མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲུག་ཅུ་བཞད་སྟོན་ལ་སྤྲིངས་པ།

བོད་ཀྱི་དུས་བབ།
༢༠༡༩/༡༠/༢༦
Share on FacebookShare on TwitterShare on EmailShare on Whatsapp

༄། །གངས་ལྗོངས་སྒྱུ་རྩལ་གྱི་བསྟི་གནས་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་བགྲང་བྱ་དྲུག་ཅུ་འཁོར་བའི་དུས་སྟོན་ལ་དགའ་སྤྲོའི་དར་དཀར་བརྐྱངས་ཏེ་འཚམས་འདྲིའི་བཀྲིས་བདེ་ལེགས་ཀྱི་མེ་ཏོག་སིལ་མ་འཐོར་རྒྱུ་ཡིན། ཟློས་གར་སྒྱུ་རྩལ་གྱི་ཚོགས་སྡེ་འདི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཚོགས་སྡེ་སྔ་ཤོས་ཏེ་ཕྱི་ལོ་ ༡༩༥༩ ལོ་དེ་ཉིད་ཀྱི་ཟླ་བ་ ༠༨ ཚེས་ ༡༡ ཉིན་དུས་ཀྱི་དགོས་མཁོར་ཉེ་བར་གཟིགས་ནས་༸གོང་ས་ཆེན་པོས་བཀའ་ཡི་མེ་ཏོག་ཕྲེང་བ་སྤྱི་བོར་བརྒྱན་ཏེ་གླུ་གར་རྒྱ་མཚོའི་བསྟི་གནས་ཤིག་ཏུ་གསར་འཛུགས་བསྐྱངས་པ་ཞིག་ཡིན་འདུག

འོན་ཀྱང་མྱ་ངམ་ཐང་ཆེན་དུ་ཁང་ཆེན་བརྩེགས་པ་དང་གཉིས་སུ་མེད་པར་སྐབས་དེར་མཐུན་རྐྱེན་ཧ་ཅང་ཞན་པའི་འོག་རྒྱལ་ཞེན་ལྷག་བསམ་དུང་ལྟར་དཀར་ཞིང་རྩ་ཆེའི་ཆོས་རིག་ལ་དགའ་ཞེན་བྲག་རི་ལྟར་བརྟན་པའི་དབུ་ལས་ཚོགས་མི་སྔ་ཕྱི་རིམ་བྱོན་གྱིས་མིག་སྔར་འཕྲད་པའི་དཀའ་སྡུག་ལ་གདོང་ལེན་དང་། སྙིང་སྟོབས་ཞུམ་པ་མེད་པའི་ངང་སྒྱུ་རྩལ་གྱི་དོ་རར་ཞུགས་ཏེ་རང་གཞུང་གི་བཞེད་དོན་ལྟར་འབྲས་བུ་གཡུར་དུ་ཟ་བཞིན་པའི་མུར་ད་ཆ་བགྲང་བྱ་དྲུག་ཅུ་འཁོར་བ་རེད། ལོ་ངོ་དྲུག་ཅུའི་རིང་གི་བྱས་རྗེས་བཟང་པོ་མཐའ་དག་པ་ནི་འདིར་བརྗོད་ཀྱིས་ག་ལ་ལོང། འོན་ཀྱང་དྲུག་ཅུ་བཞད་པའི་དུས་སྟོན་འདི་བརྒྱུད་ནས་གྲུབ་འབྲས་ཀྱི་མེ་ཏོག་སྣེ་མང་ཤར་བའི་དགའ་ཚལ་ཁྲོད་ནས་ཆེས་ཡིད་དུ་འོང་བའི་ཕྱག་རྗེས་ཀུནྡའི་མེ་ཏོག་རེ་ཟུང་ལག་རྩེར་བླངས་ཏེ་མང་ཚོགས་རི་དྭགས་མིག་ཅན་གྱི་མགུལ་རྒྱན་དུ་མཛེས་པར་སྒྲོན་པ་ལ་སྤྲོ་བ་བརྟས་སོ།།

རྒྱ་ནག་གུང་བྲན་རིང་ལུགས་པས་བོད་ཀྱི་སྣོད་བཅུད་གཉིས་ཀ་དང་དེའི་རྩ་བ་ཆོས་དང་རིག་གཞུང་བཅས་པ་འཆར་གཞི་ལྡན་པའི་འོག་རྩ་མེད་བཟོ་རྒྱུའི་ངན་འཆར་བརྩམས་དང་རྩོམ་མུས་ཀྱང། བོད་མིའི་སེམས་པའི་དཔལ་ཡོན་དང་དེས་དྲངས་པའི་རྩ་ཆེའི་རིག་གནས་རྣམས་རྩ་མེད་བཟོ་ཐུབ་མེད་པའི་ཁར།  གཞིས་བྱེས་གཉིས་སུ་གྱེས་པའི་གངས་ཅན་པ་རྣམས་འགྱེལ་ས་ནས་ལངས་ཏེ་ལས་གཞི་འཛུགས་སྐྲུན་རྒྱ་ཆེར་སྤེལ་མུས་ཁོངས་ནས་སྐབས་འབྲེལ་བོད་ཀྱི་ཟློས་གར་ངོས་ནས་རང་གི་ལས་དབང་དང་འཚམས་པའི་ལས་རིགས་འགའ་ཞིག་དཔེ་མཚོན་ཙམ་དུ་དགོད་པར་བྱའོ།།

བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་གོམས་གཤིས་ལུགས་བཟང་པོ་རྣམས་ཟློས་གར་སྒྱུ་རྩལ་གྱི་ལམ་ནས་གསལ་བར་མཚོན་ཐུབ་པར་བརྟེན། རྒྱ་ནག་གུང་བྲན་རིང་ལུགས་པས་བོད་ཀྱི་རྩ་ཆེའི་སྒྱུ་རྩལ་རིགས་ཀྱང་བསམ་བཞིན་དུ་རྩ་མེད་དམ། ཉམས་ཆག བསྲེ་ལྷད་བཅས་བཏང་དང་གཏོང་བཞིན་པར་དེའི་གཉེན་པོར་བོད་ཀྱི་ཟློས་གར་ནས་དམིགས་བཀར་འགན་ཁུར་བླངས་ཏེ་བོད་ཀྱི་ཟློས་གར་སྒྱུ་རྩལ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་བྱ་བར་འབད་པ་ཆེན་པོས་འཇུག་སྟེ་འཛིན་སྐྱོང་སྤེལ་གསུམ་རྩེ་མོར་སོན་པ་ཙམ་མ་ཟད། ཚོགས་སྡེ་གཞན་མང་པོས་དམིགས་དཔེ་བལྟ་སའི་ཡུལ་དུ་གྱུར་པ་མཐོང་ཆོས་སུ་གྲུབ།

གཞན་ཡང་ཟློས་གར་ནས་ན་གཞོན་ཕོ་མོ་བརྒྱ་ཕྲག་བརྒལ་བར་ཟློས་གར་རིག་པའི་དགེ་རྒན་འོས་སྦྱོང་ཐེངས་མང་ཚུགས་ནས་སྐྱེད་སྲིང་གནང་སྟེ་གཏན་ཉིན་སློབ་གྲྭ་བརྒྱད་ཅུ་སྐོར་ཞིག་དང་ཕྱོགས་མཐའི་ཚོགས་སྡེ་མང་པོར་ཕུགས་རྒྱང་རིང་པོའི་ཕན་རླབས་བསྐྲུན་ཡོད། ཡང་རྩོམ་པའི་བྱ་བ་ནི་ཕྱི་རབས་པའི་ཤེས་བྱ་ལྟ་བའི་མེ་ལོང་ལྟ་བུ་ཡིན་པས་བོད་ཀྱི་ཟློས་གར་ནས་སྒྱུ་རྩལ་སྐོར་གྱི་བརྗོད་བྱ་སྣེ་འཛོམས་ལྡན་པའི་བརྩམས་དེབ་བཅུ་ཕྲག་གསུམ་བརྒལ་བ་སྤྱི་ཚོགས་ཁྲོད་འདོན་སྤེལ་གནང་ཡོད།  ཕྱོགས་མཚུངས་ལྷ་གཞུང་དང་། རྒྱལ་རབས། ཡུལ་གྲུ་ཁག་གི་གཞས་སྣ། གཏམ་བརྗོད་སོགས་རྒྱུན་གནས་དང་དར་རྒྱས་ཡོང་ཆེད་བརྙན་འཕྲིན་འཁོར་ཐག་སྣེ་འཛོམས་བརྒྱ་ཕྲག་ལ་ཉེ་བ་བཟོ་སྐྲུན་གྱིས་འགྲེམས་སྤེལ་གནང་།  གཞན་ཡང་བོད་ཀྱི་དངོས་བྱུང་ལོ་རྒྱུས་དང་ཆོས་དང་རིག་གནས་ཡུལ་གོམས་གཤིས་ལུགས་བཟང་པོ་རྣམས་ཟློས་གར་གྱི་ལམ་ནས་ཕྱི་ནང་མི་རིགས་མང་པོར་གོ་རྟོགས་སྤེལ་བ་དང་ལྷག་པར་བོད་དོན་དྲིལ་བསྒྲགས་ཆེད། ཕྱི་རྒྱལ་ཡུལ་གྲུ་ཁག་དང་རྒྱ་གར་འབྲུག་བཅས་རྒྱལ་ཁབ་ཁག་སུམ་ཅུ་བརྒལ་བར་བསྐྱོད་དེ་འཁྲབ་སྟོན་སྟོང་ཕྲག་བརྒལ་བ་བྱས་ཏེ་གཟིགས་མོ་བའི་སེམས་ཚོར་ལ་བཟང་པོའི་ཤུགས་རྐྱེན་ཐེབས་ནས་སྤྲོ་སྣང་གི་འཛུམ་མདངས་རྒྱས་པའི་ངང་བསྔགས་བརྗོད་གྱི་ཐལ་སྒྲ་དང་སྐད་སྒྲས་ཚོགས་ཁང་ཁེངས་པའི་ངང་ཚུལ་འབྱུང་བཞིན་པ་ནི་བོད་ཀྱི་ཆོས་རིག་གི་གཟི་མདངས་དེ་ཇི་ལྟར་ཡིན་པ་མཚོན་ཞིང་མངོན་པ་ཞིག་རེད་སྙམ།

ལྷག་པར་འཁྲབ་གཞུང་ཀུན་གྱི་ནང་ནས་ཆེས་བོད་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དུ་མ་ལྡན་པའི་ཨ་ལྕེ་ལྷ་མོའི་འཁྲབ་གཞུང་འདི་ཉིད་ཡིན་པས། བོད་ཀྱི་ཟློས་གར་ནས་ཕྱི་ལོ་ ༩༣ ནས་སྔར་སྲོལ་བཟང་པོ་བོད་ཀྱི་ཞོ་སྟོན་རྒྱས་པ་ཞེས་མིང་དུ་བསྙད་ནས་སྲུང་བརྩི་ཞུ་རྒྱུའི་ལས་དོན་གཞི་རྒྱ་ཆེ་ཙམ་ཞིག་བརྩམས་ཏེ་ཕྱོགས་མཐའི་ལྷ་ཚོགས་བཅུ་ལ་ཉེ་བ་ཡོད་པ་རྣམས་ལ་འབྲེལ་ལམ་ཟབ་མོ་གཏོད་ནས་གཙོ་བོ་འཁྲབ་གཞུང་ཁག་ལ་ཉམས་མྱོང་སྤེལ་རེས་དང་། འཁྲབ་ཆས་ཀྱིས་མཚོན་པས་འཁྲབ་གཞུང་ལ་ཉེ་བར་མཁོ་བའི་མཐུན་རྐྱེན་སྦྱོར་སྤྲོད་གནང་སྟེ། ལོ་ལྟར་ཕྱོགས་མཐའི་ལྷ་ཚོགས་བསྡུ་སྐོང་གིས་ས་གནས་རེས་མོས་ཐོག་བོད་ཀྱི་ཞོ་སྟོན་རྒྱས་པ་སྟེ་སྔོན་གྱི་སྐལ་བཟང་ལུགས་བཟང་གི་རང་བཞིན་དེ་མང་ཚོགས་ཀྱི་མདུན་སར་འཁྲབ་སྟོན་ཞུས་དང་ཞུ་མུས་ཀྱིས་ཀྱང་བོད་ཀྱི་ལྷ་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ལ་ཤུགས་སྣོན་ཆེན་པོ་ཐེབས་ཡོད།

སྤྱིར་ཟློས་གར་ཞེས་པའི་ཐ་སྙད་འདི་རྗེས་གྲུབ་ཀྱི་མིང་ཡིན་པས་སྒྲ་བཤད་དུ་ཡོད་དེ། ཟློས་ནི་ངག་ནས་གྱེར་བའི་སྙན་འཇེབས་ཀྱི་རང་བཞིན་རྣ་ཤེས་ཀྱི་མཉན་བྱ་དང། གར་ནི་ལུས་ཀྱི་མཛེས་སྡུག་གཡོ་འགུལ་གྱི་རང་བཞིན་མིག་ཤེས་ཀྱི་གཟུང་བྱ་ལ་གོ་དགོས། གངས་ཅན་བོད་ནི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པས་གདུལ་བྱ་རྣམས་ནི་བྱམས་སྙིང་རྗེའི་བག་ཆགས་ཟབ་མོས་བཅིངས་ནས་ཡོད་པས་གངས་ཅན་བོད་པས་འཁྲབ་པའི་གླུ་གར་ཀྱི་ཉམས་དང་འགྱུར་བས་ཀྱང་མིའི་སེམས་ཁམས་ལ་ཞི་བསིལ་ཕན་བདེ་སྟེར་བའི་ཐུན་མིན་གྱི་ཡོན་ཏན་ཁྱད་པར་ཅན་ལྡན་ཡོད།

བྱེ་བྲག་བོད་ཀྱི་ཟློས་གར་བ་གཞོན་ནུ་ཕོ་མོ་རྣམས་ནི་གླུ་གར་རྒྱ་མཚོར་འཇུག་པའི་ཁྱད་ལས་པ་ཞིག་ཡིན་པས། འཁྲབ་སྟོན་ཀྱི་ཚད་གཞི་མཐོན་པོར་སོན་ཡོད་དེ། ལུས་ཀྱི་མཉེན་ལྕུག་འཁྲི་ཤིང་གཞོན་ནུ་ལྟར་མཉེན་པ། བཞིན་གྱི་འཛུམ་མདངས་ལྷུག་པོར་གྲོལ་བའི་ཆུ་སྐྱེས་ལྟར་བཞད་པ། ངག་གི་སྙན་འཇེབས་ཉན་པ་པོ་རི་དྭགས་སྒྲ་ལ་ཆགས་པ་ལྟར་འགྱུར་བ། འཁྲབ་བཟོའི་ཚད་གཞི་མཐའ་གཉིས་སུ་མ་ལྷུང་བར་བབས་ཆགས་པ། འཁྲབ་པའི་ཆས་གོས་བོད་རང་གི་ཡུལ་ལུང་སོ་སོའི་ཆས་གོས་དང་གཉིས་སུ་མེད་པས་བསྲེ་ལྷད་དང་བྲལ་བ་སོགས་ཏེ། གཟུར་གནས་སྐྱེ་བོ་བགྲང་ལས་འདས་པའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་བྱེད་པ་བཅས་ཏེ་དྲུག་བཅུ་བཞད་པའི་དགའ་སྟོན་མཚོན་བྱེད་དུ།

རྒྱུད་སྨད་དགེ་ཡོན་ཏན་གྱིས།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༨ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese