མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞུ་སྦྱོར་བ་སྤེན་པ་ཚེ་རིང་གིས་ཁྲིམས་ཞིབ་ཁང་ལ་སྙན་ཞུ་འབུལ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༡༩/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཞུ་སྦྱོར་བ་སྤེན་པ་ཚེ་རིང་གིས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ང་གཅིག་པ་བཅད་ཁྲ་ཉམས་ལེན་གྱི་དོན་ཚན་ཀ་པ་གཞིར་བཟུང་ཁྲིམས་ཞིབ་ཁང་ལ་སྙན་ཞུ་འབུལ་རྒྱུ་ཡིན་འདུགདེ་རིང་འཛིན་སྐྱོང་བཀའ་ཤག་ནས་ཁ་མཆུ་ཨང་ ༢༠ པའི་བཅད་ཁྲ་ངོས་བཞེས་གནང་བའི་ཡིག་ཆ་རྣམས་ཆེས་མཐོའི་ཁྲིམས་ཞིབ་ཁང་བརྒྱུད་ཞུ་སྦྱོར་བར་འབྱོར་ཡོད་པ་དང་། ཞུ་སྦྱོར་བའི་ཁྲིམས་རྩོད་པར་གླ་ཡོན་ཡང་གནང་ཚར་ཡོད་སྟབས།  དེ་རིང་སྔ་དྲོར་བོད་པའི་གསར་འགོད་པ་རྣམས་བཀའ་དྲུང་ཡིག་ཚང་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བཀའ་ཤག་ནས་བཅད་ཁྲའི་འབྲུ་དོན་ཉམས་ལེན་ལག་བསྟར་ཇི་བཞིན་གནང་ཡོད་མེད་སོགས་བཀའ་འདྲི་ཞུ་བར་ཕྱིན་ཡང་། བཀའ་ཤག་ནས་དེའི་ཐད་གང་ཡང་གསུང་རྒྱུ་མེད་སྐོར་གསུངས་བྱུང་ལ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྔར་རྒྱུན་ལྟར་བཅད་ཁྲ་ཉམས་ལེན་བྱས་མིན་ཐད་གསར་འགོད་པར་གསལ་བཤད་ཞུ་སྲོལ་མེད་སྐོར་གསུངས་བྱུང་།

 འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པས་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལ་ཞལ་པར་བརྒྱུད་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ད་བར་དུ་ཁྲིམས་ལ་གཏུགས་གཏུགས་ནས་བཅད་ཁྲ་ཉམས་ལེན་མ་བྱས་པ་ཡིན་ན། ང་སྒེར་ལ་ཁྱད་པར་ཆེན་པོ་གང་ཡང་ཡོད་པ་མ་རེད་དེ། ཁྲིམས་ཁང་གིས་གཙང་མ་བཟོ་དགོས་པ་དེ་བཟོས་ཚར་བ་རེད། ཡིན་ན་ཡང་ཁྲིམས་ཞིབ་ཁང་གིས་བཅད་ཁྲ་གང་བཏང་བ་དེ་ལག་བསྟར་བྱེད་མཁན་རྩོད་ལན་པ་བཀའ་ཤག་ཆགས་བསྡད་ཡོད་རེད། མ་འོངས་པར་མི་སྒེར་སུ་ཡིན་ན་ཡང་ཆགས་སྲིད་པ་རེད། དེ་ཚུལ་མཐུན་གྱིས་ཉམས་ལེན་མ་བྱས་པ་ཡིན་ན། ང་ཚོའི་ཁྲིམས་ལུགས་དབང་འཛིན་གྱི་ཆེ་མཐོང་དང་ཁྲིམས་ཀྱི་དབང་བསྒྱུར་རྦད་དེ་རྩིས་མེད་ཆགས་འགྲོ་ཡི་རེད། དེར་བརྟེན། ང་ཚོས་སྙན་ཞུ་མ་འབུལ་རང་འབུལ་རེད། ཅེས་དང་། སྤྱི་ཚོགས་ལྷིང་འཇགས་ཡོང་བའི་ཆེད་དུ་བཀའ་ཤག་གིས་ཚུལ་དང་མཐུན་པའི་ཉམས་ལེན་བྱས་པ་ཡིན་ན། ང་ཚོས་ཀྱང་ལེའུ་དེ་སྒོ་བརྒྱབ་སྟེ། དེ་རིང་གི་རྐྱེན་ངན་དེ་གྲོགས་ལ་གྱུར་ནས་མ་འོངས་པར་སྤྱི་ཚོགས་ལྷིང་འཇགས་དང་ནང་ཁུལ་རྙོག་དྲ་མེད་པ་མདུན་སྐྱོད་གང་འདྲ་རྒྱག་དགོས་ཡོད་མེད་ཐོག་ལ་བསམ་བློ་གཏོང་གི་ཡོད་ཀྱང་སྒོ་རྒྱག་བཅུག་གི་མི་འདུག ཅེས་བརྗོད་བྱུང་།

བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ང་གཅིག་པ་བཅད་ཁྲ་ཉམས་ལེན་གྱི་དོན་ཚན་ཀ་པར། བཅད་ཁྲའི་འབྲུ་དོན་ལག་བསྟར་བྱེད་དགོས་པའི་གཏན་འབེབས་དུས་ཚེས་ནང་བཀའ་དཔྱད་སྒྲུབ་དགོས་མཁན་གྱོད་ཡ་སུ་རུང་ནས་ཉམས་ལེན་མ་བྱས་ན། ཉམས་ལེན་མི་བྱེད་མཁན་དེའི་ཁ་གཏད་གྱོད་ཡས་གཏན་འབེབས་དུས་ཚེས་རྫོགས་ནས་ཉིན་གྲངས་ ༣༠ ནང་ཚུད་ཁྲིམས་ཞིབ་ཁང་ལ་དེའི་སྐོར་ཡིག་ཐོག་སྙན་ཞུ་འབུལ་ཆོག་པ་ཡིན།དོན་ཚན་ (ཁ་) ༡)  བཅད་ཁྲའི་དགོངས་དོན་ཉམས་ལེན་དུས་ཐོག་ལག་བསྟར་མི་བྱེད་མཁན་བྱུང་ན། དེར་ཁྲིམས་ཞིབ་ཁང་ནས་བཀའ་ཁྱབ་དང་འབྲེལ་ལག་བསྟར་བྱེད་དུ་འཇུག་རྒྱུའི་ལས་འགན་ལེན་དགོས། ལག་ལེན་དོན་འཁེལ་འབྱུང་སླད་འབྲེལ་ཆགས་བོད་མིའི་སྒྲིག་འཛུགས་མ་ལག་གང་རུང་ལ་དེའི་ཐོག་ལག་བསྟར་མཇུག་གནོན་བྱེད་དགོས་པའི་ཁྲིམས་ཞིབ་ཁང་ནས་བཀའ་ཁྱབ་གཏོང་ཆོག་པ་ཡིན། དེ་བཞིན་བཅད་ཁྲ་ཉམས་ལེན་ལག་བསྟར་དོན་འཁེལ་འབྱུང་སླད་ད་དུང་དགོས་གལ་བྱུང་ན་བཀའ་ཤག་གིས་འབྲེལ་ཆགས་གྱོད་ཡར་ས་གནས་སྤྱི་མང་ཁྲིམས་ཁང་ནས་རོགས་སྐྱོར་ལེན་ན་ཆོག་པའི་བཀོད་ཁྱབ་གཏོང་འཐུས།

༢)། གྱོད་ཡ་སུ་རུང་ནས་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དང༌། བཀའ་ཁྲ། བཀའ་ཁྱབ། བཀའ་ཤོག བཀོད་འདོམས་བཅས་ལ་བརྩི་མེད་བྱས་ཚེ། གནས་ཡུལ་གཞུང་གི་ཁྲིམས་ཐོག་ནས་འབྲེལ་བ་མེད་པའི་དོ་བདག་གང་དེར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༢༢ དང་། ༦༣། ༩༧། ༡༠༡། ༡༠༧ ནང་གསལ་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤ ནང་གསལ་གྱི་འོས་བསྡུའི་རིགས་ཀྱི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་དང་། བོད་མིའི་སྒྲིག་འཛུགས་མ་ལག་གི་གཞུང་འབྲེལ་ལས་གནས་གང་རུང་དུ་འདེམས་བསྐོ་བཀག་སྡོམ་དང་གནས་ཕབ་གནས་དབྱུང་། བོད་མིའི་སྒྲིག་འཛུགས་ཀྱི་ལྟ་རྟོག་རོགས་རམ་དང་མཐུན་འགྱུར་སྦྱོར་སྤྲོད་མཚམས་གཅོད། གཞན་གང་རུང་བཅས་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱེད་ཆོག ཁྲིམས་ཞིབ་ཁང་གིས་དེ་ལྟར་ཐག་གཅོད་བྱས་པའི་བཀའ་ཁྱབ་ཀྱི་ངོ་བཤུས་དང་སྦྲགས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཆགས་སུ་ཡིན་ལ་ལག་བསྟར་མཇུག་གནོན་བྱ་རྒྱུར་འགན་བསྐུར་བཀའ་ཁྱབ་གཏོང་རྒྱུ་དང་། བཀའ་ཁྱབ་དེའི་ངོ་བཤུས་མཁྱེན་རྟོགས་སླད་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། འབྲེལ་ཡོད་ལ་གཏོང་རྒྱུ།(ག) ༡)གྱོད་ཡ་གང་རུང་ནས་གོང་ཞུའི་དུས་བཀག་ནང་ཚུན་བཅད་ཁྲ་གཏོང་མཁན་ཁྲིམས་ཞིབ་ཁང་དེ་ནས་གོང་ཞུ་ཆོག་པའི་ཆོག་མཆན་བཀའ་འཁྲོལ་ཞུས་ཐོབ་བྱུང་བ་ཡིན་ན། ཁྲིམས་ཞིབ་ཁང་དེ་ནས་གོང་ཞུའི་དུས་བཀག་ནང་ཚུན་བཅད་ཁྲ་ཉམས་ལེན་ཕར་འགྱང་གི་བཀའ་འཁྲོལ་ཞུས་ཐོབ་དགོས།

༢) གལ་ཏེ་བཅད་ཁྲ་གཏོང་མཁན་ཁྲིམས་ཞིབ་ཁང་དེ་ནས་གོང་ཞུ་ཆོག་པའི་ཆོག་མཆན་མ་ཐོབ་པ་ཡིན་ན། གྱོད་ཡ་དེས་གོང་རིམ་ཁྲིམས་ཞིབ་ཁང་ལ་གོང་ཞུ་ཆོག་པའི་བདེ་སྙན་དང་སྦྲགས། བཅད་ཁྲ་ཉམས་ལེན་ཕར་འགྱང་གི་བཀའ་འཁྲོལ་ཞུས་ཐོབ་དགོས་པ་ཡིན།

(ང) གོང་ཞུ་བྱས་པ་ཞིག་གོང་ཞུ་བྱ་ཡུལ་ཁྲིམས་ཞིབ་ཁང་དེ་ནས་ངོས་ལེན་མ་བྱས་པའམ། ངོས་ལེན་བརྩི་མེད་དུ་བཏང་བ་ཡིན་ན། དེ་དག་གང་རུང་བྱས་པའི་ཉིན་དེ་ནས་བརྩིས་པའི་ཉིན་གྲངས་ཉི་ཤུ་ནང་ཚུད་བཅད་ཁྲའི་དགོངས་དོན་ཉམས་ལེན་ལག་བསྟར་བྱེད་དགོས་པ་ཡིན།

(ཅ) གོང་ཞུའི་ཐོབ་ཐང་ཡོད་པའི་གྱོད་པ་གཅིག་ལས་མང་བ་ཡོད་པའི་ཁྲོད་ནས་གཅིག་གམ་དུ་མས་གོང་ཞུ་བྱས་ཚེ། གོང་ཞུ་འབུལ་མཁན་ཕུད་པའི་གྱོད་ཡ་བྱིངས་ནས་གཏན་འབེབས་དུས་ཚེས་ནང་ཚུད་བཅད་ཁྲ་ཉམས་ལེན་བྱེད་དགོས་པ་ཡིན། ཞེས་གསལ་འདུག

འབྲེལ་ཡོད་གནས་ཚུལ།

བཀའ་ཤག་གི་གསལ་བསྒྲགས་ནང་བཟོད་གསོལ་ཞུས་མི་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

སྐར་མ ༥༣ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 0

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 6 སྔོན།

    ཁྲིམས་འགལ་སྒྲིག་འགལ་མང་གཙོའི་དགྲ།
    ཁྲིམས་སྲུང་སྒྲིག་སྲུང་མང་གཙོའི་གཉེན།
    བཅའ་ཁྲིམས་ནོར་བུ་མ་ནོར་ལམ་སྟོན་ལ།
    བརྩི་བཀུར་ཉམས་ལེན་བཙན་བྱོལ་བོད་མིའི་འགན།

    Reply
  2. jimme baharu@yahoo. says:
    ལོ་ 6 སྔོན།

    མི་ལ་ལས་སྤེན་ཚེ་ཞབས་འདྲེན་རེད་ཟེར། མི་ལ་ལས་སྤེན་ཚེ་གཉིད་མི་ཁུག་འདུག་ཟེར།
    མི་ལ་ལས་སྤེན་ཚེ་སྙིང་རྗེ་ཟེར། མི་ལ་ལས་སྤེན་ཚེ་ཐབས་སྡུག་རེད་ཟེར།
    གཉིད་མི་ཁུག་ཞབས་འདྲེན་ཇི་ལྟར་ཡང། བྱེད་རྒྱུ་ཚང་མ་བྱས་ཚར་བ་རེད།

    Reply
  3. ངག་དབང་བྱང་ཆུབ། says:
    ལོ་ 6 སྔོན།

    བཀའ་གཏོར་སྤེན་པ་ཚེ་རིང་། མང་གཙོའི་ཀ་བ་གསུམ་པོ་སྐུ་དབང་མཉམ་པ་ལས་ཁྲིམ་བཟོ་ཁང་བཀའ་ཤག་གི་དགོང་ན་མེད། བཀའ་ཤག་གི་གོང་ན་༧གོང་ས་མཆོག་ལས་མེད། བཀའ་ཤག་ནས་བཅད་ཁྲ་ངོས་བཞེས་ཐོག་གསལ་སྒྲགས་གནང་ཡང་ཁྱོད་རང་ལ་བཟོད་གསོལ་ཞུས་མ་བྱུང་ཟེར་ནས་སླར་ཡང་ཁྲིམ་སྟུག་བྱ་གི་ཡོད་ན་ཁྱོད་རང་གི་འདོད་པ་རེད། ༥༩ ལོར་རྒྱ་དམར་ནས་བོད་གཞུང་རྩ་མེད་བཟོད་པའི་དྲིལ་སྒྲགས་བྱས་མ་ཐག་གཡུལ་རྒྱལ་ལྷུན་རྩེ་རྫོང་དུ་༧གོང་ས་མཆོག་གི་སྐུ་དབང་དང་། བོད་གཞུང་བཀའ་ཤག་སྐྱར་འཛུགས་གནང་ནས་ད་ལྟ་བར་བཀའ་ཤག་ལ་འགྱུར་བ་མེད་པ་གནས་ཡོད། ད་ཆ་མི་ངན་ཁྱོད་འདྲ་བ་ཞིག་ནས་བཀའ་ཤག་དབང་དུ་སྡུ་ཐབས་བྱེད་པ་དེ། ནམ་རྒྱུན་ཁྱོད་སེམས་ཤུགས་ཆེ་རབ་དང་ལྷག་བསམ་དག་མདོག་བྱེད་པའི་མགོ་པགས་ཚང་མ་སྦུད་པའི་རང་མདོག་ངོ་མ་དེ་ལྟན་པ་རེད། ཁྱེད་རང་གི་ལས་ཀའི་བྱས་རྗེས་ནི་སྤྱི་འཐུས་ལོ་ཤས་ཞིག་བྱས་པ་དང་སྤྱི་འཐུས་ཚོགས་གཙོ་བྱས་པ་དེ་རེད། ཚོགས་གཙོ་ནི་སྐབས་གང་ཡིན་གྱི་གྲོས་གཞི་སྟང་འཛིན་བྱ་རྒྱུ་ལས། སོ་སོས་བསམ་བློ་བཏང་ནས་ལས་དོན་གྲུབ་དགོས་པ་གང་ཡང་མེད་ཧ་ལས་གྱུ་གང་ཡང་མེད། དབུས་གཙང་དབུས་རྒྱུན་ནས་ཁྱོད་རང་ལ་བཟང་པོ་བློས་འགེལ་ཐོག་ནས་ཆོལ་ཁའི་འཐེན་མེད་པར་སྲིད་སྐྱོང་འོས་མིར་བཞག་པ་རེད།
    དེ་དུས་ཁྱོད་རང་གི་བསམ་པར་ང་ལ་ཆོལ་ཁ་གཉིས་ནས་རྒྱབ་སྐྱོར་བྱས་ཙང་ང་རང་སྲིད་སྐྱོང་ཡིན་ཤག་བསམ་པ་རེད། ཐ་མ་འོས་མ་འཐོབ་པར་སོང་དེ་སྔའི་བྱས་རྗེས་ལ་དགོང་པ་བཞེས་ནས་དགའ་ལྡན་ཕོ་བྲང་ནས་དམིག་གསལ་ཨ་རིའི་དོན་གཅོད་ལ་གཏོང་གནང་མཛད་པ་རེད། དངོས་འབྲེལ་བྱས་ན་གཞུང་གི་ལས་བྱེད་པ་མིན་ཙང་བདག་པོ་མ་རྒྱབ་ཡང་འགལ་བ་གང་ཡང་མེད། འོན་ཀྱང་ཁྱོད་རང་ལ་བློས་འགེལ་གནང་ཡོད། རྒྱུ་མཚན་དེ་ལ་ལྟས་ན་ཁྱོད་རང་ལྷག་བསམ་རྣམ་དག་ཞིག་བྱ་དགོས་ཀྱང་། ཁྱོད་རང་ནས་ང་ཨ་རི་ལ་བཀའ་ཤག་བཏང་བ་མ་རེད་དགའ་ལྡན་ཕོ་བྲང་ནས་བཏང་བ་རེད། བྱས་ཙང་དགའ་ལྡན་ཕོ་བྲང་མ་ཏོག་བཀའ་ཤག་ལ་སྟུན་དགོས་མེད་ཞེས་དང་པོ་རང་ནས་བཀའ་ཤག་རྩི་འཇོག་མ་ཞུས་པར་ཁ་ལན་ཤ་སྟག་སློག་པ་མ་ཟད་ཨ་རིའི་འབྲེལ་ཡོད་ཁག་ནས་བསམ་ཚུལ་བྱུང་སྟབས་དོན་གཅོད་འཕོ་འགྱུར་གནང་བ་རེད། དེ་བར་ཅིར་བཏང་ལ་ཕྱིན་པ་རེད། དེ་རྗེས་ཁྱོད་རང་གི་རྒྱབ་སྐྱོར་བ་ཁག་གཅིག་བཞུག་སྒར་དུ་བཅར་ནས་དོན་གཅོད་འཕོ་འགྱུར་གཏོང་དགོས་པའི་རྒྱུ་ཚན་བཤོད་དགོས་ཟེར་ནས་ཉིན་གྲངས་མང་པོར་བྱས་པ་རེད། དེ་བྱས་ཙང་བཀའ་ཤག་ནས་དོན་ཚན་བཅུ་པོ་དེ་གསུང་དགོས་བྱུང་བ་རེད། དེ་གསུང་ཚར་དུས་སྤེན་པ་ཚེ་རིང་ནས་དོན་གཅོད་འཕོ་འགྱུར་གཏང་ཚར་བའི་རྗེས་ལ་ང་ལ་མ་ཉེས་ཁ་གཡོས་བྱས་བྱུང་ཟེར་ནས་ཁ་མཆུ་ཨང་ ༢༠ པ་གཙུག་པ་རེད། དེར་ཡང་བཙན་བྱོལ་གཞུང་གི་མཛད་འགན་ལ་རྟེན་ནས་དཔང་རྟགས་ཚ་ནན་རྩ་བ་ནས་གནང་མེད་ཙང་ཁྱེད་རང་ཁ་མཆུ་ཨང་ ༢༠ འཐོབ་པ་རེད། དེ་ཡང་བཀའ་ཤག་ནས་ཁྲིམ་བཅད་ཞལ་བཞེས་གནང་ཡོད། ད་ལྟ་བཀའ་ཤག་ནས་བཟོད་གསོལ་ཞུས་མ་བྱུང་ཟེར་ནས་སླར་ཡང་ཁྲིམ་སྟུག་བྱ་ཀི་ཡོད་པ་རེད། འདི་ཙམ་གི་༧གོང་ས་མཆོག་དང་བཙན་བྱོལ་གྱི་སྒྲིགས་འཛུག གཞིས་བྱེས་བོད་མི་ཡོང་ལ་ཧ་ཅང་གི་སྙད་བཅོད་མིན་ན་གང་ཡིན། མི་ལ་ཕྱིན་ཀྱང་ལྷ་ལ་མི་འགྲོ ལྷ་ལ་ཕྱིན་ཀྱང་ལས་འབྲས་ལ་འགྲོ་གི་མ་རེད། ཧ་ལས་ཡག་རེད།། རྒྱ་མི་ཕར་བཞག བོད་མི་གཅིག་གིས་འདི་འདྲ་བྱས་པ་ཧ་ལས་ཡག་རེད། ད་རུང་ཁོ་བློ་བཟང་སངས་རྒྱས་ཀྱིས་ཡས་བྱས་མས་བྱས་ཟེར་ན་ཕྱིན་འབྱུང་བཙན་བྱོལ་བོད་མིའི་ལས་ཀ་བྱ་མཁན་རགས་ས་རེད་པས། ད་དེ་ཚོ་སྨྱོན་པ་མིན་ན་གང་རེད།།

    Reply
  4. བསོད་དབང་། says:
    ལོ་ 6 སྔོན།

    དེ་སྔོན་ནས་ཆུ་མགོ་ནས་སྙོག་སྙོག་པ་རེད།

    Reply
    • ངག་དབང་བྱང་ཆུབ། says:
      ལོ་ 6 སྔོན།

      བསོད་དབང་ལགས། དེ་སྔོན་ནས་ཆུ་འགོ་ནས་རྙོག་རྙོག་པ་རེད་ཟེར་ན། འགོ་དེ་༧གོང་ས་མཆོག་ལ་ཞུ་གི་ཡོད་པ་རེད་དམ། ཡང་ན་བཀའ་ཤག། ཡང་ན་སྤེན་པ་ཚེ་རིང་སུ་ཡིན་གསལ་པོ་མ་གསུང་ན་སྤྱི་མ་པོམ་ལ་གསུང་ན་སྨོད་ཚིག་རང་ག་བ་ལས་ཕན་ཐོག་མི་འདུག།

      Reply
  5. ཐོས་པ་དགའ། says:
    ལོ་ 6 སྔོན།

    སྲིད་སྐྱོང་གཙོས་པའི་བཀའ་ཤག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔྱད་ཁྲ་དང་ལེན་བྱས་ན་བཟང་། དེ་ལྟར་མ་བྱས་ཚེ་ཆུ་མགོ་ནས་སྙོག་ན་དངས་མེད་ཅེས་པའི་དཔེ་ལྟར་རེད། ལྷག་དོན་དུ་བཙན་བྱོལ་སྤྱི་ཚོགས་འདི་ཁ་འཐོར་དགུ་འཐོར་དུ་སོང་ན་དེའི་འགན་བཀའ་ཤག་གིས་འཁུར་དགོས་པ་རེད། མགོ་ བཀའ་ཤག་གིས་ཁྲིམས་མ་རྩིས་ན་ས་སུས་བརྩི་རྒྱུ་རེད།

    Reply
  6. བསྟན་པ་ལེགས་ཚོགས says:
    ལོ་ 6 སྔོན།

    ༄༄། ༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་བོད་ཀྱི་བསྟན་པ་ཆབས་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་ཟུངས་གང་ཉིད་ཀྱི།དགོང་གཞི་གཙོ་བོ་དེ་བོད་མི་རྣམས་ལ་མངགཙོ་ཚད་དང་ལྡན་པ་ཞིག་བཟོ་གནང་མཛད་རྒྱུའི་དགོང་པ་ཡོད་པ་ང་ཚོ་ཚང་མས་མཁྱེན་གསལ་ཡིན་པ་དང་་ ཡིན་ན་འང་སྔར་བོད་ནང་རྒྱ་དམར་གྱིས་དབང་ཤུགས་ལ་རྟེན་ཕྱག་ལེན་གནང་བར་འགལ་རྐྱེན་མང་དག་ཞིག་ཡོད་པ་རྨོས་མ་དགོས་པ་ཡིན་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་རྗེས་ཐུགས་ཀྱིས་དམ་བཅའ་གཡོ་བ་མེད་པའི་ཐོག་བོད་ཆོལ་ཁ་གསུམ་དང་ཆོས་ལུགས་ཚང་མས་གནས་མཆོག་རྡོ་རྗེ་གདན་དུ་མནའ་གན་ཆེན་མོའི་དམ་བཅའ་འབུལ་བ་སོགས་བྱུང་ནས་བོད་མིའི་སྒྲིགས་འཚུགས་འདི་མང་གཙོའི་ལམ་དུ་ཐོག་མར་གསར་སྟོད་གནང་ནས་ད་བར་སྐུ་ངལ་འཛེམས་མེད་ཀྱི་རྩ་ཁྲིམས་རིན་པོ་ཆེ་གཏན་ལ་ཕབས་ཏེ་མཐར་མང་གཙོ་རྐ་བ་གསུམ་ལྡ་ན་གྱི་ཆེས་མཐོའི་ཁྲིམ་བཟོ་ལྷ་ན་ཁང་དང་་ འཛོན་སྐྱོང་བཀའ་གའསག་ སྤྱི་འཐུས་ལྷ་ཚོགས་བཅས་བྱུང་བ་འདི་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་རྒན་རབས་ཚོས་མི་ལོ་དྲུག་བཅུ་ཙམ་གྱི་སྐུ་ངལ་ཁྱད་བསད་གནང་བས་འབྲས་བུ་ཡིན་པ་མ་ཟད་ དེངས་འཛམ་གླིང་ནང་ཡུལ་གྱར་དུ་ཕྱིན་པའི་སྐྱབས་བཅོལ་ནང་རང་རིགས་བོད་མི་རྣམས་ངོ་ཚར་ཆེ་བའི་མི་རིགས་ཞིག་ལ་ངོས་འཛི་ན་བྱེད་པ་དང་ དེབཞིན་རྒྱལ་ཁབ་ཡོད་མཁན་གྱི་དབུ་ཁྲིད་དང་གྲོས་ཚོགས་ཀྱི་འཐུས་མི་བློ་ཟུ་བོར་གནས་པའི་མི་མང་པོས་བོད་མིའི་སྒྲིགས་ཚུགས་འདི་ལ་མངག་བརྗོད་ཐོབ་དང་ཐོབ་བཞིན་པ་འདི་ཡིན་ན་གཞིས་བྱེས་བོད་མི་ཡོངས་ཀྱིས་སེམས་ནང་རྗེས་མི་ནུས་པའི་དགའ་སྒོམས་མཆོག་ཤེས་སྐྱེས་དགོས་པ་ལྟ་ཅི་རྨོས་།
    ཡིན་ན་ཡང་ད་ལྟའི་ཁ་ཆུ་ཨང་༢༠ བཅད་ཁྲའི་ཐོག་འཛིན་སྐྱོང་བཀའ་གཤག་ནས་ཆེས་མཐོའི་ཁྲིམས་ཁང་གི་བཀའ་དངས་ལེན་གནང་དགོས་པ་ཡིན་གང་ལ་ཞེ་ན་མང་གཙོའི་རྐ་བ་གསུམ་དེ་ཚང་མ་ཁྲིམས་ཀྱིས་དབང་སྒྱུར་འོག་གནས་དགོས་པ་ཡིན་དུས་ཤ་ཤི་ཤ་ཡིན་ནས་སྡེར་མ་གསེརསྡེར་གྱི་དཔེ་ལྟར་སོང་གྱོད་ཡར་མགོ་རྒུར་འདོད་མེད་ནས་བོད་མིའི་མང་གཙོ་ལ་དགོངས་བཞེས་དགོས་པ་ཡིན་གལ་སྲིད་ཁྲིམས་ཁང་གི་བཅད་ཁྲ་ལ་མོས་མཐུན་མ་གནང་ན་གོང་དུ་བཀོད་པའི་༧གོང་ས་༧སྐྱབས་མགོན་ཆེན་པོས་དབུས་རང་རིགས་རྣམས་ཀྱིས་སྐུ་ངལ་གནང་བ་ཆུབཟོས་དང གཞན་གྱིས་ཆ་རྨོས་བྱ་ཡུལ་དུ་འགྲོ་བ་་མ་ཟད་ང་ཚོའི་མང་གཙོ་འདི་ཚད་ལྡན་མིན་པའི་མངོན་རྟགས་ཞིག་མི་ཆགས་པའི་དགོང་པ་བཞེས་དགོས་མཐོང་།།

    Reply
  7. བཀྲ་སྒྲོལ་མ says:
    ལོ་ 6 སྔོན།

    མདོ་དབུས་ཁམས་གསུམ་ཆུང་ཆུང་རྩ་བ་ཉིད་མ་རེད།འོན་ཀྱང་།ཅི་ཕན།ཕྱིར་དགྲ་ནང་འཛིང་རྒྱུ་དེ་གལ་ཆེ་བ་ཡིན་ན།ད་བོད་རང་དབང་རང་བཙན་ཟེར་བ་རེད་བ་མེད་རེད།

    Reply
  8. ཐོས་པ་དགའ། says:
    ལོ་ 6 སྔོན།

    གུས་པས་འཆན་ཞིག་རྒྱབ་ཡོད་པ་ད་དུང་དེ་ག་རང་ན་བསྡད་འདུག

    Reply
  9. Think tank says:
    ལོ་ 6 སྔོན།

    དེ་རིང་གི་རྐྱེན་ངན་དེ་གྲོགས་ལ་གྱུར་ནས་མ་འོངས་པར་སྤྱི་ཚོགས་ལྷིང་འཇགས་དང་ནང་ཁུལ་རྙོག་དྲ་མེད་པ་མདུན་སྐྱོད་གང་འདྲ་རྒྱག་དགོས་ཡོད་མེད་ཐོག་ལ་བསམ་བློ་གཏོང་གི་ཡོད་ཀྱང་སྒོ་རྒྱག་བཅུག་གི་མི་འདུག ཅེས་བརྗོད་བྱུང་།

    Reply
  10. ཤར་མདའ། says:
    ལོ་ 6 སྔོན།

    རང་གི་བཙོས་པའི་ཆང་སྟེ། འདི་ཞིམ་པོ་མེད་རུང་བཏུང་རྒྱུ་རེད། ཟེར་པ་ལྟར་འདོད་མོས་མེད་རུང་རང་ཉིད་ཀྱི་ཁྲིམས་ལ་གཏུག་ཤོག་གསུང་པ་རེད། ད་བཅད་ཁྲ་དང་ལེན་བྱེད་པའི་ཕོད་པ་ཡོད་དགོས་པ་རེད། དེ་མིན་ན་ད་དུང་མི་མཐུད་ངོ་ཚ་ཁ་སྐྱེངས་ཉོ་དགོས་པ་རེད། རོགས་པ་ཚོ་སྙིང་རྗེ་རེད། འདི་རང་ཉིད་ཀྱི་གཙོས་པའི་ཆང་རེད། གཙོ་བོ་དང་པོ་ནས་ལམ་ནོར་བྱས་མེད་འདི་འདྲ་ཞིག་ཡོང་དགོས་པ་འེ་ཡོད།

    Reply
  11. བཀྲ་སྒྲོལ says:
    ལོ་ 6 སྔོན།

    ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལ་ཞལ་པར་བརྒྱུད་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ད་བར་དུ་ཁྲིམས་ལ་གཏུགས་གཏུགས་ནས་བཅད་ཁྲ་ཉམས་ལེན་མ་བྱས་པ་ཡིན་ན། ང་སྒེར་ལ་ཁྱད་པར་ཆེན་པོ་གང་ཡང་ཡོད་པ་མ་རེད་དེ།
    ད་ལྟར་གནས་སྟངས་འདི་འདྲའི་ཆགས་པ་དེ་སྤེན་ཚེ་ཁྱད་པ་གང་ཡང་མེད་ནས་ཆགས་པ་རེད།
    གང་ཟག་ག་གེ་མོ་ཞིག་གི་སོ་སོའི་ལྟས་གོས་གཏམ་གསུམ་གལ་ཆེ་བ་གཙི་ནས་ད་ལྟ་གནས་སཏངས་འདི་ཆགས་པ་མ་རེད་པས།
    བོད་མི་སྒྲིག་འཛུགས་དེ་གཏོར་ཤོག
    སྤེན་ཚེ་ལགས་ཀྱི་དམིགས་ཡུལ་ངོ་མ་དེར་ཡིན་མདོག་ཁག་པོ་རེད།

    Reply
  12. ཐོས་པ་དགའ།། says:
    ལོ་ 6 སྔོན།

    སྲིད་སྐྱོང་གཙོས་པའི་བཀའ་ཤག་རྣམ་པས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔྱད་ཕྲ་ཉམ་ལེན་གནང་ན་བཟང་། དེ་ལྟར་མ་བྱས་ཚེ་ཆུ་མགོ་ནས་སྙོག་ན་དྭངས་མེད། ཅེས་པའི་དཔེ་ལྟར་རེད། བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་ཕྱིར་ཁ་འདམ་མི་ཐུབ་པར་གྱུར་ན་བཀའ་ཤག་ལ་ཏན་ཏན་འགན་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese