མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་མཆུ་ཨང་ ༢༠ པའི་གནད་དོན་གཏན་འབེབ་རགས་ཟིན་ཉན་ཞིབ་གནང་སོང་།

བོད་ཀྱི་དུས་བབ།
༢༠༡༩/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་མཆུ་ཕྱིར་འགྱངས་ཐད་ཁྲིམས་ཞིབ་ཁང་གིས་རྩིས་མེད་བརྡ་ཐོ་བཏང་བའི་ནང་དགོས་མེད་དུས་འགྱངས་དང་དུས་གྲོན། ལས་རྙོག་ཆགས་གཞིར་སོང་ན་ཁྲིམས་ཡིག་གི་བྱ་རིམ་ཚུལ་མིན་དུ་སྤྱད་པའི་ཉེས་ཆད་ཕོག་སྲིད་ཅེས་བརྗོད་འདུགདེ་རིང་ཉིན་རྒྱབ་ཆུ་ཚོད་ ༢:༣༠ སྟེང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༤༠ པའི་དགོངས་དོན་བཞིན། ཁ་མཆུ་ཞུ་སྦྱོར་ཨང་ ༢༠ པ་མ་ཉེས་ཁ་གཡོགས་ཀྱི་གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་གནང་སོང་བ་དང་། གནད་དོན་ཉན་ཞིབ་གཏན་འབེབ་སྐབས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་གསུམ་དབུ་བཞུགས་ཐོག་ཁྲིམས་ཞིབ་ཁང་གི་དྲུང་ཡིག་ཆེན་མོ་དང་། ཞུ་སྦྱོར་བ་སྤེན་པ་ཚེ་རིང་དང་ཁོང་གི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད། རྩོད་ལན་པ་བཀའ་ཤག་སྲིད་སྐྱོང་བློ་བཟང་སེང་གེ་བརྒྱུད་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་དང་བཀའ་ཤག་གི་ངོ་ཚབ་པ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་དང་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ། བཀའ་དྲུང་ཟུར་པ་རྫོང་ཁ་སྟོབས་རྒྱལ་ཚེ་རིང་། བཀའ་ཤག་གི་ལས་བྱེད་བསྟན་འཛིན་ཕུན་ཚོགས། དེ་བཞིན་གསར་འགོད་པ་དང་ཟུར་ཉན་པ་སོགས་མི་གྲངས་ ༤༠ ཡས་མས་ཞིག་འཛོམས་འདུག

གནད་དོན་གཏན་འབེབ་ཉན་ཞིབ་ཀྱི་ཐོག་མར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བཀའ་རྒྱུད་དོན་གྲུབ་མཆོག་ནས་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༤༠ པའི་དགོངས་དོན་བཞིན། གནད་དོན་གཏན་འབེབ་གནང་ཕྱོགས་ཀྱི་ཁྲིམས་སྒྲིག་ཁག་ངོ་སྤྲོད་སྒྲོག་སྦྱང་གནང་སོང་བ་དང་། དེའི་རྗེས་ཟླ་འདིའིི་ཕྱི་ཚེས་ ༥ ཉིན་གྱི་ཐོག་མའི་ཉན་ཞིབ་སྐབས་བཀའ་ཤག་གི་སྲིད་སྐྱོང་བློ་བཟང་སེང་གེ་བརྒྱུད་པའི་ཁྲིམས་རྩོད་པས་ཁ་མཆུ་ཨང་ ༢༠ པ་ཟླ་ ༣ རིང་ཕྱིར་འགྱངས་ཡོང་བའི་བཀའ་འཁྲོལ་སྙན་ཞུའི་ཐད་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་དོན་ཚན་ ༢༩ པའི་དགོངས་དོན་ལྟར་བཀའ་འཁྲོལ་སྙན་ཞུ་རྩིས་མེད་ཀྱི་བརྡ་ཐོ་བཏང་བ་སྒྲོག་སྦྱང་གནང་སོང་།

རྩིས་མེད་ཀྱི་བརྡ་ཐོ་དེའི་ནང་།  ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༥ ཉིན་གྱི་ཐོག་མའི་ཉན་ཞིབ་ཀྱི་ཞོགས་པའི་བྱ་རིམ་འཕྲོ་མཐུད་དེ་འགོ་འཛུགས་བྱེད་སྐབས་སུ། རྩོད་ལན་པའི་ངོས་ནས་ཞུ་སྙན་ལ་སྣོན་འཕྲི་ཞུ་སླད། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༥ བར་དུས་འགྱང་གི་བཀའ་འཁྲོལ་ཞུས་པར། ཞུ་སྦྱོར་བས་དགག་ལན་དང་རྩོད་ལན་པས་སྒྲུབ་བྱེད་འདོན་རེས་བྱས་མཐར། ཁྲིམས་ཞིབ་ཁང་ནས་ཞོགས་པར་ཉན་ཞིབ་ཀྱི་བྱ་རིམ་གྲུབ་ཟིན་པའི་ཐོག་བསྐྱར་ལོག་བྱ་ཐབས་མེད་པ་དང༌། དུས་འགྱང་གི་སྙན་ཞུ་ཕུལ་བ་ལ་བརྟེན་ནས་ཉན་ཞིབ་ཀྱི་བྱ་རིམ་འགོག་ཐབས་མེད་པས། གསལ་བཟོའི་བྱ་རིམ་མུ་མཐུད་དེ་ཕྱིན་ཞིང་། མཇུག་ཏུ་དུས་འགྱང་གི་སྙན་ཞུ་བླངས་ཏེ། དེར་བཀའ་འཁྲོལ་སྤྲོད་མིན་ཁྲིམས་ཞིབ་པ་ལྷན་ཚོགས་སུ་གོ་བསྡུར་གྱིས་ཐག་གཅོད་ཡོང་རྒྱུའི་གསལ་བསྒྲགས་བྱས་ཡོད། ཅེས་དང་། རྩོད་ལན་པའི་ཁྲིམས་ཡིག་གི་འགྲོ་སྟངས་ལྟར་གྱི་འབྲི་སྲོལ་མ་ཡིན་པར་སྤྱིར་བཏང་ཡིག་འབྲེལ་ཚུལ་དུ་བྲིས་ཤིང་། ཁ་མཆུའི་ཡིག་ཆའི་བརྒྱུད་ལམ་གོ་རིམ་གང་ཡང་མ་བརྒྱུད་པར་གཏུག་བཤེར་ཁང་དུ་སྒྲོག་སྦྱང་བྱས་སྐོར་ཡོད་བཀོད་འདུག

ཡང་བརྡ་ཐོའི་ནང་། ཁྲིམས་ཞིབ་ཁང་ནས་ཁ་མཆུ་ངོས་བཞེས་གནང་བའི་ཐོག་ཁྲིམས་ཡིག་གི་ཆ་རྐྱེན་གཞིར་བཟུང་གདོང་ལེན་མ་བྱས་བར། ཁྲིམས་ཡིག་གི་ཆ་རྐྱེན་མི་ལྡན་བའི་སྙན་ཞུ་ཕུལ་ཚེ། དེར་ངོས་ལེན་བྱེད་ལམ་མེད་ལ། ཁྲིམས་ཞིབ་ཁང་ནས་ཁྲིམས་ཡིག་གི་ཆ་རྐྱེན་གཞིར་བཟུང་ཐག་གཅོད་གནང་ཟིན་པའི་དོན་གནད་ཐོག་གྱོད་ཡ་སུ་རུང་ནས་རྩོད་སློང་བྱེད་མི་ཆོག་ཅེས་དང༌། རྩོད་ལན་པའི་ངོས་ནས་ཁྲིམས་ཡིག་གི་བྱ་རིམ་དང་། འགྲོ་སྟངས་ལ་ཡིད་གཟབ་དོ་ནན་བྱེད་དགོས་པ་བསྐྱར་ནན་དུ་བརྗོད་ཀྱི་ཡོད་ལ། ཁྲིམས་ཡིག་གི་ཆ་རྐྱེན་མི་ལྡན་བའི་སྙན་ཞུ་འདྲ་མིན་ཕུལ་ཏེ། དགོས་མེད་དུས་འགྱངས་དང་དུས་གྲོན། ལས་རྙོག་ཆགས་གཞིར་སོང་ན། ཁྲིམས་ཡིག་གི་བྱ་རིམ་ཚུལ་མིན་དུ་སྤྱད་པའི་ཉེས་ཆད་ཕོག་སྲིད་པ་དང་། ལྷག་དོན་དུ། ཁྲིམས་ཡིག་གི་སྤྱིར་བཏང་ཤེས་བྱ་དང་རྒྱུན་ལྡན་བྱ་རིམ་ཙམ་ལའང་དོ་སྣང་མ་བྱས་པར། ཁྲིམས་ཀྱི་ཆ་རྐྱེན་མེད་བའི་སྙན་ཞུ་འབུལ་གཏོང་དང་། རྒྱུ་མཚན་མི་ལྡན་བའི་གནད་དོན་རྩོད་གླེང་། ཁྲིམས་ཞིབ་ཁང་གི་བྱ་རིམ་དང་ཐག་གཅོད་ལ་ཅོ་འདྲི་ཀླན་འཚོལ་ལྟ་བུའི་དབང་དུ་ཕྱིན་ཚེ། འགྲིག་ཐབས་མེད་པས། ཅི་ནས་ཀྱང་གཟབ་གལ་ཞེས་གསལ་པོར་བཀོད་ཡོད། ཅེས་བཀོད་འདུག

ཁྲིམས་ཞིབ་ཁང་ནས་གཏན་འབེབ་བྱས་པའི་ཁ་མཆུ་ཨང་ ༢༠ པའི་གནད་དོན་རགས་ཟིན་གྱི་དངོས་དོན་ཀྱི་གནད་དོན་ ༨ དང་། ཁྲིམས་དོན་གཉིས་སྒྲོགས་སྦྱང་གནང་བ་དང་སྦྲགས། ཁྲིམས་ཞིབ་ཁང་ནས་རགས་ཟིན་གནང་བའི་དོན་ཚན་ཁག་ལ་ཁ་སྣོན་ནམ་འཕྲི་འཐེན་ཇི་དགོས་སམ། ཁུངས་སྐྱེལ་འགན་ཁུར་སྤོ་བཤུག་དགོས་གལ་མཐོང་ཚེ། དེའི་རྒྱུ་མཚན་ཡང་དག་ཁྲིམས་ཞིབ་ཁང་ལ་ཡིད་ཆེས་ངེས་རྙེད་ཐུབ་པ་འདོན་འབུལ་དང་། བསམ་ཚུལ་མེད་ཚེ། མོས་མཐུན་ཡོད་པའི་ཁས་ལེན་བཅས་ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ གོང་ཁྲིམས་ཞིབ་ཁང་ལ་ཕུལ་འབྱོར་དགོས་པའི་བརྡ་ཐོ་བཏང་གནང་འདུག

 གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 14

  1. Gangseng says:
    ལོ་ 6 སྔོན།

    ངས་རིག་པ་འདོན་པ་དུས་བབ་ཀྱིས་ནག་བསུབ་བཏང་འདུག །གཞིས་བྱེས་གཉིས་ནས་མིག་ཅེར་ནས་བསྡད་ཡོད་པས་ཁྲིམས་ཐག་དྲང་པོ་གཅོད་པའི་རེ་བ་ཡོད། ཁྲིམས་ཞིབ་ཁང་གིས་དཔུང་ཡོད་དཔུང་མེད་ལ་བལྟ་ནས་ངོ་དགའ་སྤྲེལ་ལད་མི་འཁྲབ་པའི་རེ་བ་ཡོད།

    Reply
  2. རྒྱ་མ་ཚང says:
    ལོ་ 6 སྔོན།

    ལས་གཞུང་གང་ཡང་དུས་ཚོད་དང་འབྲེལ་ནས་འགྲོ་གི་ཡོད་པ་གཅིག་མཚུང་ཀུན་ཁྱབ་རེད་བ་ལར་ནས་ཁྲིམས་ཀྱི་མདུན་ཏུ་བཀའ་ཤགས་ལ་དམིག་གསལ་དགོས་ཡོད་ཟེར་ན་ཁྱེད་ཚོ་བྲི་མཁན་ངོ་མི་ཚ་ནའང་ངེས་ཚོ་ཀློགས་མཁན་ཡིད་སྐྱོ་གི་འདུག་

    Reply
  3. མཐུ་སྟོབས་དབང་ཕྱུག་གཡུ་ཐོག་ says:
    ལོ་ 6 སྔོན།

    ཡར་བཤད་མར་བཤད་གང་བྱས་ན་ཡང་ མི་སྒེར་ཞིག་གིས་བཙན་བོད་མིའི་སྒྲིགས་འཛུགས་བཀའ་ཤག་་ལ་ཁ་མཆུ་བརྩུགས་ནས་ཁྲིམས་ལ་བཏུག་པ་མ་ཟད་ཆེ་མཐོའི་ཁྲིམས་ཞིབ་ཁང་ནས་ཀྱང་ངོས་ལེན་དང་འབྲེལ་ཉེན་ཞིབ་བྱ་བའི་ལས་གཞི་ཐབས་སྡུག་འདི་འདྲ་སྤྱིར་འཛམ་གླིང་སྤྱི་དང་ལྷག་པར་དུ་ཡར་མཐོན་ཅན་གྱི་རྒྱལ་ཁབ་གང་ལ་ཡང་བྱུང་མྱོངས་ག་ལ་ཡོད་། རང་རེ་བོད་པའི་ལོ་རྒྱུས་ནང་འདི་འདྲ་བའི་ཐབས་ཟད་གནས་སྟངས་ཆགས་རྒྱུ་ཕར་བཞག་བསམ་ཡུལ་ལའང་འཁོར་མྱོངས་ག་ལ་ཡོད་། འདི་འདྲ་བའི་དགྲ་དགའ་གཉེན་སྡུག་གི་གནས་སྟངས་འདི་འདྲ་བསམ་བློ་བཏང་རིམ་བཞིན་དུ་ཡིད་སེམས་སྐྱོ་ཞིང་ཡིད་མུག་གི་གནས་སྟངས་ཆགས་པ་རེད་
    སྔོན་གསར་འགོད་པ་ཞིག་གིས་༧གོང་ས་མཆོག་ལ་ཁྱེད་རང་གི་གཞུང་ག་བ་ཡོད་ཞེས་དྲིས་པར་༧གོང་ས་མཆོག་ནས་བཀའ་ལེན་དུ་ ང་དང་བཀའ་ཤག་ག་པ་ཡོད་དེར་ངའི་གཞུང་ཡོད་གསུངས་པ་མཁྱེན་ལྡན་རྣམས་ནས་ཐུགས་བརྗེད་ཤོར་་བ་འམ་ཡང་ན་སྣང་ཆུང་བྱས་པ་མ་རེད་དམ་???
    མ་ལར་ནས་ཆེ་མཐོའི་ཁྲིམས་ཞིབས་ཁང་དང་རྒྱ་གར་གཞུང་ནས་ཐག་ཆོད་གནང་ཟིན་བའི་སྤྱི་རྒྱུ་སྒེར་བདག་བྱས་པའི་ཁ་མཆུ་དེ་བཞིན་ལག་བལྟར་མ་གནང་བར་ཆེ་མཐོའི་ཁྲིམས་ནང་མྱལ་བཞག་དོན་ག་རེ་ཡིན་ནམ་???
    བཀུར་འོས་སྤྱི་མཐུས་མང་བདག་ཞིག་དང་རྒྱལ་གཅེས་མང་ཚོགས་ལ་བློ་ཕམས་དང་བསམ་ཚུལ་ཆེན་པོ་ཡོད་པ་མཁྱེན་དགོས་ལ་ལག་བལྟར་ངེས་པར་གནང་དགོས་ཀྱི་འདུག་ཞེས་ཚོར་བ་ཆེན་པོའི་སྒོ་ནས་མི་ཞུ་ཀ་མེད་བྱུང་སོང་།།།

    Reply
  4. རྟ་བདུན་དབང་བོ says:
    ལོ་ 6 སྔོན།

    ངས་ཀྱང་ཁྱད་མཚར་འདྲ་མཐོང་སོང་། སྔ་དྲོ་ཆུ་ཚོད་བཞི་ཟེར་བ་དེར། མགྲོན་ཁང་ལྟ་བུ་ཡིན་ན་ཉིན་གུང་ཆུ་ཚོད་༡༢ མ་ཡོལ་གོང་ལ་ལྡེ་མིག་རྩིས་སྤྲོད་དགོས་པ་རེད། ཉིན་གུང་ཆུ་ཚོད་བཅུ་གཉིས་སམ། མཚན་གུང་ཆུ་ཚོད་༡༢ སྔོན་ལ་འབྱོར་དགོས་ཟེར་ན་ཡག་པོ་འདུག ཧ་ཧ་ཧ་ཧ། །

    Reply
  5. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    ཟླ་འདིའི་ཚེས་༡༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་༤ གོང་ཁྲིམས་ཞིབ་ལ་ཕུལ་འབྱོར་དགོས་པ་ཟེར་བ་ཁྲིམས་ཞིབ་ཁང་སྔ་དྲོའི་
    ཆུ་ཚོད་༤ པར་སྒོ་ཕྱེ་གི་ཡོད་པ་ཡིན་ནམ་ཧཧཧ

    Reply
  6. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    ཁྲིམས་ཀྱི་བསྡམ་ན་གཅིག་རེད་
    སྐུད་པའི་བསྡམ་ན་བརྒྱ་རེད།
    བདེན་པ་རྫུན་མ་ཁྲིམས་ཀྱི་དབྱེ།
    ཆུ་དང་འོ་མ་རུས་སྦལ་དབྱེ།

    Reply
  7. Ten Gyal says:
    ལོ་ 6 སྔོན།

    སྤེན་པ་ཚེ་རིང་བོད་པའི་སྤྱི་ཚོགས་ནང་ལོགས་ལ་སྤུགས་ཤིག་བརྒྱབ་ཡ་མ་ཏོག་ཡོད་མ་རེད་རྒྱ་ནག་ཞུང་གི་དངུལ་ག་ཚོད་རག་ཡོད་ན་་་་

    Reply
  8. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    ཉེས་པའི་བུ་ལ་ཉེས་པ་མ་བཏང་ན།
    བྱེད་པོ་ཐམས་ཅད་ཉེས་པའི་རྒྱུ་ལ་འགྲོ།
    བཟང་པོའི་བུ་ལ་ལེགས་སྐྱེས་མ་ཕུལ་ན།
    བཟང་ངན་མེད་པའི་སྤྱི་ཚོགས་ས་སྟེང་ཁྱབས།

    Reply
  9. ABHARU JIGWANG says:
    ལོ་ 6 སྔོན།

    ༄༅། ཁ་མཆུའི་ཉན་ཞིབ་གཉིས་པའི་ནང་དོན་ལ་བྲོ་ཅང་མི་འདུག་ བྲོ་མེད་ཅང་ཅང་རེད་འདུག་

    Reply
  10. བསོད་ནམས་རྒྱལ་མཚན། says:
    ལོ་ 6 སྔོན།

    Lobsang Senge དང་ Penpa Tsering གཉིས་ very Good ? ཁྱེད་རང་གཉིས་ཁ་མཆུ་གཙུག་རེ་བྱེད་ནས་སྡད་ཤོག་ཨ། ཡག་པོ་འདུག སྙིང་རྗེ་པོ་འདུག ? ? ? ? ? Five Stars.

    Reply
  11. Dorjee wo says:
    ལོ་ 6 སྔོན།

    ད་མང་པོ་ཞིག་བཤད་བསྡད་པ་ལས་སུ་བདེན་སུ་རྫུན་ཅི་ཡང་གོ་ཡ་མིན་འདུག

    Reply
  12. ནམ་མཁའ། says:
    ལོ་ 6 སྔོན།

    དེ་རིང་གི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ལ་ཡུན་རིང་རེ་ལྟོས་བྱས་ཡིན། མཐའ་མར་དུས་བབ་ལས་རེ་ས་ཞིག་མེད་སོང་། གསར་ཁང་ལ་ཤས་ཀྱིས་ཡིན་ལ་མིན་ལ་མང་པོ་ཞིག་བཏང་སོང་། ཁྲིམས་ལུགས་ཀྱི་དོན་ཚན་དང་ཁྲིམས་ཞིབ་ཁང་གི་རྩེས་མེད་བརྡའི་ནང་གསལ་ཚང་མ་འགོད་མཁན་དུས་བབ་རེད། གསར་འགོད་པ་ཁོང་ལ་ཐུགས་རྗེ་ཆེ། དངོས་ནས་གསར་འགྱུར་སྤུས་དག་ཁ་གསལ་ཡང་དག་འབྲི་ཀྱི་འདུག

    Reply
  13. ངག་དབང says:
    ལོ་ 6 སྔོན།

    གང་ལྟར་ཁྲིམས་ཞིབ་པ་རྣམས་ཀྱིས་ཁོང་གཉིས་སུ་བདེན་པ་དང་སུ་རྫུན་མ་ཡིན་པ་དེ།
    ཕྱོགས་རེས་སྤུ་ཙམ་མེད་པར་དྲང་པོ་དྲང་གཞག་ངང་ནས་བདེན་རྫུན་དབྱེ་འབྱེད་གནང་གལ་ཆེ།
    ད་ལྟ་བོད་མི་ཡོངས་ཁྲིམས་ཞིབ་ཁང་ལ་བལྟས་ནས་སྒུག་ཡོད།

    བདེན་པ་ཉིད་ཐོབ་གྱུར་ཅིག

    Reply
  14. ནོར་རྒྱས། says:
    ལོ་ 6 སྔོན།

    སྔ་དྲོའི་ཆུ་ཚོད་༤ པར་ཁྲིམས་ཞིབ་ཁང་སྒོ་ཕྱེ་གི་ཡོད་ན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese