མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་བལ་ཡུལ་ལ་ཨ་སྒོར་ས་ཡ་ ༢༡ རོགས་དངུལ་སྤྲད།

བོད་ཀྱི་དུས་བབ།
༢༠༡༩/༡༠/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བལ་ཡུལ་ནང་ལོ་གསུམ་རིང་རང་བྱུང་གོད་ཆག་རོགས་རམ་ཆེད་ཨ་སྒོར་ས་ཡ་ ༢༡ དང་བལ་ཡུལ་གྱི་དམག་མི་ཚོར་མྱུར་སྐྱོབ་ཡོ་ཆས་མཁོ་སྤྲོད་བྱ་རྒྱུ་ཡིན་འདུག

ཁ་སང་ཕྱི་ཚེས་ ༢༡ ཉིན། བལ་ཡུལ་གཞུང་ཕྱོགས་ནས་གསལ་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱ་ནག་གིས་བལ་ཡུལ་ནང་ལོ་གསུམ་རིང་རང་བྱུང་གོད་ཆག་གི་རོགས་དངུལ་ཆེད། ཨ་སྒོར་ས་ཡ་ ༢༡ ཙམ་སྤྲད་ཡོད་པ་དང་། རོགས་དངུལ་དེ་ནི་བདུན་ཕྲག་སྔོན་མའི་ནང་བལ་ཡུལ་གྱི་རྒྱལ་སྲུང་བློན་ཆེན་ (Ishwar Pokharel) ལགས་རྒྱ་ནག་གི་རྒྱལ་ས་པེ་ཅིན་ལ་སྐོར་སྐྱོད་སྐབས། རྒྱ་ནག་གཞུང་མོས་མཐུན་ས་རྟགས་བརྒྱབ་ནས་སྤྲད་པ་ཞིག་ཡིན་འདུག

གསར་འགོད་གསལ་བསྒྲགས་སྐབས་བལ་ཡུལ་རྒྱལ་སྲུང་བློན་ཆེན་གྱིས།  ང་ཚོའི་དམག་མིའི་དགོས་མཁོ་ལ་གཞིགས་ནས་མ་འོངས་ལོ་གསུམ་གྱི་རིང་མིའི་བདེ་སྡུག་དང་རང་བྱུང་གོད་ཆག་མྱུར་སྐྱོབ་ཆེད། རྒྱ་ནག་གཞུང་གིས་བལ་ཡུལ་གྱི་དམག་མི་ཚོར་མྱུར་སྐྱོབ་ཡོ་ཆས་སྤྲོད་ཀྱི་ཡིན་སྐོར་བརྗོད་ན་ཡང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བལ་ཡུལ་གྱི་དམག་མིར་མྱུར་སྐྱོབ་ཡོ་ཆས་ག་རེ་སྤྲོད་འཆར་ཡོད་མེད་ཐག་གཅོད་བྱས་མེད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ནས་ཉིན་གཉིས་རིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་བལ་ཡུལ་ལ་སྐོར་སྐྱོད་དུ་བསླེབས་ཡོད་པ་དང་། སྐབས་དེར་ཕྱོགས་གཉིས་ནས་གྲོས་ཆོད་ཁག་ཅིག་བཞག་ཡོད་པའི་ཁྲོད། རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག་བལ་བོད་གཉིས་བར་མཐུད་པའི་མེ་འཁོར་དང་གཞུང་ལམ་ལས་འཆར་གཉིས་ལ་གྲོས་ཆོད་བཞག་ཡོད་པ་དང་། དེ་ནི་རྒྱ་ནག་གི་སྲིད་འཛིན་ཞིག་ལོ་ངོ་ ༢༠ ལྷག་རིང་བལ་ཡུལ་ནང་གཞུང་འབྲེལ་སྐོར་སྐྱོད་དུ་ཕྱིན་པ་ཐོག་མ་དེ་ཆགས་ཡོད་པ་རེད།

བལ་ཡུལ་ནི་རྒྱ་གར་གྱི་རོགས་སྐྱོར་ལ་ཤུགས་ཆེན་བརྟེན་པའི་རྒྱལ་ཁབ་ཞིག་ཡིན་ནའང་། ཉེ་བའི་ལོ་འགའི་རིང་ནས་རྒྱ་དཀར་ནག་གཉིས་ལ་བཏང་སྙོམས་བསྟུན་མཁས་ཀྱིས་འབྲེལ་བ་འཛུགས་ཐབས་བྱས་ཏེ། ཕྱོགས་གཉིས་ནས་རོགས་རམ་འཚོལ་པར་འབད་བརྩོན་བྱེད་བཞིན་ཡོད་པས། རྒྱ་ནག་གཞུང་གིས་བལ་ཡུལ་ནང་ལས་གཞི་སྣ་མང་བརྩམས་ཏེ་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་པ་དང་བསྟུན། རྒྱ་གར་ལ་དོ་སྣང་དང་བློ་འཚབ་གསར་པ་ཞིག་སྐྱེས་ནས་ཕྱི་ལོ་ ༢༠༡༨ ནང་སྲིད་འཛིན་མུ་དྷུ་མཆོག་ཐེངས་གཉིས་ཙམ་ལ་ཕེབས་ཡོད་པ་རེད།

ཕྱི་ལོ་ ༢༠༡༥ ལོར་བལ་ཡུལ་ནང་ཚད་རིམ་ ༨ ཙམ་གྱི་ས་ཡོམ་བྱུང་སྟེ་མི་གྲངས་སྟོང་ ༩ ཙམ་འདས་གྲོངས་དང་ཁྲི་ ༢ ལྷག་ལ་རྨས་སྐྱོན་བྱུང་ཡོད་པ་མ་ཟད། རྒྱུ་དངོས་འབོར་ཆེན་ལ་གྱོང་གུད་ཐེབས་ཡོད་པ་པ་དང་། སྐབས་དེར་རྒྱ་ནག་གཞུང་བལ་ཡུལ་ལ་མྱུར་སྐྱོབ་རོགས་རམ་བྱེད་མཁན་ཐོག་མའི་གྲས་སུ་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 0

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 7 སྔོན།

    རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་རེད།
    དངུལ་དཱ་་ཡངས་ཆར་པ་བབས་བབས་རེད།
    རྒྱ་གུང་ཁྲན་གཡོ་རྒྱུའི་འཁོར་ལོ་རེད།
    བལ་གཞུང་ཟབ་ཟབ་གནང་རོགས་གནང།

    Reply
  2. jimme baharu@yahoo. says:
    ལོ་ 7 སྔོན།

    ༄༅། གཟབ་དགོས་གཟབ་དགོས་བལ་གཞུང་གཟབ་དགོས། རྒྱ་ནག་དམར་པོའི་གཞུང་ལ་གཟབ་དགོས།
    དང་ཐོག་ཁ་སྙན་དངུལ་གྱིས་བསུ་ནས་འཛུམ་ན་ཡང། རྗེས་སུ་རིམ་གྱི་བསྡུ་བཟུང་བྱེད་དེ་དྲག་གནོན་བྱེད།
    མ་འཐམ་མ་འཐམ་རྒྱ་དམར་གཞུང་ལ་མ་འཐམ། ཟས་ཡོང་ཟས་ཡོང་སྒེར་གཞུང་གཉིས་ཀ་ཟས་ཡོང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese