མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསེར་གྱི་གསང་སྤྱོད་རྐུན་མས་ཁྱེར།

བོད་ཀྱི་དུས་བབ།
༢༠༡༩/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཡུལ་གྱི་བྷི་ལན་ཧེམ་ཕོ་བྲང་གི་ཨ་སྒོར་ས་ཡ་ ༦ གི་རིན་ཐང་ལྡན་པའི་གསེར་གྱི་གསང་སྤྱོད་རྐུན་མས་བརྐུས་ཏེ་རྩད་གཅོད་བྱེད་བཞིན་པའི་སྒང་ཡིན་འདུགཁ་སང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༤།༥༠ སྟེང་དབྱིན་ཡུལ་གྱི་ལྷོ་ཤར་རྫོང་(West Oxford)དུ་ཡོད་པའི་བྷི་ལན་ཧེམ་ཕོ་བྲང་(Blenheim Palace)གི་གསེར་གྱི་གསང་སྤྱོད་རྐུན་མས་ཁྱེར་ཡོད་པ་དང་།  ཉེན་རྟོག་པས་གནད་དོན་དེར་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་རང་ལོ་ ༦༦ ཡིན་པའི་སྐྱེས་པ་ཞིག་འཛིན་བཟུང་བྱས་ཡོད་པ་དང་། ཨ་སྒོར་ས་ཡ་ ༦ རིན་ཐང་ལྡན་པའི་གསེར་གྱི་གསང་སྤྱོད་དེ་རྩད་གཅོད་བྱེད་བཞིན་པའི་སྒང་ཡིན་འདུག

ཨི་ཊ་ལི་ནས་ཡིན་པའི་གསེར་གྱི་གསང་སྤྱོད་བཟོ་འགོད་པ་མའོ་རི་ཛི་ཨོ་ཁ་ཊི་ལན་(Maurizio Cattelan)གྱིས། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ནས་མགོ་འཛུགས་ཀྱིས་ཟླ་རྗེས་མའི་ཚེས་ ༢༧ བར་དབྱིན་ཡུལ་རྒྱལ་པོ་(John Churchill)ཕོ་བྲང་དུ། ཁོ་རང་གི་སྒྱུ་རྩལ་བརྩམས་ཆོས་རྣམས་འགྲེམས་སྟོན་བྱེད་བཞིན་ཡོད་པ་དང་། གསེར་གྱི་གསང་སྦྱོད་དེ་ནི་ཁོའི་བརྩམས་ཆོས་ཁྲོད་ཀྱི་ཡང་སྙིང་ལྟ་བུ་ཡིན་པས། ཁོས་གསེར་གྱི་གསང་སྤྱོད་དེར་ཨ་རི་ཞེས་པའི་མིང་བཏགས་ཡོད་པ་དང་། དེ་ལྟར་འདོགས་དོན་ནི་མི་ཞིག་གིས་ཨ་སྒོར་ ༡༠༠ དང་། ཡང་ན་ཨ་སྒོར་ ༢༠༠ ཡི་ཟ་མ་ཟས་ཀྱང་། མཐའ་འཇུག་གི་གྲུབ་འབྲས་གསང་སྤྱོད་ནང་མ་གཏོགས་འགྲོ་ས་མེད་པས་གཅིག་མཚུངས་ཡིན་པ་བསྟན་ཏེ། འབྱོར་ལྡན་གྲལ་རིམ་ལ་ངོ་རྒོལ་གྱི་ཚུལ་དུ་བསྐྲུན་པ་ཞིག་ཡིན་སྐོར་བརྗོད་འདུག

ཊ་མི་སི་ཝེ་ལི་(Thames Valley)ས་གནས་ཀྱི་ཉེན་རྟོག་ཁང་གི་མགོ་འཁྲིད་གཞོན་པ་ཇི་སི་མིལ་ནེ་(Jess Milne)ཡིས། ང་ཚོས་རླངས་འཁོར་གཉིས་ཅན་གྱི་ནག་ཚོགས་ཤིག་ལ་དོགས་གཞི་བྱེད་ཀྱི་ཡོད་ལ། གང་ཐུབ་ཅི་ཐུབ་ཀྱིས་གསེར་གྱི་གསང་སྤྱོད་དེ་ལག་སོན་ཡོང་སླད་ཉེས་ཅན་པ་འཚོལ་ཞིབ་བྱེད་བཞིན་ཡོད། ད་ལྟ་ང་ཚོས་རྗེས་འདེད་བྱེད་བཞིན་པའི་སྒང་ཡིན་པ་མ་ཟད། ང་ཚོས་ཉེས་ཅན་འཚོལ་ཞིབ་རིང་བྷི་ལན་ཧེམ་ཕོ་བྲང་དུ་ཉེན་རྟོག་པ་འགྲེམས་འཇོག་གིས་སྲུང་སྐྱོབ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

སྒྱུ་རྩལ་བ་མའོ་རི་ཛི་ཨོ་ཁ་ཊི་ལན་ལགས་ཀྱིས། དེ་རིང་སྔ་དྲོར་གསེར་གྱི་གསང་སྤྱོད་རྐུན་ལ་ཤོར་འདུག་པའི་གནས་ཚུལ་འབྱོར་བྱུང་། དེ་དུས་ངས་བསམ་པར་རྩེད་མཚར་ཡིན་རྒྱུ་རེད་བསམ་ནས་སྣང་མེད་བཏང་བ་ཡིན། འོན་ཀྱང་། རྗེས་སུ་གནས་ཚུལ་དངོས་གནས་ཡིན་པ་ཤེས་པས། དེ་ནི་གློག་བརྙན་རྫུན་བཟོ་བྱེད་བཞིན་པ་ལྟ་བུ་མ་ཡིན་པར་ངའི་གསང་སྤྱོད་རྐུན་མས་འཁྱེར་ཡོད་པ་རེད། ཅེས་དང་། སྙིང་ནས་བརྩེ་བའི་རྐུན་མ་ལགས། གལ་སྲིད་ཁྱེད་ཀྱིས་འཕྲིན་ཡིག་འདི་ཀློག་གི་ཡོད་ཚེ། ཁྱོད་གསེར་གྱི་གསང་སྤྱོད་དེར་དགའ་པོ་ཅི་ཙམ་ཡོད་པ་དང་། ཁྱེད་ཀྱིས་གསེར་ཐོག་ཏུ་གཅིན་པ་གཏོང་སྐབས་ཚོར་སྣང་ག་རེ་བྱུང་མིན་ང་ལ་བཤད་རོགས། ཞེས་སོགས་བརྗོད་འདུགབྷི་ལན་ཧེམ་ཞེས་པའི་ཕོ་བྲང་དེ་ཕྱི་ལོ་ ༡༩༨༧ ལོར་འཛམ་གླིང་གི་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་ཁོངས་སུ་ཚུད་ཡོད་པ་དང་། ཨ་རི་ཞེས་པའི་གསེར་གྱི་གསང་སྤྱོད་དེ་ཕྱི་ལོོ་ ༢༠༡༦ ལོར་སྒྱུ་རྩལ་བ་མའོ་རི་ཛི་ཨོ་ཁ་ཊི་ལན་ལགས་ཀྱིས། ཨ་རིའི་ནེའུ་ཡོག་(The Guggenheim)འགྲེམས་སྟོན་ཁང་དུ་བཟོས་ཤིང་། ཐོག་མར་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་འགྲེམས་སྟོན་བྱས་སྐབས། ཉིན་རེར་མི་གྲངས་སྟོང་ཕྲག་མང་པོས་གསང་སྤྱོད་དེ་བེད་སྤྱོད་བྱེད་པར་སྒུག་དགོས་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་སླར་ཡང་ཨ་རིའི་ནང་འགྲེམས་སྟོན་བྱེད་སྐབས་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ལ་གཡར་མྱོང་ཡོད་པར་བཤད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༣ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 2

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    ཕུང་པོ་མི་གཙང་ཟས་ཀྱིས་སྐྱལ་བ་རེད།
    ཀྱག་ཅིན་གཡུགས་ས་གསེར་ལ་བཟོས་པ་དེ།
    སྤྱོད་ངན་ངོམས་གསོ་མི་ན་ག་འདྲ་རེད།
    ཕོ་རྒོད་རྐུ་མ་ཁྱོད་ལ་མཆོད་སེམས་བྱུང།
    ཧཧཧཧཧ

    Reply
  2. བློ་བཟང་བསམ་གཏན། says:
    ལོ་ 7 སྔོན།

    ང་ཚོས་མཐོང་ཚད་རིག་ཚད་ཀྱི་དངོས་པོ་གྲངས་མེད་བཟས་པ་དེ་་་་གསེར་གྱི་དངོས་པོའི་ནང་དུ་གཏོང་བ་དེ་མ་འགྲིག་པ་ཅི།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese