མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད།

བོད་ཀྱི་དུས་བབ།
༢༠༡༩/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་ཁྱེད་རང་ཚོ་བོད་གངས་ཅན་གྱི་ཤ་ཁྲག་རུས་གསུམ་ལས་མཆེད་པ་ཡིན་པས་མ་ཤི་བར་བོད་རིགས་ཞེས་པའི་མིང་དེར་འགྱུར་བ་གཏོང་རྒྱུ་གང་ཡང་མེད་སྐོར་གསུང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩:༣༠ སྟེང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་དབུ་འཛུགས་གནང་སོང་བ་དང་། ཐེངས་འདིའི་གསུང་ཆོས་སྟེང་བོད་རིགས་སློབ་ཕྲུག་ ༣༠༠༠ ལྷག་གཙོའི་ཕྱི་རྒྱལ་བ་དང་དྷ་ས་ཁུལ་གྱི་དད་ལྡན་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༥༠༠༠ བརྒལ་བ་འཛོམས་ཡོད་པ་དང་། གསུང་ཆོས་ཀྱི་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་ཆོས་འབྲེལ་བྱེད་ས་གཙོ་བོ་བོད་རིགས་སློབ་ཕྲུག་ཚོ་ཡིན་པ་དང་། སློབ་ཕྲུག་ཁྱེད་ཚོ་བོད་གངས་ཅན་ལྗོངས་ཀྱི་ཤ་ཁྲག་རུས་གསུམ་ནས་མཆེད་བསྡད་པ་ཞིག་ཡིན་པ་དང་། ཁྱེད་རང་ཚོ་མང་པོ་ཞིག་སྐྱེས་ས་རྒྱ་གར་དང་ལུང་པ་གཞན་པ་འདྲ་མིན་ནང་སྐྱེས་ཡོད་ན་ཡང་། ང་རང་ཚོ་ཚང་མ་སྐྱེས་པ་ནས་བོད་རིགས་ཞེས་པའི་མིང་ཞིག་ཁུར་བསྡད་ཡོད་པ་རེད། བོད་རིགས་ཟེར་བའི་མིང་དེ་མ་ཤི་བར་དུ་ཁུར་རྒྱུ་མ་གཏོགས་དེ་ལ་འགྱུར་བ་གཏོང་རྒྱུ་གང་ཡང་ཡོད་པ་མ་རེད། ཅེས་གསུངས་སོང་།

དེའི་རྗེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་མི་རིགས་དེ་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཤིག་ཡིན་པའི་སྐོར་ལ། བོད་མི་རིགས་དེ་ལོ་རྒྱུས་ཀྱི་སྟེང་ནས་ཕ་སྤྲེའུ་རྒན་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་ཞེས་བཤད་རྒྱུ་ཡོད་པ་རེད་དེ། དེ་ཚོ་ཏག་ཏག་ཅིག་ཡོད་མེད་ངོས་ཀྱིས་ཞེ་དྲག་ཡིད་ཆེས་བྱེད་ཀྱི་མེད། ལོ་སྟོང་ཕྲག་ཕྱིན་པའི་ལོ་རྒྱུས་དེ་ཚོ་དད་པ་ཡིན་པའི་ཟོལ་འདྲ་བོ་འདྲ་མི་འདྲ་བཤད་ཡོང་དུས། དེ་ལ་ཡིད་ཆེས་རྙེད་རྒྱུ་དེ་ཙམ་ཁག་པོ་འདྲ་ཞིག་རེད། ཡིན་ན་ཡང་ང་རང་ཚོར་མིག་མཐོང་ལག་ཟིན་ག་རེ་ཡོད་པ་རེད་ཅེས་ན་བོད་གངས་ཅན་གྱི་ལྗོངས་ལ་མི་རིགས་ཆགས་ནས་ལོ་ཁྲི་ ༤ ནས་ ༥ ཕྱིན་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཡོད་པ་རེད། བོད་མི་རིགས་དེ་མི་རིགས་རྙིང་པའི་གྲས་ཤིག་ཆགས་ཀྱི་ཡོད་པ་རེད། གང་ལྟར་མི་རིགས་རྙིང་པ་ཡིན་པ་ཙམ་གྱིས་ངོ་མཚར་སྐྱེས་རྒྱུ་དང་ཧ་ལས་པ་གང་ཡང་མེད་པ་དང་། མི་རིགས་དེས་ལོ་སྟོང་ཕྲག་ལྷག་གི་རིང་ལ་གསར་གཏོད་ག་རེ་བྱས་ཡོད་པ་དེར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།བོད་མི་ཚོས་གསར་གཏོད་ག་བྱེ་བྱས་ཡོད་པའི་སྐོར་ལ་ཁོང་ཉིད་ཀྱིས། དུས་རབས་བདུན་པའི་ནང་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡིག་གསར་གཏོང་གནང་ཡོད་པ་དང་། ཡི་གེ་དེ་ཡང་དབྱངས་དང་གསལ་བྱེད་ཡོད་པའི་ཡི་གེ་རྒྱ་སྐད་དང་རྒྱ་གར་སྐད་གང་ལ་ཡང་མི་འདྲ་བའི་ཡི་གེ་ཞིག་གསར་གཏོད་གནང་ཡོད་པ་རེད། ཡེ་གེའི་གཟུགས་དེ་རྒྱ་གར་ཡིག་གཟུགས་ལ་དཔེ་བལྟས་ཡོད་ན་ཡང་རྩ་བ་ང་རང་ཚོ་བོད་པའི་སྐད་རང་ལ་གཞིར་བཞག་ནས་བཟོས་ཡོད་པ་དང་། མཁན་ཆེན་ཞི་བ་འཚོ་དུས་རབས་བརྒྱད་པའི་ནང་ལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་གདན་ཞུ་གནང་བ་དང་། མཁན་ཆེན་ཞི་བ་འཚོས་ཁྱེད་རང་ཚོར་བོད་ཡིག་གི་གཟུགས་འདུག་མོད། དེ་འདྲ་ཡིན་སྟབས་ཁྱེད་རང་ཚོས་ལེགས་སྦྱར་སྐད་དང་རྒྱ་གར་སྐད་བསླབ་དགོས་མ་རེད། དེ་ལས་ལེགས་སྦྱར་དང་པཱ་ལེ་གཞུང་དེ་དག་ག་ཚོད་ཐུབ་ཐུབ་བོད་ཡིག་ནང་སྒྱུར་དགོས་པ་རེད་ཅེས་གསུང་ཡོད་པ་དང་། ང་རང་གི་ངོ་ཤེས་པ་དེ་འདྲས་མཁན་ཆེན་ཞི་བ་འཚོ་ཁོང་རང་གིས་ཀྱང་བོད་ཡིག་སྦྱོང་རྒྱུར་འབད་བརྩོན་གནང་བ་རེད་ཅེས་གོ་མྱོང་ལ། བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ལྷག་ཏེ་མཁན་ཆེན་ཞི་བ་འཚོས་བཀའ་སློབ་གནང་བའི་ལེགས་སྐྱེས་དང་། རྒྱ་གར་གྱི་རིག་གཞུང་དེ་ཚུར་བླངས་ནས་སྐད་ཡིག་སོ་སོ་རང་གི་སྐད་ཡིག་ནང་དུ་ཡོད་པ་ཞིག་གནང་ཡོད་པ་རེད། ཅེས་གསུངས་སོང་།འདས་པའི་ལོ་རྒྱུས་དེ་ཅུང་ཙམ་གཟི་བརྗིད་ཆེན་པོ་བྱུང་ཡོད་པ་དང་། ད་ལྟའི་དུས་སྐབས་ལ་ནང་པ་སངས་རྒྱས་པའི་ཆོས་དེ་འཛམ་གླིང་ཤར་ཕྱོགས་ཀྱི་ཉི་མ་ལྟ་བུ་རེད་ཟེར་བཞིན་ཡོད། འཛམ་གླིང་ནུབ་ཕྱོགས་ཡེ་ཤི་མ་ཤི་ཀའི་ཆོས་བརྒྱུད་རྗེས་འབྲངས་བ་ཡིན་པ་དང་། འཛམ་གླིང་དཀྱིལ་ཤར་མང་ཆེ་བ་ཁ་ཆེའི་ཆོས་ལུགས་རྗེས་འབྲངས་བ་ཡིན་པ་དང་། ཆོས་ལུགས་དེ་དག་གིས་མི་ལ་ཕན་ཐོགས་ཆེན་པོ་བྱུང་གི་ཡོད་པ་རེད། དེ་ནས་རྒྱ་གར་ལ་མཚོན་ན་ཧིན་རྡུ་ལུགས་ཡོད་པ་རེད། སྤྱིར་རྒྱ་གར་དེ་འཛམ་གླིང་གི་ཆོས་ལུགས་མང་ཆེ་བ་ཡོད་ས་ཧ་ལས་པ་ཞིག་རེད་འདུག ཆོས་ལུགས་ཚང་མ་མཉམ་དུ་གནས་ཐུབ་པ་དང་ཕན་ཚུན་གཙི་བཀུར་ཐུབ་པ་དེ་རྒྱ་གར་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོ་བོ་ཞིག་ཡིན་པ་དང་། དེ་བཞིན་རྒྱ་གར་ནང་དུ་ནང་པ་ཉུང་ཤས་ཤིག་ཡོད་པ་དང་། དེའི་ཁྲོད་ཐེག་ཆེན་དང་ཐེན་དམན་གཉིས་དང་བོད་ལ་མཚོན་ན་དཔལ་དཔལ་ན་ལེན་ཌའི་ཆོས་བརྒྱུད་འཛིན་མཁན་ཡིན་པ་དང་། ཆོས་བརྒྱུད་དེ་དེང་དུས་འཛམ་གླིང་ནང་མིའི་རིགས་ལ་ཕན་ཐོགས་ཆེན་པོ་ཡོད་པ་དང་རིག་པའི་དཔྱད་པ་བྱེད་ཐུབ་པའི་མཚན་མིའི་གཞུང་ཞིག་ཆགས་ཡོད་པ་དང་། རིག་གཞུང་དེ་རྒྱ་ཡིག་ནང་དུ་མེད་པ་ཞིག་དང་རྒྱ་གར་ནང་ཉམས་ཚར་བ་རེད། ཆོས་བརྒྱུད་དེ་ཚན་རིག་དང་མཐུན་པ་ཡིན་པ་དང་བོད་མི་རིགས་ཀྱིས་དེ་སྔ་ཕན་ཆད་དཀའ་ལས་བརྒྱབ་ནས་བདག་པོ་བརྒྱབ་པ་རེད་ལ། མ་འོངས་པར་བོད་ཀྱི་རིག་གཞུང་གཏིང་ཟབ་པོ་ཞིག་ཡོད་བསྡད་པ་དེ་བདག་པོ་བརྒྱབ་ནས། ནང་པ་ཡིན་མིན་གྱི་སྐད་ཆ་མིན་པར་རིག་གཞུང་དེ་ཤེས་ཡོན་རང་བྱས་ཏེ་འཛམ་གླིང་འདིར་བོད་པ་ཚོས་བློ་སྐྱེད་ག་ཚོད་ཕུལ་ཐུབ་མིན་བལྟ་དགོས་སྐོར་གསུངས་རྗེས་གསུང་ཆོས་དངོས་སུ་དབུ་འཛུགས་གནང་སོང་།

བོད་རིགས་གཞོན་སྐྱེས་ནང་ཆོས་ངོ་སྤྲོད་དེ་ཕྱི་ལོ་ ༢༠༠༧ ལོ་ནས་བཟུང་ལོ་ལྟར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་སློབ་ཁག་ཏུ་ཡོད་པའི་བོད་རིཊ་མཐོ་རིམ་སློབ་མ་གཙོས། ས་རཱ་དང་ནོར་གླིང་། སྨན་རྩིས་ཁང་བཅས་མཐོ་སློབ་ཁག་དང་། ངྷ་སྟེང་བོད་ཁྱིམ་དང་ངྷ་ཤོད་བོད་ཁྱིམ། གྷོ་པ་པུར་བོད་ཁྱིམ། སུ་ཇཱ་བོད་ཁྱིམ། ཤེས་རབ་དགའ་ཚལ་སློབ་གླིང་བཅས་བཞུགས་སྒར་ཉེ་འཁྲིས་ཀྱི་སློབ་གྲྭ་ཁག་གཙོའི་ཐག་ཉེ་རིང་ཀུན་གྱི་བོད་རིགས་སློབ་ཕྲུག་རྣམས་དང་། བཞུཊ་སྒར་ཁུལ་གྱི་དད་ལྡན་མང་ཚོཊ་བཅས་ལ་ནང་ཆོས་ངོ་སྤྲོད་ཀྱི་ཆོས་འབྲེལ་གནང་བཞིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༢༤ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 2

  1. Tseyang Choesto says:
    ལོ་ 7 སྔོན།

    tseyang

    Reply
  2. kalsang dawa says:
    ལོ་ 7 སྔོན།

    ༄།སྐྱབས་མགོན་ལགས་་་་སྐུ་ཉིད་འཛམ་གླིང་ཞི་བདེའི་ཆེད་དུ་་་ནང་པ་སངས་རྒྱས་པའི་དོན་དུ་་་བོད་མི་རིགས་འདི་ཉམས་ཕྲ་བའི་སྐབས་སུ་ཁྱོད་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བར་དུ་བཞུགས་སུ་གསོལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese