མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གནམ་གཤིས་དང་ཁོར་ཡུག་ཐད་ཀྱི་སྲིད་བྱུས་ཁག་རྒྱ་ནག་གི་ནང་སྲིད་ཁོ་ནར་ངོས་འཛིན་བྱས་ནས་མ་འཇོག་རོགས།

བོད་ཀྱི་དུས་བབ།
༢༠༡༩/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབྱིན་ཡུལ་དང་སི་ཀོ་ལན་ཌི་གཞུང་ནས་རྒྱ་ནག་གི་འཕེལ་རྒྱས་ཀྱི་ཤུགས་རྐྱེན་དང་ཐེ་བྱུས་ལ་ཡིད་གཟབ་གནང་དགོས་སྐོར་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་སི་ཀོ་ལན་ཌི་ (Scotland) ཡི་གྲོས་ཚོགས་ནང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བར་ཐུག་འཕྲད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གི་འཕེལ་རྒྱས་དང་ཤུགས་རྐྱེན། ཐེ་བྱུས་ལ་ཡིད་གཟབ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། དེ་བཞིན་བོད་ཀྱི་གནམ་གཤིས་དང་ཁོར་ཡུག་ཐད་ཀྱི་སྲིད་བྱུས་ཁག་རྒྱ་ནག་གི་ནང་སྲིད་ཁོ་ནར་ངོས་འཛིན་བྱས་ནས་མི་འཇོག་པར། བོད་མཐོ་སྒང་གིས་ཨེ་ཤ་ཡའི་གནམ་གཤིས་དང་མཁའ་རླུང་ལ་ཤུགས་རྐྱེན་ཐེབས་པ་ཙམ་དུ་མ་ཟད། ཨ་ཧྥེ་རི་ཁ་དང་ཡུ་རོབ་སོགས་འཛམ་གླིང་ཁྱོན་ཡོངས་ཀྱི་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་སྐོར་གསུངས་འདུག

སི་ཀོ་ལན་ཌིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་(Cross Party Group)གོ་སྒྲིག་འོག ཉིན་དེའི་ཉིན་གུང་གསོལ་ཚིགས་སི་ཀོ་ལན་ཌིའི་རྒྱལ་ཡོངས་ཚོགས་པ་(Scottish National Party)དང་ལྗང་ཁུ་ཚོགས་པ་(Scottish Green Party)གཉིས་ཀྱི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་འཐུས་མི་རྒན་གྲས་འགའ་སོགས་འཐུས་མི་གྲངས་ ༡༠ དང་མཉམ་དུ་གྲོས་ཚོགས་ནང་མཆོད་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་ནས་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུ་བ་དང་ཆབས་ཅིག ཁོང་རྣམ་བཞུགས་སྒར་དྷ་རམ་ས་ལར་ཕེབས་པར་མགྲོན་འབོད་གནང་ཡོད་འདུག

ཉིན་དེའི་ཕྱི་དྲོར་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་(Cross Party Group)ཚོགས་མི་རྣམས་ལ་ཐུག་འཕྲད་གནང་སྐབས་སྲིད་སྐྱོང་མཆོག་གིས། ཁོང་རྣམ་པས་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་བསམ་ཤེས་ཙམ་ལས་ཕྱིར་འབུལ་རྒྱུ་གང་ཡང་མེད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གྲོགས་པོ་གསར་པ་བཟོས་ནས་རྙིང་པ་རྣམས་བརྗེད་མི་ཉན་པའི་བཀའ་སློབ་ལམ་སྟོན་གནང་གི་ཡོད་སྐོར་དང་། ཚོགས་མི་གསར་པ་རྣམས་ལ་འཚམས་འདྲི་དང་། དེ་བཞིན་དབྱིན་ཇི་དང་སི་ཀོ་ལན་ཌི་གཞུང་ནས་རྒྱ་ནག་གཞུང་གི་འཕེལ་རྒྱས་ཀྱི་ཤུགས་རྐྱེན་དང་ཐེ་བྱུས་ལ་ཡིད་གཟབ་གནང་དགོས་པ། རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་འོག་བོད་མིའི་ཆོས་དང་རིག་གཞུང་། ངོ་བོ་སོགས་རྩ་མེད་བཟོ་ཆེད་བོད་ཁུལ་གྱི་དགོན་པའི་བརྒྱ་ཆ་ ༩༨ ཙམ་གཏོར་བ་དང་བོད་མི་སྟོང་ཕྲག་མང་པོ་བསད་པའི་ལོ་རྒྱུས་ངོ་སྤྲོད་གནང་ཡོད་འདུག

གསུང་བཤད་གནང་གྲུབ་རྗེས་ཚོགས་མི་རྣམས་ཀྱིས་དྲི་བ་དྲིས་ལན་གནང་སྐབས་སྲིད་སྐྱོང་མཆོག་གིས། བོད་དོན་འཐབ་རྩོད་ཁྲོད་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་ནུས་པ་ངེས་ཅན་འདོན་ཐུབ་པ་དང་། དབྱིན་གཞུང་ནས་བོད་ཐོག་རྒྱབ་སྐྱོར་ཤུགས་ཆེན་འགྲོ་བཞིན་ཡོད་པ། དབྱིན་ཡུལ་གྱི་གྲོས་ཚོགས་ནང་བོད་དོན་བདེན་མཐའ་གསལ་བར་གཉིས་སྨན་དབུ་མའི་ལམ་གཞི་རྩར་བཟུང་ནས་གྲོས་མོལ་བྱེད་དགོས་པའི་གྲོས་འཆར་འདོན་ཐུབ་སྐོར་སོགས་གསུངས་ཡོད་འདུགགཞན་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན། དབྱིན་ཡུལ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་དབྱིན་ཡུལ་གྱི་ལོན་ཌོན་གཙུག་ལག་སློབ་གཉེར་ཁང་(University College London)དུ། སྲིད་སྐྱོང་མཆོག་དང་བྷི་བྷི་སི་གསར་ཁང་གི་གསར་འགོད་པ་ཨེ་མི་ལི་བྷུ་ཆ་ནན་ (Emily Buchanan) དང་གནམ་གཤིས་ཚན་རིག་པ་ཁི་རི་སི་རེ་པི་ལེ་ (Chris Rapley) བཅས་ཀྱིས། གནམ་གཤིས་འགྱུར་ལྡོག་དང་བོད་མཐོ་སྒང་ཅེས་པའི་བརྗོད་གཞིའི་ཐོག་གླེང་མོལ་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་ནས་བོད་ཀྱི་གནམ་གཤིས་དང་ཁོར་ཡུག་ཐད་ཀྱི་སྲིད་བྱུས་ཁག་རྒྱ་ནག་གི་ནང་སྲིད་ཁོ་ནར་ངོས་འཛིན་བྱས་ནས་མི་འཇོག་པར། བོད་མཐོ་སྒང་གིས་ཨེ་ཤ་ཡའི་གནམ་གཤིས་དང་མཁའ་རླུང་ལ་ཤུགས་རྐྱེན་ཐེབས་པ་ཙམ་དུ་མ་ཟད། ཨ་ཧྥེ་རི་ཁ་དང་ཡུ་རོབ་སོགས་འཛམ་གླིང་ཁྱོན་ཡོངས་ཀྱི་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང་། ཉེ་ཆར་གནས་ཚུལ་དབྱེ་ཞིབ་པས་འདས་པའི་ལོ་ངོ་ ༤༠ ནང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྱག་རོམ་བཞུ་ཚད་ལྡབ་གཅིག་གིས་འཕར་ཡོད་པ་ཤེས་རྟོགས་བྱུང་ཡོད་སྐོར་སོགས་གསུངས་འདུག

སྐབས་དེར་གནམ་གཤིས་ཚན་རིག་པ་ཁི་རི་སི་རེ་པི་ལེ་ (Chris Rapley) ལགས་ཀྱིས། གོ་ལའི་ཚ་དྲོད་མགྱོགས་མྱུར་ངང་འཕེལ་གྱི་ཡོད་པ་དང་། ང་ཚོས་འབྱུང་བའི་ཁམས་དཀྲུགས་ཡོད་པས་དུག་རླངས་འདོན་མཚམས་འཇོག་དགོས་པ། དེ་བཞིན་བོད་མཐོ་སྒང་གིས་འཛམ་གླིང་སྤྱིའི་ཚ་དྲོད་ལ་ཤུགས་རྐྱེན་ཐེབས་པ་ངོས་འཛིན་ཐོབ་པའི་ཐོག་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་གཅེས་ཉར་བྱེད་དགོས་པ་ནི་གལ་ཆེན་ཡིན་སྐོར་སོགས་གསུངས་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་སྟེང་བཀོད་པ་ལྟར་ན།  ཟླ་འདིའི་ཕྱི་ཚེས་ ༢༩ བར་གྱི་ཟླ་ཕྱེད་ཙམ་རིང་སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་ནང་གཞུང་འབྲེལ་སྐོར་སྐྱོད་གནང་བཞིན་ཡོད་པ་ལྟར། སྲིད་སྐྱོང་མཆོག་ནས་དབྱིན་ཡུལ་གྱི་བཙན་བྱོལ་བོད་མིའི་ཐེབས་རྩའི་སྦྱིན་བདག་རྣམས་ལ་ཐུག་འཕྲད་གནང་སྟེ། རྒྱ་གར་ནང་གི་སློབ་ཕྲུག་ཉམ་ཐག་ཚོར་སློབ་ཡོན་གྱི་རོགས་རམ་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། དེ་བཞིན་དབྱིན་ཡུལ་གྱི་བོད་རིགས་རྣམས་ལ་ཐུག་འཕྲད་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་གལ་ཆེན་ཡིན་སྐོར་དང་། བོད་དོན་བདེན་མཐའ་གསལ་ཐབས་སུ་གཉིས་ཕན་དབུ་མའི་ལམ་དང་བོད་མིའི་སྒྲིག་འཛུགས་ཀྱི་མ་ལག་དང་བཅས་པ་ངོ་སྤྲོད་དང་། དབྱིན་ཡུལ་གྱི་ན་གཞོན་ཚོར་ཟུར་དུ་ཐུག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་གི་ལས་འཆར་སྤྱི་དང་ལྷག་པར་དུ་བསྐྱར་དུ་འཚོག་ལ་ཉེ་བའི་གཞོན་སྐྱེས་ཀྱི་ཚོགས་འདུའི་སྐོར་དང་དེར་མཉམ་ཞུགས་བྱ་གལ་ཆེ་སྐོར་སོགས་གསུངས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 1

  1. kalsang dawa says:
    ལོ་ 7 སྔོན།

    ༄།ཆབ་སྲིད་ཀྱི་འགོ་ཁྲིད་ཟེར་ན་རྒྱལ་སྤྱི་ཐོག་བོད་དོན་ངོ་སྤྲོད་ཐུབ་མཁན་ཞིག་དགོས་རེད།རྡ་རམ་ས་ལའི་སྤྲ་སྤྲེལའུ་མཉམ་དུ་འཐབ་རྩོད་བྱེད་རྒྱུ་གང་མེད་།བོད་རང་བཙན་ཤོར་བ་རྒྱལ་སྤྱི་ཐོག་ནས་བོད་དེ་ཕར་ངོ་ཚུར་ངོ་མ་ཤེས་པའི་སྐྱེན་གྱི་རེད།ད་སྐབས་བོད་ཀྱི་བདེན་པའི་འཐབ་བརྩོད་དེ་རྒྱལ་སྤྱི་ཐོག་ནས་རྒྱབ་སྐྱོར་དང་སྒྲིག་འཛུགས་ཀྱི་སྣེ་ཁྲིད་འོག་མི་མང་གི་བདེན་པའི་འཐབ་བརྩོད་འགྲོ་བཞིན་པའི་དུས་ཡིན་པས་།བོད་ཀྱི་སྲིད་སྐྱོང་འཛམ་གླིང་རྒྱལ་ཁབ་ཁག་དུ་བོད་ཀྱི་བདེན་པའི་གནས་ལུགས་ངོ་སྤྲོད་དུ་ཕེབས་ཐུབ་འདི་གཟི་བརྗིད་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese