མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྦེལ་ཇམ་གྱི་འཁྲུག་འཛིང་སྐོར་ལ་ཚོཊ་པ་བརྒྱད་ཀྱིས་གསལ་བཤད་དང་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༡༩/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

སྦེལ་ཇམ་གྱི་བོད་མིའི་ཚོགས་པ་བརྒྱད་ཀྱིས་ཡུལ་དེའི་བོད་མི་རྣམས་ཁྱིམ་ཚང་གཅིག་ནང་བཞིན་བསྡད་ཡོད་པས་ཉེ་སྔོན་བྱུང་བའི་འཁྲུག་འཛིང་དེར་སྒྲོ་འདོགས་ཀྱིས་སྤྱི་ཚོགས་དྲ་ལམ་དུ་བཀྲམ་ནས་གཏོར་བཤིག་མ་གཏོང་རོགས་ཞེས་འབོད་སྐུལ་གནང་འདུག

བོད་མིའི་སྒྲིག་འཛུགས་ནས་སྦེལ་ཇམ་སྐུ་ཚབ་དོན་གཅོད་ཁང་ལ་བཀོད་མངགས་གནང་བ་ལྟར། སྦེལ་ཇམ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་བོད་རིགས་ཚོགས་པ། ས་གནས་གཞོན་ནུ་ཚོགས་པ། ས་གནས་བུད་མེད་ལྷན་ཚོགས། དབུས་གཙང་ཆོལ་ཁ། མདོ་ཁམས་ཆུ་བཞི་སྒང་དྲུག མདོ་སྨད་ཆོལ་ཁ། ཤེས་རབ་སྣང་བྱེད་སློབ་གྲྭ་བཅས་ཚོགས་སྡེ་ཁག་ ༨ ཀྱི་འཐུས་མི་ལྷན་འཛོམས་ཐོག ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་སྦེལ་ཇམ་ནང་བོད་པའི་གཞོན་སྐྱེས་ཁག་ཅིག་བར་འཁྲུག་པ་ཤོར་ཏེ་གཞོན་སྐྱེས་ ༥ ལ་རྨས་སྐྱོན་བཟོས་པའི་གནད་དོན་དེའི་སྐོར་ལ་གསལ་བཤད་གནང་ཡོད་པ་དང་སྦྲགས། མི་མང་ལ་འབོད་སྐུལ་གནང་བའི་བརྙན་ཐུང་ཞིག་སྦེལ་ཇམ་ས་གནས་གཞོན་ནུས་ཡུས་ཊོབ་ནང་བཞག་འདུག

སྦེལ་ཇམ་ནང་འཁྲུག་འཛིང་ཤོར་བའི་ཡུལ་དངོས་ཀྱི་བརྙན་ཐུང་ཁག་ཅིག་སྤྱི་ཚོགས་དྲ་ལམ་དུ་ཁྱབ་རྗེས། བོད་རིགས་སྤུན་ཟླ་ནང་ཁུལ་དུ་སྡང་སེམས་ཆེན་པོས་རུབ་རྡུང་བྱེད་མཁན་གྱི་གཞོན་སྐྱེས་དེ་དག་ངེས་པར་དུ་ཡུལ་དེའི་ཁྲིམས་སར་སྐྱེལ་དགོས་པ་དང་། བོད་མིའི་ཆེ་མཐོང་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་པ། དེ་བཞིན་ཡུ་རོབ་བོད་མིའི་རྐང་སྤོལ་རྩེད་འགྲན་དེ་གོ་སྒྲིག་གནང་མཁན་ཚོས་འགན་ཡག་པོ་ཁུར་ཐུབ་མེད་པ་སོགས་ཀྱི་སྐྱོན་བརྗོད་དང་། ད་ལན་གྱི་འཁྲུག་འཛིང་དེ་ཆོལ་ཁ་དང་ཡང་ན་ཚོགས་པ་འདྲ་མིན་བར་བྱུང་བ་ཡིན་ལུགས་སོགས་ཀྱི་གླེང་གཞི་མང་པོ་བྱུང་ཡོད་སྟབས། བརྙན་ཐུང་དེའི་ནང་འཁྲུག་འཛིང་གི་གནད་དོན་དེ་གཞོན་སྐྱེས་ཁག་ཅིག་ར་བཟི་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ལས། ཆོལ་ཁ་ཆོས་བརྒྱུད་འཐེན་འཁྱེར་དང་འབྲེལ་བ་གང་ཡང་མེད་པས། མི་མང་ནས་སྦེལ་ཇམ་གྱི་བོད་རིགས་ཚོ་ཁྱིམ་ཚང་གཅིག་ནང་བཞིན་ཡོད་པའི་གནས་བབ་དེ་མི་གཏོར་བའི་ཆེད་དུ། སྒྲོ་འདོགས་ཀྱི་གནས་ཚུལ་རིགས་མི་བཟོ་བའི་རེ་སྐུལ་དང་སྦྲགས། ད་ལན་འཁྲུག་པ་རྒྱག་མཁན་གཞོན་སྐྱེས་རྣམས་ལོ་གཅིག་རིང་ཡུ་རོབ་རྐང་སྤོལ་རྩེད་འགྲན་ནང་ཞུགས་མི་ཆོག་པ་བཟོས་ཡོད་པ་དང་། སྦེལ་ཇམ་ཉེན་རྟོག་ཁང་ནས་ཐེངས་འདིའི་གནད་དོན་ཐག་གཅོད་གནང་གི་ཡོད་སྐོར་བརྗོད་འདུག

བརྙན་ཐུང་ནང་སྦེལ་ཇམ་གཞོན་ནུའི་ཚོགས་གཙོ་བསོད་ནམས་ཚེ་རིང་ལགས་ཀྱིས། ཡུ་རོབ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནི་ཡུ་རོབ་ནང་གི་བོད་མི་ཚོའི་རྩལ་ངོམ་ས་དང་རྩལ་བདག་པོ་རྒྱག་རྒྱུ་དེ་རེད། དེ་དང་མཉམ་དུ་གལ་ཆེན་པོ་ཞིག་ནི་ཡུ་རོབ་ཀྱི་བོད་མི་ཚང་མ་མཉམ་གཅིག་ཏུ་འཛོམས་ཏེ་ཕན་ཚུན་ངོ་ཤེས་དང་འབྲེལ་འདྲིས་ཡོང་ཐབས་སོགས་དམིགས་ཡུལ་དེ་རེད་ལ། དེ་གཞིར་བཟུང་གིས་དམིགས་ཡུལ་གང་ལ་གང་འཚམ་འགྲུབ་ཡོད་པ་རེད། ཡིན་ནའང་། ཉེ་སྔོན་ང་ཚོ་གོ་སྒྲིག་པའི་ངོས་ནས་གྲ་སྒྲིག་ཡག་པོ་བྱས་ཡོད་ལ་རྩེད་འགྲན་པའི་ངོས་ནས་ཀྱང་རྩེད་མོ་དཔེ་ཡག་པོ་རྩེས་ཡོད་པ་རེད། ཅེས་དང་། རྐང་སྤོལ་རྩེད་འགྲན་ཚར་རྗེས་མཚན་ཚོགས་ཤིག་ཚོགས་ཀྱི་ཡོད་པ་དང་། ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༦།༣༠ ཙམ་ལ་བོད་པ་ནང་ཁུལ་དུ་སྟབས་མ་ལེགས་པའི་ཆག་སྒོ་ཞིག་བྱུང་ཡོད་ཀྱང་། རྙོག་དྲ་དེ་རྩེད་འགྲན་པ་ཕན་ཚུན་བར་དང་མི་གཅིག་ལ་མི་བརྒྱད་དགུ་ཡིས་རུབ་རྡུང་བྱས་བཞག་པ་རྩ་བ་ནས་མིན་པ་དང་། རྙོག་དྲ་དེ་ཚོགས་ཁང་ནང་གི་མཛད་སྒོ་ཆ་ཚང་གྲུབ་རྗེས། ར་བཟི་བ་ལ་བརྟེན་ནས་གཞོན་སྐྱེས་ཁག་ཅིག་གི་བར་སྐད་ཅོར་བརྒྱབས་པ་དང་རྩོད་པ་ཆུང་ཆུང་རེ་ཤོར་ནས་ཆག་སྒོ་དེ་བྱུང་བ་ཡིན་པས། འཛིན་སྐྱོང་ངོས་ནས་གྲ་སྒྲིག་དང་འཐུས་ཤོར་བཏང་བ་སོགས་ལ་བརྟེན་ནས་བྱུང་བ་ཞིག་གཏན་ནས་མིན་སྐོར་སོགས་བརྗོད་འདུག

དེའི་རྗེས་སྦེལ་ཇམ་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ལགས་ཀྱིས། ཉེ་ཆར་བོད་རིགས་བུ་གུ་ཚོའི་བར་ལ་འཁྲུག་འཛིང་ཤོར་བའི་གནད་དོན་དེ་སྦེལ་ཇམ་ཉེན་རྟོག་པའི་ཕྱག་ཏུ་ཡོད་པ་དང་། གནད་དོན་དེ་ལ་གྲུབ་འབྲས་ཅི་ཡོང་སྦེལ་ཇམ་གཞུང་གི་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་བྱ་རྒྱུ་ཡིན་ལ།  འཁྲུག་འཛིང་ཁྲོད་མི་ལྔ་ལ་རྨས་སྐྱོན་ཕོག་ཡོད་ཀྱང་སྲོག་ལ་སྐྱོན་མེད་པ་དང་། ཁོང་ཚོའི་ལྟ་སྐྱོང་འོག་ཡོད་པས་བོད་རིགས་ཚང་མས་སེམས་ཁྲལ་གནང་མི་དགོས་སྐོར་བརྗོད་འདུག

དེ་ནས་སྦེལ་ཇམ་མདོ་ཁམས་ཆུ་བཞི་སྒང་དྲུག་དང་སྦེལ་ཇམ་མདོ་སྨད་ཆོལ་ཁ། སྦེལ་ཇམ་དབུས་གཙང་ཆོལ་ཁ་བཅས་ཀྱི་སྐུ་ཚབ་ཀྱིས། ད་རེས་ཀྱི་འཁྲུག་འཛིང་དེ་ལོ་ཆུང་གཞོན་སྐྱེས་ཁག་ཅིག་ར་བཟི་ནས་བརྒྱབས་པ་ལས་ཆོལ་ཁ་ཆོས་བརྒྱུད། ཚོགས་པ་སོགས་བར་འཐེན་འཁྱེར་བྱས་ཏེ་བྱུང་བ་ཞིག་མིན་ཡང་། མི་ཁག་ཅིག་གིས་འཁྲུག་འཛིང་འདི་ལ་སྒྲོ་འདོགས་བྱས་ཏེ་ཆོལ་ཁ་གཏོར་ཐབས་བྱེད་བཞིན་ཡོད་པ་དང་། ད་ལྟ་སྦེལ་ཇམ་གྱི་བོད་མིའི་གནས་བབ་ནི་ནང་མི་གཅིག་ནང་བཞིན་བསྡད་ཡོད་པས། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་སེམས་ཁྲལ་རྩ་བ་གནང་མི་དགོས་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༥ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 10

  1. ABHARU JIGWANG says:
    ལོ་ 7 སྔོན།

    ཚོགས་པ་མང་ཡང་ཕན་འབྲས་མི་འདུག། ཞབས་འདྲེན་བཞག་སོང་བོད་མི་ཡོངས་ལ།
    ཤེས་ཡོན་མི་འདུག་བེལ་འཇམ་གཞོན་ནུ། ངོ་དེབ་ནང་ལ་ཞབས་འདྲེན་བཞག་སོང།
    དགྲ་ལ་བཤད་ན་དགའ་ལགས། གཉེན་ལ་བཤད་ལ་སྐྱོ་ལགས།

    Reply
  2. སྲས་སྐུ་ངོ་། says:
    ལོ་ 7 སྔོན།

    རྐང་རྩལ་མངོན་པ་ལས་ཞབས་འདྲེན་ལུང་གང་ཞུས་འདུག

    Reply
  3. Lhatse says:
    ལོ་ 7 སྔོན།

    ཡུ་རོབ་ཁུལ་དུ་བསྐྱོད་རྒྱུ་བྱུང་བ་༸སྤྱི་ནོར་༸གོང་ས་མཆོག་གི་བཀའ་འདྲིན་ཉག་ཅིག་རེད། དེ་མིན་མི་རིགས་གཞན་གྱི་སྐྱབས་བཅོལ་བ་རྣམས་ལ་གཟིགས་དང་བཀའ་ངལ་ག་འདྲ་འདུག ང་ཚོ་བོད་མི་ཁ་ཤས་སོ་སོས་འཇོན་ཡིན་དོག་དོག་གིས་སུ་ལའང་རྩིས་དགོས་ཀྱི་མེད་དོག་དོག་གནང་མཁན་འདུག ཐབས་སྡུག་ཀླད་ཆུང་རེད་དོ། འཁྲུག་པ་རྒྱབ་མཁན་གཞོན་སྐྱེས་ཚོས་ག་རེ་རྟགས་བསྟོན་གྱི་ཡོད་རེད་ལབ་ན། ཁྱེད་ཚོ་བློ་ཁོག་མེད་མཁན་བྱབ་ཆུང་ཞིག་བསྟོན་གྱི་ཡོད། བློ་ཁོག་ཡོད་ན་སོ་སོའི་བོད་མི་ཡོངས་ཀྱི་ཆེད་དུ་ལས་འགུལ་སྤེལ་དང་ཨ་ནི་དཔའ་བོ་ངོ་མ་དེ་རེད། དེ་མིན་གཞོན་སྐྱེས་དེ་ཚོ་ཀླད་ཆུང་ Coward ངོ་མརེད། བོད་མིའི་ཞབས་དྲེན་མ་ཞུ་རོགས།

    Reply
  4. ཤམ་བྷ་ལ། says:
    ལོ་ 7 སྔོན།

    འོ་དེ་གཏམ་བཟང་རེད། ཡུ་རོབ་ནང་བོད་མིའི་ཚོགས་པ་ཁག་འཆམ་པོ་ཡོད་པར་དགའ་བསུ་ཡོད། བཀྲིན་ཆེ།། རང་རེ་བོད་བོད་མའི་ཚོས་་མི་ལ་རང་བཙན་ཟེར་མཁན་དེའི་ཁ་ལ་མ་རྒྱུགས་རོག དེ་མི་དེས་བོད་མའི་ནང་ཁུང་ལ་དུག་ཆུ་བླུག་མཁན་ཞིག་རེད་ཞག གཟབ་གཟབ་གནང་རོག དུས་བབ་ཚགས་ཤོག་ལས་ཁུང་ལ་གཏམ་བཟང་བཀོད་པདེ་ལ་བཀྲིན་ཆེ།????

    Reply
  5. Lobsang Wangdu says:
    ལོ་ 7 སྔོན།

    བོད་པའི་སྤྱི་ཚོགས་གཏོར་ཤིག་བཏང་ན་བསམ་བསམ་ཚོགས་པ་ ཕྱི་རྒྱལ་ལ་འང་གཙུག་འདུག་ག ས་གནས་གཞོན་ནུ་ཚོགས་པ། ས་གནས་བུད་མེད་ལྷན་ཚོགས། དབུས་གཙང་ཆོལ་ཁ། མདོ་ཁམས་ཆུ་བཞི་སྒང་དྲུག མདོ་སྨད་ཆོལ་ཁ། བོད་མི་རྣམས་ཁྱིམ་ཚང་གཅིག་ཡིན་ན་་་ ཚོགས་པ་འདི་གེ་དགོས་ཡ་ཡོད་མ་རེད་ཏོ། མིའི་གནམ་སྤྱོད་ཡོད་ན་་་ བོད་གཅིག ཆོས་གཅིག དབུ་ཁྲི་གཅིག་རེད་ཏོ། ?སྐུ་མཁྱེན། ?ཐུགས་རྗེ་གཟིགས། རྒྱུག་ཁྱི་ཡིན་ན་བརྗོད་མེད་རེད།

    Reply
  6. ངག་དབང says:
    ལོ་ 7 སྔོན།

    ད་བར་བོད་མི་རིགས་དེ་གཞན་དང་མ་འདྲ་བའི་ཡ་རབས་བཟང་སྤྱོད་འཛམ་གླིང་ན་གྲགས་བསྡད་པ་དེ།
    ད་རེས་ཁྱོད་ཚོས་མེད་པ་བཟོས་ཚར་སོང་།
    རྒྱལ་བའི་གཞལ་རས་ཡང་ཁྱོས་ཚོས་ཆུ་ལ་གཡུགས་ཚར་སོང་།
    ད་གསལ་བཤད་ཁུངས་འཁྱོལ་ལ་མ་འཁྱོལ་དེ་འདྲ་བྱས་ནས་ཕན་ཐོགས་ཅང་ཡོད་མ་རེད།
    དེ་ལས་ངའི་རེ་བ་ལ་ཁྱོད་ཚོ་བོད་མི་ཞིག་ཡིན་ན་སླད་མ་ལོངས་པར་གནས་ཚུལ་ངན་པ་དེ་རིགས་ནམ་ཡང་ནམ་ཡང་མེད་པ་གནང་རོགས།
    རང་ཉིད་བོད་པ་ཞིག་ཡིན་པས་ཆ་ནས་ཞུ་གི་ཡོད།
    བཀའ་དྲིན་ཆེ།

    Reply
  7. བློབཟང་། says:
    ལོ་ 7 སྔོན།

    ཁྱེད་ཚོས་མཆན་མ་བཀོད་ན་་་་ངོ་དེབ་ཐོག་ངོ་བཤུས་དང་བཅས་་་་་གསལ་འདེབས་བྱེད་ངེས།

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 7 སྔོན།

      བློ་བཟང་ལགས། ཁྱེད་ཀྱིས་ག་རེ་ངོ་དེབ་ཏུ་འགོད་ཀྱི་ཡིན་གསུང་གི་ཡོད། ཁྱེད་ཀྱིས་འོག་ཏུ་མཆན་ཞིག་བརྒྱབས་ཡོད་པ་དེ་ཁ་སང་ཆུ་ཚོད་ ༦།༤༥ ལ་བཀོད་འདུག་པ་དང་། དེ་ནས་ཆུ་ཚོད་ ༦།༤༦ སྟེ་སྐར་མ་གཅིག་གི་རྗེས་ནས་ཁྱེད་ཀྱིས་ཉེན་བརྡ་འདྲ་བོ་ཞིག་བཏང་འདུག

      Reply
  8. བློབཟང་། says:
    ལོ་ 7 སྔོན།

    སྐྱག་པ་ས་འོག་ཏུ་སྦས་སྐུང་བྱེད་རྒྱུ་ནི་་་་བོད་མི་ཚོ་ལ་གོམས་ཡོད་པ་རེད། ལར་ནས་མིག་གི་མཐོང་་ས་ནས་སྐྱག་རྫུན་འདི་་འད྄་གང་ནས་བཤད་ཕོད་དམ།
    ཕྱོགས་གཞན་ཞིག་ནད་བཤད་ན་་་་ད་རེས་་་རུབ་རྡུང་བྱེད་མཁན་ཚོའི་ནང་མིའི་རྒྱབ་རྩ་དང་། ད་དུང་ངཚོའི་སྤྱི་ཚོགས་ནང་་་་གྲལ་རིམ་དང་། ཆོལ་ཁ་ཆོས་ལུགས་་་་་་སོགས་ཀྱི་ནད་རྙིང་རུལ་དྲི་ཁ་བ་མང་བོ་ཡོད་པས། ཁོ་ཚོས་འཐབ་བརྒྱ་ཇུས་སྟོང་གིས་ངན་སྤྱོད་འདི་་་་སྣང་མེད་དུ་འཇོག་ཐབས་བྱེད་ཀྱི་ཡོད་པ་རེད། རུབ་རྡུང་དང་ལེབ་རྡུང་་་་ཡིན་པ་་་བརྙན་་་ཀྱིས་་དཔངཔོ་་བྱེད་ཐུབ་པ་འདུག་པས། ཁོ་ཚོསམངོབ་སུམ་ལ་་་་་སྐྱག་རྫུན་་་་བཤད་རུང་ངམ། ལར་ནས་དུས་བབས་ལའང་་་གསར
    འགྱུར་འགོད་རྒྱུ་་་ཁྲལ་མ་ཡིན་པར་་་་གསར་འགྱུར་་་དེ་མི་མང་གི་་་འབོད་སྒྱ་་་་མཚོན་ཐུབ་པ་དང་། སྤྱི་ཚོགས་ལབཟང་ཕྱོགས་ཀྱིའགན་ཁུལ་སྐུལ་དགོས་པ་ཡིན་པས། ་ད་རེས་ཁོ་ཚོ་དང་མཉམ་དུ་རྫུན་བཤད་རོགས་བྱས་་་ན་་་་་ང་ཚོ་འདི་ན་་་ས་ལེའུར་ཁྲི་ཕྲག་གི་ས་ནའང་་་་ངོ་ཚ་ནས་ཤི་འགྲོ་ས་རེད།།

    Reply
  9. ཤམ་བྷ་ལ། says:
    ལོ་ 7 སྔོན།

    འོ་དེ་གཏམ་བཟང་རེད། ཡུ་རོབ་ནང་བོད་མསི་ཚིགས་པ་ཁག་འཆམ་པོ་ཡོད་དགའ་བསུ་ཡོད། བཀྲིན་ཆེ།། རང་རེ་བོད་བོད་མའི་ཚོས་་མི་ལ་རང་ནཙན་ཟེར་མཁན་ཁ་ལ་མ་རྒྱུགས་རོག དེ་མི་དེས་བོད་མའི་ནང་ཁུང་དུག་ཆུ་བླུག་མཁན་ཞིག་རེད་ཞག གཟབ་གཟབ་གནང་རོག དུས་བབ་ལ་གཏཀ་བཟང་དེ་བཀྲིན་ཆེ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese