མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཟུར་ཞིག་སྐུ་གྲོངས་བར་མཆོད་འབུལ་མྱ་ངན་ཞུས།

བོད་ཀྱི་དུས་བབ།
༢༠༡༩/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཟུར་མདོ་སྔགས་བསྟན་འཛིན་མཆོག་སྐུ་གྲོངས་བར་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་གནང་བ་དང་མྱ་ངན་གུས་འདུད་ཞུ་ཆེད་ཉིན་རྒྱབ་ནས་ལས་ཁུངས་ཁག་སྒོ་བརྒྱབས་འདུག

དེ་རིང་ཉིན་གུང་ཆུ་ཚོད་ ༡༢ ཐོག གངས་སྐྱིད་བོད་ཁང་ཆེན་མོའི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་ཆེ་བ་གཞན་གཉིས། བོད་མི་མང་སྤྱི་ཁག་ཅིག་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོའི་བཀའ་བློན་རྣམས་དང་སྲི་ཞུ་ལས་བྱེད་ཆེ་ཕྲ་ཡོངས་ནས། ཟླ་འདིའི་ཕྱི་ཚེས་ ༧ ཉིན་བཀའ་ཟུར་མདོ་སྔགས་བསྟན་འཛིན་མཆོག་ཨ་རིའི་ཝི་སི་ཁན་སིན་མངའ་སྡེའི་ (Wisconsin) ནང་སྐུ་གྲོངས་བར་གཞུང་འབྲེལ་མྱ་ངན་གུས་འདུད་དང་མཆོད་འབུལ་སྨོན་ལམ་གནང་སོང་།

མཆོད་འབུལ་བསྔོ་སྨོན་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་བཀའ་ཟུར་མཆོག་སྐུ་གྲོངས་བར་བོད་མིའི་སྒྲིག་འཛུགས་ངོས་མྱ་ངན་གུས་འདུད་དང་ཤུལ་ལུས་ནང་མི་ཡོངས་ལ་ཐུགས་གསོ་དང་། བཀའ་ཟུར་མཆོག་ལ་གཞུང་འབྲེལ་མྱ་ངན་གུས་འདུད་མཚོན་ཆེད་དེ་རིང་ཉིན་རྒྱབ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་སྒོ་བརྒྱབ་ཡོད་སྐོར་གསུངས་སོང་།

དེའི་རྗེས་བོད་མིའི་སྒྲིག་འཛུགས་བཀའ་དྲུང་ནས་བཀའ་ཟུར་མཆོག་གི་ལོ་རྒྱུས་སྒྲོག་སྦྱང་གནང་བ་ལྟར་ན། བཀའ་ཟུར་མདོ་སྔགས་བསྟན་འཛིན་མཆོག་ནི། ཕྱི་ལོ་ ༡༩༤༠ ལོར་བོད་ཀྱི་རྒྱལ་ས་ལྷ་སར་ཡབ་ལྷུན་གྲུབ་སྐལ་བཟང་དང་ཡུམ་འཇམ་དབྱངས་ཆོས་མཚོ་གཉིས་ཀྱི་བུ་རུ་སྐྱེས་ཤིང་།དགུང་ལོ་ ༨ ནས་ ༡༤ བར་གྲ་བཞི་དམག་སྒར་དུ་བོད་ཡིག་དང་རྩིས་ཀྱི་སློབ་སྦྱོང་གནང་རྗེས། དགུང་ལོ་ ༡༥ ནས་ ༢༡ བར་སྤྱིར་བཏང་གི་དམག་སྦྱོང་ཆ་ཚང་གནང༌པ་དང་། དམག་ཞབས་ཞུ་རིང་མདོ་སྤྱི་ལྷ་ཀླུའི་སྒྲ་སྲུང་ཁོངས་ཆབ་མདོར་ཕེབས་ཡོད་འདུག་པ་མ་ཟད། ཕོ་བྲང་པོ་ཏཱ་ལའི་ཤར་རྒྱུད་གོ་མཛོད་སྲུང་འདོམས་ཞུས་ཡོད་འདུག ཕྱི་ལོ་ ༡༩༥༩ ལོར་ནོར་གླིང་ཆུ་རྒྱུས་དགྲ་སྡེ་སྲུང་འགོག་ཞུས་པ་དང་། བོད་ཟླ་ ༢ ཚེས་ ༨ མཚན་མོའི་ཆུ་ཚོད་ ༡༡ ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་རེ་ཞིག་བཙན་བྱོལ་དུ་ལྷོ་བརྒྱུད་ཆིབས་བསྒྱུར་སྐབས་ཆིབས་ཞབས་སྐུ་སྲུང་ཁོངས་སུ་རང་དམག་རུ་ཤོག་གཉིས་དང་བཅས་རྒྱ་བོད་ས་མཚམས་ཆུ་དངས་མོ་བར་སྐུ་ཕྱྭའི་སྲུང་འདོམས་གནང་།

ཡངཁོང་གིས་མུ་མཐུད་ཕྱི་ལོ་ ༡༩༦༠ ནང་མ་སུ་རི་གཏན་སློབ་རྩ་འཛུགས་སློབ་གྲངས་ ༥༠ ཁོངས་སུ་ཞུགས་ཏེ། གཞི་རིམ་མ་ཐོན་གོང་ཨུ་ཏར་པར་ཌེ་ཤི་མངའ་སྡེའི་ (Uttar Pradesh) རྒྱལ་སའི་ནང་དགེ་རྒན་སློབ་སྦྱོང་གནང་རྗེས་མ་སུ་རིར་ལུས་རྩལ་དང་བོད་ཡིག རྩིས་བཅས་ཀྱི་དགེ་རྒན་གནང༌། ཕྱི་ལོ་ ༡༩༦༢ ཟླ་ ༢ ཚེས་ ༢༧ ཉིན་ནས་གཞུང་ཞབས་སུ་བཞུགས་ཏེ། ཨོ་རི་ས་དོན་གཅོད་ལས་རོགས་དང་མཉམ་སྦྲེལ་ཚོང་སྤྱིའི་ལས་ཁུར། སྦིར་ནང་ཆེན་གཞིས་མགོ་ནང་སྲིད་དྲུང་ཆེ་ལས་ཚབ། ནང་སྲིད་དྲུང་ཆེ། བཀའ་དྲུང་བཅས་ཀྱི་མཛད་ཁུར་བཞེས་ཡོད་པ་དང་། ཕྱི་ལོ་ ༡༩༩༡ ཟླ་ ༩ ཚེས་ ༡༩ ནས་སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་དང་། ཕྱི་ལོ་ ༡༩༩༦ ཟླ་ ༦ ཚེས་ ༥ ནས་ ༡༩༩༧ ཟླ ༡ ཚེས ༢༡ བར་བདེ་སྲུང་བཀའ་བློན་གྱི་མཛད་ཁུར་བཞེས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    གཞུང་འབྲེལ་སྨོན་ལམ་ཚོགས་སྐབས་བོད་མི་རིགས་ཀྱི་རིག་
    གཞུང་སྒོམ་བཤིས་བཟང་པོའི་ལམ་ལུགས་བཞུགས་གདན་ཐོག་
    དཀྱིལ་བསྐྲུམ་དུ་བཞུགས་ནས་སྨོན་ལམ་སྲུངས་དགོས་པ་ལས་
    ཚོགས་འདུ་ཚོགས་པ་ནང་བཞིན་ཞབས་ཀྱག་ཐོག་ཆོས་ཕྱོགས་ཀྱི་
    སྨོན་ལམ་གསུང་རྒྱུ་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གསར་གཏོད་
    ཀྱི་ཆ་ཤས་ཞིག་ཡིན་ལས་དེ་མིན་བསྟན་པ་འགོ་ནས་མ་ཤིག་ན་ཡག་ལེ་
    རདེ་དོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese