མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐོག་མ་ཉིད་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གནས་སྤོ་བྱེད་རྒྱུ་མཚམས་འཇོག་གནང་དགོས།

བོད་ཀྱི་དུས་བབ།
༢༠༡༩/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་པདྨ།

བོད་ཀྱི་སྐད་ཡིག་ཉམས་རྒུད་འགྲོ་ཡི་ཡོད་པ་དང་། ལྷག་པར་དུ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མི་ན་གཞོན་ཚོས་བོད་སྐད་ཀྱང་ཤོད་མི་ཐུབ་པའི་དཀའ་ངལ་སོགས་ཀྱི་སྐོར་འདས་པའི་ལོ་གྲངས་བཅུ་ཕྲག་འགའ་ཤས་ནང་ཆོས་དང་ཆབ་སྲིད་ཀྱི་དབུ་ཁྲིད། མཁས་དབང་དང་ཤེས་ཡོན་པ། ཕ་མ་དང་མང་ཚོགས་བཅས་ནས་ཡང་ཡང་གསུང་གི་ཡོད། འོན་ཀྱང་དཀའ་ངལ་འདི་ཉིད་སྤྱི་སྒེར་གཉིས་ཕྱོགས་ནས་སེལ་དགོས་པ་མ་ཟད་གང་མགྱོགས་སེལ་དགོས། དེ་མིན་བོད་ཀྱི་སྐད་ཡིག་གི་གནས་སྟངས་ཀྱང་མན་ཇུའི་སྐད་ཡིག་གི་གནས་སྟངས་ལྟ་བུ་ཆགས་ངེས་ཡིན། འོན་ཀྱང་དཀའ་ངལ་དེ་ཉིད་སེལ་བའི་ཐབས་ལམ་འཚོལ་བཞིན་པའི་སྐབས། མ་འོངས་པར་དཀའ་ངལ་དེ་ཉིད་ཆེ་རུ་མི་འགྲོ་བའི་ཐབས་ལམ་ཡང་འཚོལ་རྒྱུ་དེ་བས་ཀྱང་གལ་ཆེ།

ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གནས་སྤོ་བྱས་ནས་མཐར་སོ་སོ་རང་ཉིད་ཀྱི་ངོ་བོ་བརླག་པ་དང་། སོ་སོའི་མི་རིགས་ཀྱི་ངོ་བོ་བརླག་པ། སོ་སོའི་མེས་པོ་རྣམས་ནས་བྱུང་བའི་ལེགས་སྦྱང་ཉམས་རྒུད་དང་རྩ་མེད་འགྲོ་བ། ཕ་མ་བུ་ཕྲུག་དང་སྤུན་མཆེད་དབར་གྱི་བརྩེ་དུང་དམ་ཚིག་ཉམས་པ་སོགས་འབྱུང་གི་ཡོད་ན། ང་ཚོ་རྩམ་ཟན་པ་ཚོ་ཨུ་ཚུགས་ཀྱིས་དཀའ་ངལ་འབྱུང་སར་ཅིའི་ཕྱིར་མུ་མཐུད་གནས་ཡུལ་རྒྱལ་ཁབ་དེ་ཚོར་ཕེབས་ཀྱི་ཡོད་དམ།

དུས་ནམ་ཡིན་ལ་ང་ཚོ་བོད་མི་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན་གསུང་གི་ཡོད། དོན་དངོས་ཐོག་ལའང་འདི་རང་ཡིན།  འོན་ཀྱང་དེང་སང་ང་ཚོའི་སྤྱི་ཚོགས་ནང་ལྟ་དུས་ང་ཚོ་དཔལ་འབྱོར་གྱི་སྐྱབས་བཅོལ་བ་ལྟ་བུ་ཆགས་ཡོང་གི་འདུག དཔལ་འབྱོར་གྱི་གནས་སྟངས་གང་ལ་བཟང་བ་ཡོད་པ་དེར་ཐེ་ཚོམ་མེད་པར་ཤར་སྐྱོད་གནང་གི་འདུག ང་ཚོའི་གནང་སྟངས་འདི་འགྲིག་གི་ཨེ་ཡོད། ཐུགས་བསམ་ཞིག་བཞེས་དང་། ང་ཚོའི་ཆབ་སྲིད་ཀྱི་སྣེ་འཁྲིད་མཁན་གྱི་སྒྲིག་འཛུགས་ནི་རྒྱ་གར་འཕགས་པའི་ཡུལ་ལ་ཡོད། ཚེ་འདི་ཕྱི་གཉིས་ཀྱི་དབུ་ཁྲིད་ནི་རྒྱ་གར་འཕགས་པའི་ཡུལ་ལ་ཡོད། མ་འོངས་བོད་ཀྱི་སོན་རྩ་གསོ་སྐྱོང་བྱེད་ཡུལ་ནི་རྒྱ་གར་འཕགས་པའི་ཡུལ་ལ་ཡོད། དེས་ན་ང་ཚོ་ཚང་མ་ནུབ་ཕྱོགས་ལ་ཁ་གཏད་ནས་ཅིའི་ཕྱིར་འགྲོ་ཡི་ཡོད་དམ། ནུབ་ཕྱོགས་ཀྱི་ཤེས་ཡོན་ཅན་དང་ཚན་རིག་པ་མང་པོས་ནང་པའི་ཚན་རིག་དང་ནང་པའི་རིག་གཞུང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་རིན་ཐང་གཟིགས་ནས་སློབ་གཉེར་ཇི་ལྟར་གནང་གི་འདུག་གམ། ནོར་བུ་རང་ལ་ཡོད་དུས། །ནོར་བུའི་ནོར་ཉམས་མ་ཆོད། །ནོར་བུ་མི་ལ་ཤོར་དུས། །སྙིང་རླུང་སྟོད་ལ་འཚངས་བྱུང༌། །ཞེས་གསུངས་པ་ལྟར་བྱུང་ན་ཕན་ཐོགས་ཅི་ཡོད།

ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་དུ་ཡོད་པའི་ཕ་མ་ཚོས་ཕྲུ་གུ་རྣམས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭར་གཏོང་རྒྱུ་དང་རྒྱ་གར་དུ་དབྱར་ཆོས་ལ་བཏང་གནང་ནས་སོ་སོའི་ངོ་བོ་སྲུང་སྐྱོབ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུད་འཛིན་གནང་གི་ཡོད་པ་ཐུགས་དྲན་སྲིད། ནང་དུ་ཉིན་ལྟར་གཞན་སྐད་ཁོ་ན་སྦྱོང་སྤྱོད་གནང་ནས་བདུན་རེར་ཚུ་ཚོད་གཉིས་གསུམ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་ཐོག་གཏོང་གནང་ན་ག་ལ་ཕན། དེའི་སྟེང་ཕྲུ་གུ་ཚོའི་བདུན་རེའི་གུང་སེང་ཡང་མེད་པར་ཆགས་ནས་སེམས་ལྗིད་པོ་དང་དཀའ་ལས་ཁག་པོ་ཚོར་སྲིད།

ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་འདི་ཚོའི་ནང་བོད་རིགས་མི་ཉུང་བས་དང་བླངས་ཀྱིས་ཕྱག་ལས་གནང་གི་ཡོད་པ་རྣམས་བསྔགས་འོས་པ་ཞིག་ཡིན་ཡང་། དོན་དངོས་ཐོག་སློབ་གྲྭ་འདི་ཚོས་བོད་ཀྱི་སྐད་ཡིག་གི་ཛ་དྲག་གནས་སྟངས་འདིའི་ནད་རྟགས་རགས་པ་བཅོས་རྒྱུའི་འབད་བརྩོན་གནང་གི་ཡོད་པ་མ་གཏོགས་ན་ཚ་རྩ་བ་ནས་མེད་པ་བཟོ་རྒྱུའི་ཐབས་ཤས་གནང་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡིན།

མ་འོངས་པར་བོད་ཀྱི་སྐད་ཡིག་གི་དཀའ་ངལ་ཆེ་རུ་དང་སྡུག་ཏུ་མི་འགྲོ་བའི་ཆེད་དུ་དང་ཐོག་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གནས་སྤོ་གནང་རྒྱུ་མཚམས་འཇོག་གནང་དགོས། འོན་ཀྱང་དེ་ལྟར་དབུ་ཁྲིད་ཅིག་དང་སྒྲིག་འཛུགས་ཤིག་གིས་མ་གསུངས་ཀྱང་། རྩམ་ཟན་པ་སོ་སོ་སྒེར་གྱི་ངོས་ནས་ནུབ་ཕྱོགས་སུ་གནས་སྤོ་བྱེད་ཕྱོགས་ཀྱི་ཐོག་སྤྱི་སྒེར་གཉིས་ཀར་དགེ་སྐྱོན་དང་ཕན་གནོད་ཇི་ཡོད་རིགས་པས་དཔྱད་ནས་བསམ་ཞིབ་ནན་པོ་བྱེད་དགོས་པའི་དུས་ལ་བབས་འདུག

ཕྱི་ལོ་ ༢༠༠༦ ཟླ་ ༣ ཚེས་ ༢༧ ཉིན་དྷརྨ་ས་ལར་བོད་ནས་གསར་དུ་འབྱོར་བའི་དད་ལྡན་མང་ཚོགས་ལ་༸གོང་ས་མཆོག་གིས། ད་ལྟའི་ཆར་བོད་ནང་གི་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་བོད་མི་སུ་ལའང་གདམ་ང་མེད་པ་རེད། དེང་དུས་ཀྱི་ཤེས་ཡོན་ཅན་ཆགས་དགོས་ཀྱི་ཡོད་ན་རྒྱ་ཡི་སྐད་ཡིག་ལ་མ་བརྟེན་རང་བརྟེན་རེད། འོན་ཀྱང་བོད་པའི་སློབ་ཕྲུག་བརྒྱ་ཡོད་ན། སློབ་ཕྲུག་བདུན་ཅུའམ་བརྒྱད་ཅུ་ནས་བོད་ཀྱི་སྐད་ཡིག་གཙོ་བོར་སྦྱངས་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་འབུར་དུ་ཐོན་པ་དང་ཕ་མེས་ནས་བརྒྱུད་པའི་གཅེས་ནོར་ལེགས་སྦྱང་རྣམས་མི་ཉམས་རྒྱུད་འཛིན་བྱེད་ཐུབ་པ་དགོས། དེ་བཞིན་སློབ་ཕྲུག་ཉི་ཤུའམ་སུམ་ཅུ་ནས་རྒྱ་ཡི་སྐད་ཡིག་གཙོ་བོར་སྦྱངས་ནས་དེང་དུས་ཀྱི་སློབ་ཚན་ཁག་གི་ཆེད་ལས་ཤེས་ཚད་ཡོད་པ་ཆགས་རྒྱུ་དེ་རེད། ངས་འདི་འདྲ་བྱེད་རྒྱུ་གལ་ཆེན་པོ་ཚོར་གྱི་འདུག ཤེས་སོང་ངམ། ཞེས་གསུངས་ཡོད།

བདེན་པ་རེད། བོད་ནང་དུ་གདམ་ང་དང་རང་དབང་མེད་པ་རེད། ད་དུང་བོད་ཕྲུག་བརྒྱ་ཆ་གསུམ་ཆ་གཉིས་ནས་བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་པའི་བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་སློབ་གཉེར་གནང་རྒྱུའི་སྐོར་བཀའ་སློབ་ལམ་སྟོན་གནང་ཡོད། འོན་ཀྱང་ང་ཚོ་བོད་ཕྱི་ལ་ཡོད་པའི་བོད་མི་ཚོར་གདམ་ང་དང་རང་དབང་གཉིས་ཀ་ཡོད། དེ་འདྲ་སོང་ཙང་སྒྲིག་འཛུགས་སམ་ཕ་མ་སྒེར་སོ་སོའི་ངོས་ནས་༸གོང་ས་མཆོག་གི་དགོངས་པ་དང་བཀའ་སློབ་འདི་ཉིད་སྙིང་བཅངས་ཀྱིས་ད་ཡོད་བོད་ཕྲུག་རྣམས་ནས་བརྒྱ་ཆ་གསུམ་ཆ་གཉིས་ལ་ངེས་པར་དུ་བོད་ཀྱི་སྐད་ཡིག་དང་བོད་ཀྱི་རིག་གནས་ཐོག་སློབ་གཉེར་གནང་རྒྱུའི་ལམ་སྟོན་དང་སྐུལ་མ་ཤུགས་ཆེ་གཏོང་དགོས་པའི་དུས་ལ་བབས་འདུག།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡ སྔོན་ལ།
Mobile App

གཏམ་གླེང་དམར་རྗེན་མ།

ཆུ་ཚོད་ ༣ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

༢༠༢༥/༠༥/༢༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

༢༠༢༥/༠༥/༢༡

མཆན། 3

  1. Asanga says:
    ལོ་ 6 སྔོན།

    རྒྱ་མི་བོད་དུ་འཁྲིད་མཁན་ཡང་བོད་ཀྱི་མཐོ་རིམ་མི་སྣ་ཚོ་རེད་ལ་བཙན་བྱོལ་
    དུ་འབྱོར་ནས་རྒྱ་གར་དུ་བཙན་བྱོལ་སྒྲིག་འཛུགས་ལ་འགན་འཁུར་ནས་མ་བསྡད་
    པ་ནུབ་ཕྱོགས་ལུང་པའི་ནང་དཔལ་འབྱོར་ཐབས་ཚོལ་དུ་འགྲོ་མཁན་ཡང་མཐོ་
    རིམ་མི་སྣ་ཚོ་རེད

    Reply
  2. Lobsang Wangdu says:
    ལོ་ 6 སྔོན།

    གཞུང་པ་ཚེ་དབང་། ? ✊ ? ? ?Good Very Good.

    Reply
  3. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 6 སྔོན།

    ད་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་ཚོར་ཐུགས་ཁག་ཡོད་པ་མ་རེད་
    རྒྱ་མི་བོད་དུ་འཁྲིད་མཁན་ཡང་བོད་ཀྱི་མཐོ་རིམ་མི་སྣ་ཚོ་རེད་ལ་བཙན་བྱོལ་
    དུ་འབྱོར་ནས་རྒྱ་གར་དུ་བཙན་བྱོལ་སྒྲིག་འཛུགས་ལ་འགན་འཁུར་ནས་མ་བསྡད་
    པ་ནུབ་ཕྱོགས་ལུང་པའི་ནང་དཔལ་འབྱོར་ཐབས་ཚོལ་དུ་འགྲོ་མཁན་ཡང་མཐོ་
    རིམ་མི་སྣ་ཚོ་རེད་ལ་བོད་མི་གཅིག་སྟོང་ཨ་རིར་གཏོང་མཁན་ཡང་མཐོ་རིམ་
    མི་སྣ་ཚོ་རེད་ལ་ད་ཆ་བོད་མི་རིགས་འདི་ཤིང་ནགས་དཀྱིལ་ཇ་སྤུ་རི་གཏོར་
    དུ་གནས་ནས་བོད་ཀྱི་སྐད་ཡིག་རིག་གཞུང་ལ་སྲུང་སྐྱོབས་ཟེར་བའི་གཏམ་
    དེ་ཁ་དང་ལྕེ་ཙམ་ལས་དོན་དངོས་ལག་ལེན་དུ་ནམ་ཡང་གནས་མི་ཐུབ་པ་
    ངས་ཚིག་ཐག་བཅད་ནས་བཤད་ཐུབ་ལ་ང་ཚོའི་རྒྱ་ནག་མི་དམངས་སྤྱི་
    མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མི་རིགས་ས་གནས་རང་
    སྐྱོང་གི་གནས་བབས་ཚད་ལྡན་ཞིག་དགོས་པའི་དགོས་མདུན་སྟོན་པ་དེ་
    ནི་དེ་སྔོན་ཕྱི་ལོ་ལྔ་བཅུ་ང་གཅིག་ལོར་བཙན་འོག་ཏུ་བཞག་པའི་གྲོས་
    མཐུན་དོན་མཚན་བཅུ་བདུན་ནང་གསལ་བའི་བོད་ས་གནས་སྲིད་གཞུང་
    ཟེར་བའི་ཐ་སྙད་དེ་ལས་མར་བབས་ནས་ང་ཚོའི་རྒྱ་མིའི་རྩ་ཁྲིམས་ནང་གསལ་
    བའི་ཐོབ་ཐང་དེ་དགོས་པའི་དགོས་མདུན་སྟོན་པ་ནི་ང་ཚོར་ཆབ་སྲིད་ཀྱི་
    ཕམ་ཁ་ཆེན་པོ་ཞིག་མཐོ་རིམ་མི་སྣས་ཉོས་པ་མ་རེད་དམ་དབུ་མའི་ལམ་
    ལ་མུ་འཐུད་ནས་བོད་རྒྱ་འབྲེལ་ལམ་སླར་གསོ་མ་གནང་བར་ལྔ་དང་ལྔ་བཅུའི་
    ཁ་སྒྲུང་བཤད་ནས་དུས་ཚོད་སྐྱེལ་ཐབས་བྱེད་པ་སོགས་གོང་གི་གནད་དོན་
    འདི་དག་མ་འོངས་བོད་ཀྱི་ལོ་རྒྱུས་ནང་སྲུབ་ནས་ཟུབ་རྒྱུ་མེད་པའི་བོད་མི་རིགས་
    ཆགས་འཇིག་ལ་བོད་ཀྱི་མཐོ་རིམ་མི་སྣས་འགན་འཁུར་གྱི་ལོ་རྒྱུས་གསོན་
    པོའི་ལེའུ་གསར་པ་ཞིག་དུས་རབས་ཉེར་གཅིག་འདིའི་ནང་སྒོ་འཕྱེ་བ་མ་རེད་
    དམ།

    Reply
    • ཚེ་བརྟན་འགྱུར་མེད། says:
      ལོ་ 6 སྔོན།

      ༑ ད་ལམ་གྱི་གླེང་བར་བྱ་ནི་གཞུང་པ་ཚེ་དབང་བསོད་ནམས་ལཌ་ནས། །བོད་ཀྱི་སྐད་ཡིག་རིག་གཞུང་ལ་སྲུང་སྐྱོབས་ཟེར་བའི་གཏམ་དེ་ཁ་དང་ལྕེ་ཙམ་ལས་དོན་དངོས་ལག་ལེན་དུ་ནམ་ཡང་གནས་མི་ཐུབ་པ་ངས་ཚིག་ཐག་བཅད་ནས་བཤད་ཐུབ་ཞེས་པ་ཉིད་ཀྱི་དགོངས་ཚུལ་རེད། གནས་དོན་འདི་བསྟན་འཛིན་པདྨ་ལགས་ཀྱི་དགོངས་རྩོམས་ལས་འཕྲོས་པ་ཞིག་ཡིན། བསྟན་པད་ལཌ་ནས་དཀའ་ངལ་གང་ཡོད་གསུངསའདུག །བ་སྐེ་ཀྱོག་ཀྱང་བའི་དགོས་དོན་འོ་མ་ཡིན་སྟབས་འོ་མ་གཏོང་ཐབས་སུ་འབད་བ་ཞུ་ཡི་ཡོད་རེད། དམིགས་ཡུལ་ལམ་ལྷོངས་སུ་ཚང་མས་ཐབས་ཤེས་གང་ཡོང་ཞུ་གལ་འདུག བསམ་ཆར་ཞིག་ཞུས་ན་རྒྱ་བལ་འབྲུག་ལས་འདས་པའི་ཕྱི་ཡུལ་ནས་དངུལ་བརྔན་བཏང་འབྱོར་སྐབས་དངུལ་དེའི་ཚོད་ཀྱི་དུས་ཚོད་ཞིག་ཕྲུ་གུར་བོད་ཀྱི་སྐད་ཡིག་སྦྱོང་ཐབས་སུ་གཏོང་གནང་ངམ་དེ་མིན་དངུལ་འདི་བོད་ཀྱི་སྐད་རིག་མི་ཉམས་གོང་འཕེལ་ཆེད་གནང་རོགས་ཞེས་ཞུས་ན་བསམ་ཡུལ་ལས་འདས་པའི་སེམས་འཚོར་ཞིག་སྤེལ་ཐུབ་ཀྱི་རེད་བསམ་གྱི་འདུག ག་འདྲ་འདུག དྲང་པོ་གསུང་དང་།།

      ཡང་། ལམ་དབུས་མ་ལས་དེ་མིན་དེ་སྔའི་གཞུང་གི་ལས་འཆར་མང་དག་ཞིག་ལ་སྐྱོན་བརྗོད་གནང་འདུག དམངས་གཙོའི་རང་དབང་བཞེས་རེད་། ཡིན་ཀྱང་དྲང་དགོས། ཁྱེད་ཀྱི་གསུངས་པའི་ལས་འཆར་ཁག་ཞིང་འདེབས་སྲོལ་ལ་འགྱུར་བཅོས་གཏོང་བ་སོགས་ལྟ་བུའི་ཉིན་རེ་ཉིན་རེའི་འཛིན་སྐྱོང་ལས་རིམ་ལས་འདས་ཏེ་བོད་མིའི་རྩ་དོན་དང་འབྲེལ་བའི་ལས་རིམ་གལ་གནད་ཅན་ཁག་ཡིན་འདུག དེ་ཡང་དགའ་ལྡན་པོ་བྲང་ཅེས་ཡིག་ཤོག་བེད་སྤྱོད་བྱ་སྐབས་ཀྱི་དུས་སུ་ཡིན་ཐོག་གྲོས་ཚོགས་ཀྱི་རྒྱབ་གཉེར་ཡང་ཡོད་ཚོད། དེར་སོང་ཉིད་ཀྱི་དགོངས་ཚུལ་དེ་ཆོས་བརྒྱུད་གང་ཞིག་གི་གྲ་བཙུན་ནས་རང་ལུགས་དང་གཞན་ལུགས་གཉིས་ཀྱི་གོས་ཕྱེད་ཀ་ཕྱེད་ཀ་བཞེས་པ་ལྟ་བུ་མི་གཟིགས་སམ།

      སྡོམས་རྒྱབ་ན་བོད་མིའི་ལས་དོན་ཅི་ཡིན་རུང་བོད་པ་ཚང་མའི་རང་དོན་རང་གཅེས་ཀྱིས་འབད་བརྩོན་མི་ལྷོད་པ་ཞུ་རྒྱུ་གལ་ཆེ་ཡིན་པ་རྣམ་པ་ཀུན་དུ་ཡིད་འཇཌ་ངང་དོན་འཁེལ་དགོས་འདུག་གོ།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese