མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་གནམ་གཤིས་འགྱུར་ལྡོག་ཐད་མཉམ་ལས་སྔར་ལྷག་བྱེད་པའི་ཁས་ལེན་བྱས།

བོད་ཀྱི་དུས་བབ།
༢༠༡༩/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཧྥ་རན་སིའི་སྲིད་འཛིན་མེག་རོན་ལགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཐུག་འཕྲད་སྐབས་ཧོང་ཀོང་གི་གནས་སྟངས་ཞི་འཇགས་བཟོ་དགོས་སྐོར་འབོད་སྐུལ་གནང་ཡོད་འདུགཁ་སང་ཕྱི་ཚེས་ ༦ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ། ཧྥ་རན་སིའི་སྲིད་འཛིན་མེག་རོན་ལགས་ཀྱི་ཉིན་གྲངས་ ༣ རིང་གི་རྒྱ་ནག་ནང་གི་གཟིགས་སྐོར་མཇུག་བསྡུས་ཡོད་པ་དང་། ཐེངས་འདིར་གཟིགས་སྐོར་ཁྲོད་རྒྱལ་ཁབ་གཉིས་བར་མཁའ་སྐྱོད་ཚོང་འབྲེལ་དང་།  ཡུལ་སྐོར་སྤྲོ་འཆམ། ཞིང་ལས་དང་འབྲེལ་བའི་ཐོན་རྫས། རྡུལ་ཕྲན་མཚོན་ཆའི་རྒྱུ་ཆ་སོགས་ཁྱོན་ཨ་སྒོར་དུང་ཕྱུར་ ༡༥ ཡི་ཚོང་འབྲེལ་གྲོས་ཆོད་བཞག་ཡོད་འདུག་ལ། དེའི་ཁྲོད་ཧྥ་རན་སིའི་བཟོ་གྲྭ་ ༢༠ ནས་རྒྱ་ནག་ནང་བྱ་ཤ་དང་གླང་ཤ། དེ་བཞིན། ཕག་ཤ་སོགས་ནང་འདྲེན་བྱེད་ཆོག་པ་བཟོས་ཡོད་འདུག

སྲིད་འཛིན་གཉིས་ཀྱི་ཐུག་འཕྲད་སྐབས་ཧྥ་རན་སིའི་སྲིད་འཛིན་མེག་རོན་ལགས་ཀྱིས། ང་ཁྱེད་དང་ལྷན་དུ་འཛམ་གླིང་འདི་ལ་གདོང་བསྟན་འདོད་ཡོད། ང་ཚོའི་མ་འོངས་པ་དང་མི་མང་གི་འཚོ་གནས་སླད། ང་ཚོས་ཧྥ་རན་སི་དང་རྒྱ་ནག་མཉམ་འབྲེལ་གྱི་སྲིད་བྱུས་སྔར་ལྷག་གོང་མཐོར་གཏོང་རྒྱུ་དང་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཁག་གི་འབྲེལ་ལམ་ལས་ཆེས་གལ་ཆེན་གྱི་འབྲེལ་ལམ་ཞིག་ཏུ་བསྒྱུར་བར་མུ་མཐུད་འབད་བརྩོན་བྱེད་རྒྱུ་ཡིན། ཞེས་བརྗོད་ཡོད་པ་དང་། ཐེངས་འདིའི་ཐུག་འཕྲད་སྐབས་རྒྱ་ནག་གིས་པེར་སི་གོ་ལའི་གནམ་གཤིས་ཚ་དྲོད་ཀྱི་གྲོས་ཆོད་ཐད་མཉམ་ལས་ཤུགས་ཆེན་བྱེད་རྒྱུ་ཡིན་པའི་ཁས་ལེན་བྱུང་ཡོད་སྟབས། ཧྥ་རན་སིའི་ཕྱོགས་ནས་ལས་དོན་འདི་གཞི་རྒྱ་ཆེ་རུ་གཏོང་བའི་རེ་བ་རྒྱག་གི་ཡོད་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས། ང་ཚོས་མཉམ་དུ་འཛམ་གླིང་ལ་ཚོང་འབྲེལ་རང་དབང་དང་མཉམ་ལས། གུ་ཡངས་རྒྱལ་སྤྱིའི་ཚོང་འབྲེལ་སོགས་གལ་ཆེན་ཡིན་པའི་བརྡ་ལན་ཆེན་པོ་ཞིག་བསྟན་ཡོད། ཅེས་བརྗོད་ཡོད་པ་དང་། ད་རེས་ཐུག་འཕྲད་འདི་བརྒྱུད་རྒྱ་ནག་གིས་ཡུ་རོབ་མཐུན་ཚོགས་ཀྱི་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཧྥ་རན་སི་བརྒྱུད་ཡུ་རོབ་ཀྱི་ཁྲོམ་རར་གོ་སྐབས་དམ་འཛིན་བྱས་ཡོད་པ་མ་ཟད། ཡུ་རོབ་ཀྱི་ཁྲོམ་ར་ནི་རྒྱ་ནག་ལ་མཚོན་ན་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་འཐབ་འཁྲུག་ཁྲོད་དཔལ་འབྱོར་གྱི་དཀལ་ངལ་སེལ་ཐབས་ཡག་ཤོས་ཆགས་ཀྱི་ཡོད་པ་རེད།

ཆབ་སྲིད་དཔྱད་བརྗོད་པས། ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་འཐབ་འཁྲུག་ཁྲོད་ཕྱོགས་གཉིས་ལ་དཀའ་ངལ་ཡོད་པའི་སྐབས་འདིར། རྒྱ་ནག་གིས་ཡུ་རོབ་ཀྱི་ཁྲོམ་ར་འཛིན་ཐབས་བྱས་ཏེ། དཀའ་ངལ་འདི་ལས་གཡོ་ཐབས་བྱེད་བཞིན་ཡོད་པ་དང་། ཡང་ཨ་རི་པེར་སི་གོ་ལའི་གནམ་གཤིས་གྲོས་ཆོད་ལས་ཕྱིར་འཐེན་བྱས་པར་བརྟེན། རྒྱ་ནག་ཨ་རིའི་ཚབ་ཏུ་ལངས་ཏེ་གོ་ལའི་སྣེ་འཁྲིད་ཀྱི་རྒྱལ་ཁབ་ཅིག་ཏུ་འགྱུར་བར་དམིགས་འབེན་འཛིན་བཞིན་ཡོད་སྐོར་སོགས་བརྗོད་འདུག

ད་ལན་སྲིད་འཛིན་མེག་རོན་རྒྱ་ནག་ཏུ་མ་ཕེབས་གོང་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་། ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱ་ནག་གི་ཚོགས་པ། དེ་བཞིན། ཡེ་ཤུ་ཆོས་ལུགས་ཀྱི་ཚོགས་པ་དང་ཡུ་གུར་སོགས་ཀྱི་ལས་འགུལ་ཚོགས་པ་མང་པོས་སྲིད་འཛིན་མེག་རོན་ལགས་ཀྱིས། རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་དགོས་པའི་འབོད་སྐུལ་ཞུས་ཡོད་ཀྱང་། ད་རེས་ཡོངས་གྲགས་ཀྱི་ཐོག་ནས་སྲིད་འཛིན་མེག་རོན་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་གནས་སྟངས་ཞི་འཇགས་བཟོ་དགོས་སྐོར་གསུངས་ཡོད་པ་ལས། བོད་དང་ཡུ་གུར་སོགས་ཀྱི་གནད་དོན་གླེང་སློང་གནང་ཡོད་མེད་གོ་ཐོས་མེད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

ཆུ་ཚོད་ ༡༡ སྔོན་ལ།
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

ཆུ་ཚོད་ ༡༣ སྔོན་ལ།
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢

མཆན། 0

  1. Lobsang Wangdu says:
    ལོ་ 6 སྔོན།

    Wao ! གཞུང་པ་ཚེ་དབང་ལགས། ? ? ? ? ? བོད་རང་བཙན་སློབ་ཕྲུག་ཚོའི་ France སྲིད་འཛིན་ལ་འབོད་སྐུལ། ? ? ? ? ? France སྲིད་འཛིན་རྒྱ་ནག་ལ་་་ གླང་ཤ་དང་། ཕག་ཤ བྱ་ཤ ཚོང་འབྲེལ་ཆེད་ཕྱིན་པ་མ་གཏོག འབོད་སྐུལ་ ཨོཾ་ཨཿ ཧཱུཾ།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 6 སྔོན།

    ཨ་ཁ་ཕ་རན་སིའི་ལུང་པའི་བྱ་ཏེ་དང་བ་གླང་ཕག་པ་སོགས་རླུང་རྟ་ཆག་ནས་རྒྱ་ནག་གི་མི་གདུང་རྒྱར་མང་པོའི་ཚེ་སྲོག་སྐྱོབས་རྒྱུ་ཡིན་པ་ཐག་ཆོད།
    མི་ལུས་ལེན་ལ་ཁྱི་ལུས་ལེན།
    ཤི་དམྱལ་བར་འགྲོ་ལ་དཔོན་ལུས་ལེན།
    ཟེར་ཡང་ཟེར་ལ་བདེན་ཡང་བདེན།
    ཨོམ་མ་ཎི་པདྨེ་ཧུང་་་་་་་་་་ཧྲི།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese