་ཐི་ཀོ་ཝིན་དྷི་(Ram Nath Kovind)མཆོག་གི་མདུན་ནས་སྲིད་བློན་གྱི་དམ་བཅའ་ཕུལ་གྲུབ་རྗེས། ད་ལན་གྱི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པའི་བྷི་ཇེ་པི་སྲིད་གཞུང་གི་ནང་སྲིད་བློན་ཆེན་སྐུ་ཞབས་རཱ་ཇ་ན་ཐི་སིང་དང་(Rajnath Singh)། བྷི་ཇེ་པི་ཚོགས་པའི་ཚོགས་གཙོ་ཨ་མི་ཏི་ཤཱ་(Amit Shah)། དེ་བཞིན་ནི་ཏིན་ཇེ་རཱམ་གྷ་དྷི་གྷ་རི་(Nitin Jairam Gatkari)དང་། སཱ་དྷ་ནན་དྷ་གྷོ་དྷ་(Sadananda Gowda)། ནིར་མཱ་ལླ་སི་ཏཱ་རཱམ་(Nirmala Sitharaman) སོགས་སྲིད་གཞུང་གསར་པའི་བློན་ཆེན་ ༥༧ གྱིས་དམ་བཅའ་ཕུལ།

རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། སྤྱིར་འདི་ལོའི་སྲིད་བློན་དམ་འབུལ་གྱི་མཛད་སྒོའི་ཐོག་སྐུ་མགྲོན་ ༨༠༠༠ ལྷག་འཛོམས་ཡོད་པས།  རྒྱ་གར་གྱི་སྲིད་བློན་དམ་འབུལ་གྱི་མཛད་སྒོ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་དང་། དེ་རིང་རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམས་མགྲོན་འབོད་བྱས་པའི་ཁྲོད། ཨོ་ཌི་ཤའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནཱ་ཝིམ་པ་ཊི་ནེག་(Naveen Patnaik)མཆོག་དང་། ཆཱ་ཊི་སི་གྷར་གྱི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་བྷུ་པི་ཤི་སིང་བྷ་གྷེལ་(Bhupesh Singh Bhaghel)མཆོག་གཉིས་སྒེར་གྱི་དོན་དག་ཅིག་གིས་བཅར་ཐུབ་མེད་པ་དང་། དེ་བཞིན་ནུབ་བྷེང་གྷལ་གྱི་སྤྱི་ཁྱབ་བློན་ཆེན་ལྕམ་སྐུ་མཱ་མཱ་ཏཱ་བྷ་ནེར་ཇི་(Mamata Banerjee)མཆོག་མངའ་སྡེ་དེའི་ནང་འཁྲུག་རྩོད་ཅིག་བྱུང་བའི་རྐྱེན་གྱིས་བཅར་ཐུབ་མེད་འདུགའདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ། འདི་ལོའི་རྒྱ་གར་སྲིད་བློ་མུ་དྷི་ཡི་དམ་འབུལ་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་མགྲོན་འབོད་ཞུས་མེད་སྐོར་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ངས་གོ་ཐོས་བྱུང་བ་ཡིན་ན་ང་ཚོར་མགྲོན་ཤོག་དེ་འདྲ་འབྱོར་ཡོད་ས་མ་རེད། ཅེས་དང་། སྤྱིར་རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་ཕྱིན་མེད་པ་དང་། གང་ཡིན་ཟེར་ན། བོད་པའི་དཀའ་རྙོག་འདི་སེལ་ཐབས་ལ་རྒྱ་ནག་དང་རྒྱ་གར་གྱི་འབྲེལ་བ་དེ་ཡག་པོ་དགོས་ལ་ཁོར་ཡུག་ཀྱང་ཡག་པོ་ཞིག་བསྐྲུན་དགོས་ཀྱི་ཡོད་པ་རེད། རྒྱ་གར་དང་རྒྱ་ནག་གི་འབྲེལ་བ་ཡག་པོ་ཆགས་པ་ཡིན་ན་བོད་པའི་དཀའ་རྙོག་དེ་སེལ་བར་ཕན་ཐོགས་ཀྱི་ཡོད་པ་རེད། དེའི་རྐྱེན་གྱིས་འདི་ལྟ་བུའི་ཁོར་ཡུག་ཅིག་བསྐྲུན་རྒྱུའི་ཆེད་དུ་ད་ལན་གྱི་གནས་སྟངས་དེ་ཆགས་ཡིན་གྱི་རེད། ཅེས་གསུངས་བྱུང་།

ཡང་ད་ལན་མགྲོན་འབོད་མ་གནང་པ་དེ་རྒྱ་ནག་གཞུང་གི་གནོན་ཤུགས་ཀྱི་རྐྱེན་པས་ཡིན་མིན་དྲིས་པར་ཁོང་གིས། གང་ལྟར་རྒྱ་གར་གཞུང་ངོས་ནས་སུ་མགྲོན་འབོད་བྱེད་མིན་དེ་ཁོ་རང་ཚོས་ཐག་གཅོད་གནང་རྒྱུ་ཞིག་ཡིན་ལ། དེ་སྔོན་ང་ཚོ་མགྲོན་འབོད་གནང་པ་དེ་སྐབས་དེའི་ཆབ་སྲིད་ཀྱི་འགྲོ་སྟངས་ཤིག་གི་ཆ་ནས་བྱུང་བ་ཞིག་རེད། ད་ལན་མགྲོན་འབོད་མ་གནང་པ་དེ་ཉེ་ལམ་ནས་ཡོང་རྒྱུའི་ཕྱི་ཟླ་ ༡༠ ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་ལ་གདན་འདྲེན་ཞུས་ཏེ་བཀའ་མོལ་གནང་རྒྱུའི་འཆར་གཞི་ཞིག་འདིང་བཞིན་ཡོད་སྟབས། གཅིག་བྱས་ན་ཁོར་ཡུག་ཅིག་བསྐྲུན་རྒྱུའི་ཐབས་ཤེས་གནང་གི་ཡོད་སྲིད་པ་རེད། ཅེས་གསུངས་བྱུང་།

ཕྱི་ལོ་ ༢༠༡༤ ལོའི་སྲིད་བློན་མུ་དྷི་མཆོག་གི་དམ་འབུལ་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཐའེ་ཝན་གྱི་ལྡི་ལི་སྐུ་ཚབ་ཁྲུང་ཀུ་ཝང་ཐི་ཡན་(Chung Kwang Tien) གཉིས་མགྲོན་འབོད་གནང་པ་ལྟར་བཅར་ཡོད་པ་དང་། སྐབས་དེར་རྒྱ་གར་གྱི་རྒྱ་ནག་གཅིག་གི་སྲིད་བྱུས་ལ་དོ་ཕོག་བཏང་ཡོད་སྐོར་གྱི་གླེང་རྙོག་བཟོས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 5

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    གནས་ཡུལ་རྒྱལ་ཁབ་ཀྱི་སྲིད་བློན་ཁྲི་སྟོན་མཛད་སྒོ་ལ་བཙན་བྱོལ་བོད་མིའི་
    སྐུ་ཚབ་དང་ཐེ་ཝན་གྱི་སྐུ་ཚབ་མགྲོད་འབོད་མ་གནང་བ་ལ་ཧང་སང་དགོས་
    པ་གང་ཡང་མཐོང་མ་སོང་ལ་དེ་སྔོན་ཕྱི་ལོ་༢༠༡༤ ལོར་སྲིད་བློན་ཁྲི་སྟོན་ལ་
    ང་ཚོའི་སྲིད་སྐྱོང་མཆོག་མགྲོན་འབོད་གནང་ཀྱང་དོན་དངོས་བོད་དང་འབྲེལ་བའི་
    ཆབ་སྲིད་ལ་ནུས་པ་གང་ཡང་མེད་པ་སྔ་ལོ་རྒྱ་གར་གཞུང་མང་ལ་ང་ཚོའི་ཐུགས་
    རྗེ་ཆེ་ཞུའི་མཛད་སྒོ་ལ་རྒྱ་གར་གཞུང་གི་གནད་ཡོད་མི་སྣ་ཕེབས་མ་ཆོག་པ་བཟོས་པ་
    ནས་ལོང་བས་བལྟས་ཀྱང་ཁམས་གསུམ་དང་འོན་པས་ཉན་ཀྱང་རྒྱལ་ཁམས་གོ་
    ཟེར་བའི་དཔེ་དེ་མ་རེད་དམ།

    Reply
  2. Lhatse says:
    ལོ་ 7 སྔོན།

    ངའི་བསམ་པར། ང་ཚོ་བོད་པ་ཚང་མ་སྐྱིད་པོ་བྱས་བསྡད། གཞུང་གཞན་ཞིག་གིས་རོགས་པ་བྱས་ཀྱི་རེད་བསམ་ནས་བསྡོད་ཀྱི་འདུག དེང་སང་འཛམ་གླིང་གི་འགྲོ་སྟངས་ལ་སོ་སོའི་ལུང་པར་ཁེ་ཕེན་ཞིག་མེད་ན་གཞན་ལ་རོགས་པ་བྱེད་རྒྱུ་དེ་རེ་བ་རྒྱབ་ཡས་ཙམ་ལས་མེད། དེ་ན་ང་ཚོ་བོད་མི་ཚང་མ་དབུ་མའི་ལམ་གྱི་ཐོག་ནས་ཤུགས་རྒྱབ་ནས་བོད་ལ་ལོག་འགྲོ། སོ་སོའི་ལུང་པ་དང་ས་ཆ་སོ་སོས་བདག་པོ་རྒྱབ། སོ་སོའི་ལུང་པར་རྒྱ་མིས་ཁེངས་ནས་ནམ་ཞིག་བོད་ལ་ལོག་འགྲོ་ཐུབ་པའི་དབང་དུ་བཏང་ཡང་བོད་ཡུལ་ཟེར་བ་ཙམ་ལས་བོད་མི་རྣམས་སོ་སོའི་ལུང་པར་མི་འབོར་ཉུང་གྲས་ཞིག་ཆག་ན་ག་འདྲ་ཞིག་འདུག་གམ།

    Reply
  3. བསོད་ནམས་རྡོ་རྗེ། says:
    ལོ་ 7 སྔོན།

    ༡།་་་་་་སྲིད་བློན་མུ་དྷི་ཡིས་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་རཱམ་ན་ཐི་ཀོ་ཝིན་དྷི་(Ram Nath Kovind)མཆོག་གི་མདུན་ནས་སྲིད་བློན་གྱི་དམ་བཅའ་ཕུལ་གྲུབ་རྗེས།
    ༢།་་་་་བཅར་ཐུབ་མེད་འདུག
    ༣།་་་ སྐབས་དེར་རྒྱ་གར་གྱི་རྒྱ་ནག་གཅིག་གི་སྲིད་བྱུས་ལ་དོ་ཕོག་བཏང་ཡོད་སྐོར་གྱི་གླེང་རྙོག་བཟོས་ཡོད་པ་རེད།

    གོང་གསལ་དོན་ཚན་གསུམ་དེ་བརྡ་སྤྲོད་ཀྱི་གཞུང་དང་རྩ་བ་ནས་མཐུན་གྱི་མི་འདུག་སྟབས་གོ་རྒྱུ་ཡང་གསལ་པོ་ཅི་ཡང་མི་འདུག

    Reply
  4. སྲས་སྐུ་ངོ་། says:
    ལོ་ 7 སྔོན།

    ད་ཐེངས་ང་ཚོའི་སྲིད་སྐྱོང་མགྲོན་འབོད་བྱས་མི་འདུག་ག་

    Reply
  5. Sonam Gyaltsen says:
    ལོ་ 7 སྔོན།

    ད་ལན་ “མོ་དྷིའི་” དམ་འབུལ་ལ་ བོད་དང་ཐཡི་ཝཱན་གཉིས་མགྲོན་འབོད་མ་གནང་བ་དེ་་་ དགའ་དགོས་ལ་རེད་ ? སྐྱོ་དགོས་ལ་རེད་ ? ? སྲིད་སྐྱོང་མཆོག་གིས་ཨ་རིའི་ཚོང་པ་གཉམ་དུ་ཚོང་འབྲེལ་གྲོས་ཆོད་དང་མ་རྩ་འཇོག་མགོ་ཚུགས་དགོས་རེད་པ། ཐཡི་ཝཱན་གང་འདྲ་འཇོན་པོ་འདུག ! ? བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ། ཐུགས་ཕམ་ཆོད་ནས་མ་གནང་རོགས། ད་ལན་ང་ཚོར་མགྲོན་ཤོག་དེ་ ཕལ་ཆེར་ མོ་དྷིའི་ སྐྱེད་སྐར་ལ་ གོ་ཐོས་ཡོང་གིས་རེད། ? སྤྱིར་རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་ཕྱིན་མེད་པ་དང་། གལ་སྲིད་་་ སྲིད་བྱུས་ལ་འགྱུར་བ་ཕྱིན་ན་ ལྟོ་ཟ་ས་བོད་པའི་སྐྱབས་བཅོལ་སར་ཟ། རྒྱ་གར་ཡིན་དོག་དོག་བྱེད་མཁན་དང་། བོད་པའི་དངུལ་འཕྲོག་མཁན་ཚོ་ལ་དོ་ཕོག་འགྲོ་ཡིས་མ་རེད་པས་ ? ? བོད་པའི་དཀའ་རྙོག་འདི་སེལ་ཐབས་ལ་རྒྱ་ནག་དང་རྒྱ་གར་གྱི་འབྲེལ་བ་དེ་ཡག་པོ་དགོས་ལ་ཁོར་ཡུག་ཀྱང་ཡག་པོ་ཞིག་བསྐྲུན་དགོས་ཀྱི་ཡོད་པ་རེད། རྒྱ་གར་དང་རྒྱ་ནག་གི་འབྲེལ་བ་ཡག་པོ་ཆགས་པ་ཡིན་ན་བོད་པའི་དཀའ་རྙོག་དེ་སེལ་བར་ཕན་ཐོགས་ཀྱི་ཡོད་པ་རེད། དེའི་རྐྱེན་གྱིས་འདི་ལྟ་བུའི་ཁོར་ཡུག་ཅིག་བསྐྲུན་རྒྱུའི་ཆེད་དུ་ད་ལན་གྱི་གནས་སྟངས་དེ་ཆགས་ཡིན་གྱི་རེད། ཅེས་གསུངས་བྱུང་། ? ཁོང་ཚོ་གཉིས་འབྲེལ་བ་ཡག་པོ་ཆགས་པ་ཡིན་ན་ ཁུ་སིམ་མེར་སྡད་ཀྱི་མ་རེད་པས་ ? བོད་པའི་དཀའ་རྙོག་དེ་སེལ་བར་ཕན་ཐོགས་ཨ་ཡོད་ན་ ? ? དེ་ནས་ Chini Hindi Bai Bai སྐྱར་ལོག་མ་རེད་པས་ ? ? བཀྲ་ཤིས་བདེ་ལེགས། སྐུ་ཁམས་བཟང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese