མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཁ་མཆུ་ཨང་ ༢༠ པའི་མཐའ་མའི་རྩོད་བཤད་གནང་རྒྱུ་རེད་འདུག

བོད་ཀྱི་དུས་བབ།
༢༠༡༩/༠༨/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བའི་བརྒྱུད་རིམ་སོགས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་དང་མཐུན་མིན་དང་། བོད་ཀྱི་ཐེབས་རྩའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་སྤྱི་འཐུས་རྒྱུན་ལས་སུ་བར་བརྒལ་བཀའ་འཁྲོལ་ཞུས་སྐབས་སྔོན་རྩིས་སྟངས་འཛིན་གྱི་སྒྲིག་གཞི་དང་འགལ་ཡོད་མེད་སྐོར་ལ་རྩོད་བཤད་གནང་སོང་།

དེ་རིང་ཞིབ་དཔྱོད་ཉན་ཞིབ་བརྒྱད་པའི་སྔ་དྲོའི་ལས་རིམ་ཐོག ཁྲིམས་དོན་དང་པོ་དཔལ་ལྡན་བཀའ་ཤག་གིས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩(༡) དམིགས་བསལ་བསྐོ་གཞག་གི་ཆ་རྐྱེན་འོག གུས་ཞུ་སྦྱོར་པ་སྤེན་པ་ཚེ་རིང་ལས་བྱེད་མིན་པ་ཞིག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ལས་གནས་ལ་བསྐོ་གཞག་གནང་པ་དང་། དོན་གཅོད་ཀྱི་འགན་ཁྱེར་བ་ནས་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡིན་ཐོག ལས་རྒྱུན་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག་གི་དགོངས་དོན་ལྷག་བསམ་ཆེན་པོས་འབད་པ་ལྷོད་མེད་ཀྱིས་སྲི་ཞུ་ཞབས་འདེགས་ཞུས་ཀྱང་།བཀའ་ཤག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པ་གཅིག་ལ་སྐྱོན་འཛུགས་དང་ཐག་གཅོད་གནང་སྟངས་ཀྱི་བརྒྱུད་རིམ་དེ་དག་ཁྲིམས་སྒྲིག་དང་མ་མཐུན་པ་གནང་ཡོད་སྐོར་ཁུངས་སྐྱེལ་སྐབས།ཞུ་སྦྱོར་པ་སྤེན་པ་ཚེ་རིང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་པ་རྣམས་ཀྱི་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞིའི་དོན་ཚན་ ༥༣ པ་ཉེས་འགོད་ཞིབ་འཇུག་དང་ཉེས་ཆད་ཀྱི་ནང་གསེས་དོན་ཚན་ཀ་དང་། ཁ། ག་སྟེ། ལས་བྱེད་པའི་རང་འཁྲིའི་ལས་དོན་འཐུས་ཤོར་དང་སྒྲིག་འགལ་བྱུང་ཚེ། ཀ) འབྲེལ་ཡོད་སྡེ་ཚན་འགན་འཛིན་ནས་ངག་ཐོག་ནས་ངོ་སྤྲོད་དང་། ཕན་སྐྱེད་མ་བྱུང་ན་ཡིག་ཐོག་ཉེན་བརྡ་གཏོང་བ། ཁ) འབྲེལ་ཡོད་ལས་བྱེད་ལ་གསལ་བཤད་ཀྱི་གོ་སྐབས་ཐེངས་གཅིག་སྤྲོད་དགོས་པ་དང་། གསལ་བཤད་མ་དག་ན་ཉེན་བརྡ་དང་ཡང་ན་ཉེས་ཆད་གཏོང་བ། ག) འབྲེལ་ཡོད་འགན་འཛིན་གྱིས་བཀག་ཤག་ལ་ཡིག་ཐོག་སྙན་སེང་ཞུ་དགོས་པའི་བརྒྱུད་རིམ་རྣམས་ལུང་འདྲེན་གྱིས་བཀའ་ཤག་ནས་ལས་བྱེད་བླང་དོར་གྱི་སྒྲིག་གཞིའི་དགོངས་དོན་གཞིར་བཟུང་གི་བརྒྱུད་རིམ་ལྟར་སོང་མེད་སྐོར་བརྗོད་སོང་།

དེ་ལ་བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པས་བཀའ་ཤག་གིས་དོན་གཅོད་གནས་དབྱུང་བཏང་བ་མིན་པར། འཕོ་འགྱུར་བཏང་བ་ཡིན་སྐོར་གྱི་གསལ་བཤད་དང་སྦྲགས། བཀའ་ཤག་གིས་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལས་བྱེད་མ་ཡིན་པ་ཞིག་དམིགས་བསལ་བསྐོ་གཞག་གི་སྐུ་དབང་ཐོག་ནས་བྱང་ཨ་རིའི་དོན་གཅོད་དུ་བསྐོ་གཞག་གནང་བ་ཞིག་ཡིན་པ་ལས། ལས་བྱེད་འདེམས་བསྐོ་ལྷན་ཁང་བརྒྱུད་བསྐོ་གཞག་གནང་པ་ཞིག་མིན་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དུ་ངོས་འཛིན་བྱེད་ཐབས་མེད་པར་བརྟེན། ལས་བྱེད་བླང་དོར་གྱི་སྒྲིག་གཞིའི་ཁྱབ་ཁོངས་སུ་མེད་སྐོར་དང་། བཀའ་ཤག་གིས་དོན་གཅོད་འཕོ་འགྱུར་བཏང་བ་དེ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་པ་རྣམས་ཀྱི་བླང་དོར་དང་། ཐོབ་ཐང་གི་སྒྲིག་གཞི་དོན་ཚན་ ༥༣ དང་རྩ་བ་ནས་འགལ་མེད་སྐོར་བརྗོད་སོང་། དེ་ལ་སྤེན་པ་ཚེ་རིང་གིས་སྤྱིར་བཏང་ཁོ་རང་ཉིད་ལས་བྱེད་མ་ཡིན་པ་ཞིག་དོན་གཅོད་དུ་བསྐོ་གཞག་གནང་པ་ཞིག་ཡིན་ཡང་། དོན་གཅོད་བསྐོ་གཞག་གནང་ནས་ལས་མཚམས་མ་བཞག་བར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཅིག་ཡིན་མིན་གྱི་དོགས་སློང་དང་འབྲེལ། དོན་གཅོད་ཀྱི་ལས་འཁུར་ཞུ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བླང་དོར་སྒྲིག་གཞི་བརྩི་སྲུང་བྱ་རྒྱུའི་དམ་ཡིག་ཐོག་མཚན་རྟགས་བརྒྱབས་ཡོད་པས་རང་ཤུགས་ཀྱིས་ལས་བྱེད་ཅིག་ཆགས་ཡོད་སྐོར་བརྗོད་སོང་། དེ་བཞིན་བཀའ་ཤག་གིས་ཞུ་སྦྱོར་བར་བཏང་བའི་ “བླང་དོར་བརྡ་སྟོན་” ཞེས་པ་དེ་“ཉེན་བརྡར་”ངོས་འཛིན་བྱེད་ཆོག་པའི་ཁྲིམས་སྒྲིག་གི་ཆ་རྐྱེན་ཅི་ཡོད་མེད་སྐོར་ཁྲིམས་རྩོད་པ་དང་ཞུ་སྦྱོར་བའི་བར་རྩོད་བཤད་གནང་སོང་།

དེ་རིང་ཞིབ་དཔྱོད་ཉན་ཞིབ་ཀྱི་ཉིན་རྒྱབ་ལས་རིམ་ཐོག ཁྲིམས་དོན་གཉིས་པ། ཞུ་སྦྱོར་བ་སྤེན་པ་ཚེ་རིང་གི་ཞུ་རྩའི་ནང་། བཀའ་ཤག་གིས་བོད་ཀྱི་ཐེབས་རྩ་ནས་བྱུང་བའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་སྤྱི་འཐུས་རྒྱུན་ལས་སུ་བར་བརྒལ་སྔོན་རྩིས་བཀའ་འཁྲོལ་ཞུས་སྐབས་བུ་ལོན་གྱི་ངོ་བོར་ཡོད་པའི་དངོས་ཡོད་གནས་ཚུལ་ཇི་བཞིན་མ་ཞུས་པ་དེ། སྔོན་རྩིས་སྟངས་འཛིན་གྱི་སྒྲིག་གཞི་དོན་ཚན་ ༧(༥)དང་འགལ་གྱི་ཡོད་པར་ངོས་འཛིན་ཞུ་གི་ཡོད་ཅེས་བཀོད་ཡོད་པ་ལྟར། ཞུ་སྦྱོར་བ་སྤེན་པ་ཚེ་རིང་གིས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞིའི་དོན་ཚན་ ༧ པ་ལོ་འཁོར་སྔོན་རྩིས་ཀྱི་ནང་གསེས་དོན་ཚན་ ༥ པའི་ནང་འཁོད་སྒྲིག་གཞི་ཁག་ལུང་འདྲེན་བྱས་ཏེ། བཀའ་ཤག་གིས་སྤྱི་འཐུས་རྒྱུན་ལས་ནས་བར་བརྒལ་བཀའ་འཁྲོལ་ཞུ་སྐབས་སྒྲིག་གཞིའི་དགོངས་དོན་གཞིར་བཟུང་བོད་ཀྱི་ཐེབས་རྩ་ནས་བྱུང་བའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་བུ་ལོན་གྱི་ངོ་བོར་ཡོད་པའི་དངོས་ཡོད་གནས་ཚུལ་ཇི་བཞིན་ཞུས་མེད་པ་དང་། བཀའ་འཁྲོལ་ཞུ་ཡིག་ལྷན་དུ་དེ་འབྲེལ་གྱི་ཆོད་ཡིག་ཁག་མཉམ་སྦྱར་གནང་མེད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་དངུལ་རྩིས་སྟངས་འཛིན་གྱི་སྒྲིག་གཞི་དོན་ཚན་ ༧(༥) དང་འགལ་གྱི་ཡོད་སྐོར་བརྗོད་སོང་བ་དང་། དེ་ལ་བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པས་བཀའ་ཤག་གིས་སྤྱི་འཐུས་རྒྱུན་ལས་ལ་བར་བརྒལ་བཀའ་འཁྲོལ་ཞུ་སྐབས། སྤྱི་འཐུས་རྒྱུན་ལས་ནས་བཀའ་ཤག་ལ་བཀའ་འཁྲོལ་ཞུ་ཡིག་ལྷན་དུ་དེ་འབྲེལ་གྱི་ཆོད་ཡིག་དགོས་སྐོར་འདྲི་རྩད་གནང་མེད་པ་མ་ཟད། བར་བརྒལ་བཀའ་འཁྲོལ་ཞུ་ཡིག་ཐོག་སྐབས་དེའི་ཚོགས་གཙོ་གཞོན་པས་སྒྲིག་མཐུན་བཀའ་འཁྲོལ་བསྩལ་བ་ཞིག་ཡིན་པས་སྒྲིག་འགལ་ཆགས་དོན་མེད་སྐོར་བརྗོད་སོང་།

དེ་རིང་གི་ཞིབ་དཔྱོད་ཉན་ཞིབ་གྲུབ་མཚམས་ཁྲིམས་ཞིབ་པ་ཆེ་བ་བཀའ་རྒྱུད་དོན་གྲུབ་མཆོག་གིས། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་མ་ཉེས་ཁག་གཡོགས་ཀྱི་ཁ་མཆུ་ཨང་ ༢༠ པའི་དངོས་དོན་ ༨ པའི་ཐོག་རྩོད་བཤད་དང་། དཔང་རྟགས་འདོན་འབུལ་གྱི་མཐའ་བསྡོམས་རྩོད་བཤད་གནང་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༥ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 8

  1. སྐལ་བཟང་། says:
    ལོ་ 7 སྔོན།

    ཁྲིམས་སར་ཚང་མ་འདྲ་མཉམ་རེད། དགྲ་དགའ་གཉེན་སྡུག་གི་སྐད་ཆ་འགྲོ་ས་ཡོད་མ་རེད། ལྷག་པར་ཧ་གོ་དགོས་པ་ཞིག་ཏེ་འདི་རང་གཞུང་གི་ཁྲིམས་ཁང་རེད་མ་གཏོགས་གཞན་ཞིག་མ་རེད།

    Reply
    • མཐུ་སྟོབས་དབང་ཕྱུག་གཡུ་ཐོག་ says:
      ལོ་ 7 སྔོན།

      ཁྲིམས་སར་ཚང་མ་འདྲ་མཉམ་ཡིན་པ་ལོས་ཤེས་། དགྲ་དགའ་གཉེན་སྡུག་གི་གནས་སྟངས་ཆགས་པ་རེད་ཞུས་པ་ཡིན་། དགྲ་དགའ་གཉེན་སྡུག་གི་སྐད་ཆ་འགྲོ་ས་ཡོད་མེད་ཁྲིམས་དཔོན་རྣམས་པས་མཁྱེན་ངེས་ལས་གཞན་སུ་ཞིག་གིས་ཀྱང་ཐག་བཅད་ཏེ་བཤད་ཤེས་ཡ་དང་ཐུབ་ཡ་མེད་མོད་། ཁྲིམས་ཁང་དེ་རང་གཞུང་རང་གི་ཡིན་པ་ཤེས་ཀྱི་ཡོད་ལ་ སྤོབས་པ་དང་གུས་བརྩི་ཡང་ཡོད་།

      ཡིག་རྩ་དང་དོན་དག་ཡག་པོ་དཔྱད་ཞིབས་གནང་སྟེ་ལེན་སློག་ན་ཡག་པོ་འདུག་ག་། བཀའ་དྲིན་ཆེ་།

      Reply
  2. མཐུ་སྟོབས་དབང་ཕྱུག་གཡུ་ཐོག་ says:
    ལོ་ 7 སྔོན།

    དཔལ་ལྡན་སྲིད་སྐྱོངས་མཁས་དབང་བློ་བཟང་སེང་གེ་ལགས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་ཉིན་མཚན་ལྟོས་མེད་ཉིན་རྒྱུགས་མཚན་རྒྱུགས་གནང་བཞིན་པ་མཐོང་ཐོས་ཡོད་ངེས་རེད་། ཁྲིམས་དང་མཐུན་པའི་ཐོག་ནས་ཁྲིགས་རྩོད་པ་ཆེད་བསྐོས་གནང་ཡོད་པ་མ་ཟད་བཀའ་བློན་སུ་གཅོག་ཕེབས་བཞིན་པ་དང་བཀའ་དྲུང་ལས་ཟུར་དྲུང་ཆེ་བཅས་ཕེབས་ཀྱི་འདུག་བ་།
    བོད་ཀྱི་ལོ་རྒྱུས་ནང་ལ་ད་བར་བྱུང་རྒྱུ་ཕར་བཞག་བསམ་བློ་ལའང་མཁོར་མ་མྱོང་བ་བོད་གཞུང་བཀའ་ཤག་ལ་མི་སྒེར་ཞིག་གིས་ཁ་མཆུ་གཙུགས་པ་མ་ཟད་
    མང་གཙོ་ཀ་བ་གསུམ་གྱི་ཆེ་མཐོའི་ཁྲིམས་ཁང་ནས་ཀྱང་ངོས་ལེན་དང་སྦྲགས་ཁ་མཆུ་རྒྱབས་བཞིན་འདུག་བ་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འཁྲིད་ལམ་སྟོན་འོག་གི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སམ་བཀའ་ཤག་ལ་འདི་འདྲའི་ཁ་མཆུ་གཙུགས་པ་འདི་དགྲ་དགའ་གཉེན་སྡུག་ཀྱི་ཐབས་སྐྱོ་བའི་མཐའ་ཤལ་གྱིས་ལས་གཞི་ཞིག་ལ་ངོས་འཛིན་བྱ་གི་ཡོད་།
    ཞིབས་ཐེངས་བརྒྱད་པ་རེད་ཟེར་ ད ཆེ་མཐོའི་ཁྲིམས་ཞིབས་ཁང་ནས་བོད་བསྟན་སྲིད་མི་རིགས་དང་བཅས་ལ་ཕན་པའི་ཁྲིམས་དང་མཐུན་པ་དང་ཕྱོགས་ལྷུངས་ཀྱི་བྱ་བ་གཏིལ་འབྲུ་ཙམ་ཡང་མེད་པའི་དྲང་པོས་ཐག་གཅོད་གནང་བའི་རེ་སྒུགས་བྱ་བཞིན་ཡོད་ཞུ་།

    Reply
  3. སྲས་སྐུ་ངོ་། says:
    ལོ་ 7 སྔོན།

    སྐུ་ངོ་སྲིད་སྐྱོང་ལགས་སྲིད་སྐྱོང་ཡིན་དུས་ཁྲིམས་ཁང་ལ་བཅར་དགོས་ཀྱི་མེད། སྲིད་སྐྱོང་ལགས་ཁྲིམས་ཁང་དུ་ངོ་བཞུགས་མ་ཐུབ་ཚེ། སྲིད་སྐྱོང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་ལྷན་ཁང་མིག་ནང་དུ་མ་བཞག་པ་རེད།

    Reply
  4. བོད་པ་ says:
    ལོ་ 7 སྔོན།

    ད་ལྟའི་བཀའ་ཤག་ནང་བཙན་འབྱོར་བོད་མའི་བཅའ་ཁྲིམས་ཡག་པོ་ཤེས་མཁན་མེད་པ་རེད་འདུག། དཔེ་རེད་

    Reply
  5. Gangseng says:
    ལོ་ 7 སྔོན།

    གཞུང་པ་ལགས། རྩམ་པ་ཞེས་པ་ར་ཙམ་དང་། སྒོ་ང་། ཁྲོམ་མོ། སློབ་བཟང་སངས་རྒྱས་ལགས་ཁྲིམས་འོག་མེད་པ་ཡིན་ནམ། ཁྲིམས་ཁང་དུ་ཉིན་གཅིག་ཕེབས་མ་སོང་། གཞན་ཡང་ཆིག་བསྒྲིལ་ནི་ནམ་མཁའི་འཇའ་ལྟར་ཆགས་སོང་། བྱེས་ཡོད་བོད་མི་དུམ་བུ་གཉིས་ཆགས་བཞག

    Reply
  6. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    བཙན་བྱོལ་སྤྱི་ཚོགས་འདི་མང་གཙོ་ཁྲིམས་ཀྱིས་དབང་བསྒྱུར་འོག་འགྲོ་གི་
    ཡོད་ན་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་
    རྩིས་དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞིའི་བདུན་ཚན་བདུན་པ་
    དང་དོན་ཚན་བརྒྱད་པའི་འོག་ལོ་འཁོར་སྔོན་རྩིས་སམ་བར་བརྒལ་སྔོན་
    རྩིས་བཅས་ཁྲིམས་མཐུན་རྒྱུད་ནས་བཀའ་འཁྲོལ་ཞུ་མཁན་དང་བཀའ་
    འཁྲོལ་གནང་མཁན་གཉིས་ངོས་ནས་དགོས་ངེས་ཡིག་ཆ་ཁག་མཉམ་འབུལ་ཐོག་
    དངུལ་རྩིས་བཏང་འཛིན་གྱིས་ཁྲིམས་ཡིག་ལ་འགན་ཁྱེར་དགོས་པ་མ་རེད་དམ།

    Reply
  7. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    འོ་ད་སྐད་ཆ་སྙན་དུ་སྙན་དུ་ཉི་མ་རིང་དུ་རིང་དུ་ཙམ་པ་ཞིབ་ཏུ་ཞིབ་ཏུ་
    ཟེར་བའི་དཔེ་ལྟར་རེད་འདུག་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅད་ཁྲ་ལ་
    སྒུགས་ནས་བསྡད་ཡོད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་གི་ཨ་ཡོད་ནང་
    གིས་ད་ཡོད་དང་གོ་ངའི་ནང་གིས་སེར་རིལ་ཚོའི་ཁྲོམས་ག་འདྲ་བཀྲམས་འདུག་
    བོད་ཀྱིས་ཡུལ་མི་ཡིན་པའི་ཆ་ནས་བལྟ་འདོད་བྱུང་ལ་ཉན་འདོད་ཡང་བྱུང།ཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese