མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མང་གཙོ་དང་བཅའ་ཁྲིམས།

བོད་ཀྱི་དུས་བབ།
༢༠༡༩/༡༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

   ལ་མོ་ཚུལ་ཁྲིམས།

མང་གཙོ་དང་བཅའ་ཁྲིམས་གཉིས་ཕན་ཚུན་གཅིག་ལ་གཅིག་རྟེན་ཏུ་ཡོད་པ་དང་། བཅའ་ཁྲིམས་ལ་ངོས་ལེན་དང་བརྩི་བཀུར་བྱེད་པ་ནི་མང་གཙོའི་ལམ་དུ་ཤར་སྐྱོད་ཐུབ་པའི་ཐོག་མའི་ཆ་རྐྱེན་གཙོ་བོ་དེ་ཡིན་ཞིང་། མང་གཙོའི་སྤྱི་ཚོགས་དང་སྲིད་གཞུང་ཞིག་ལ་མཚོན་ན་བཅའ་ཁྲིམས་ནི་མེད་དུ་མི་རུང་བའི་རྩ་འཛིན་དེ་ཡིན་ལ། ཆབ་སྲིད་ཀྱི་འགལ་འདུ་དང་། སྲིད་གཞུང་གི་འཛིན་སྐྱོང་། མི་སེར་གྱི་སྲུང་སྐྱོབ་བཅས་ནི་བཅའ་ཁྲིམས་ཀྱི་ནུས་པ་དང་འབྲལ་ཐབས་མེད་པ་ཞིག་ཡིན། དངོས་གནས་བཤད་ན་བཅའ་ཁྲིམས་ནི་མང་གཙོའི་སྲོག་ཤིང་ཡིན་ཞིང་། བཅའ་ཁྲིམས་ཀྱི་ནུས་པ་མེད་པར་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་པའི་གོ་སྐབས་ཧ་ལམ་མེད།

རྒྱུ་མཚན་ནི་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་མེད་པར་མང་གཙོའི་ཐོབ་དབང་ལག་བསྟར་བྱེད་མི་ཐུབ་ལ། བཅའ་ཁྲིམས་ཀྱིས་མང་གཙོའི་ལམ་ལུགས་དང་མཉམ་ཏུ། སྤྱི་ཚོགས་ཐོག་མི་སྒེར་དང་ཚོགས་པ་ཚང་མས་སྲིད་གཞུང་གི་དབང་ཆ་ཇི་ལྟར་འཛིན་རྒྱུ་དང་། བཟུང་བའི་དབང་ཆ་ལ་སྟངས་འཛིན་ཇི་ལྟར་བྱེད་རྒྱུ། སྲིད་གཞུང་གི་བྱེད་སྒོ་མཐའ་དག་མི་མང་གི་འཚོ་གནས་ཁོ་ནའི་ཆེད་དུ་འགྲོ་གིན་ཡོད་མེད་བཅས་ལ་ཁག་ཐེག་དང་སྟངས་འཛིན་བྱེད་གིན་ཡོད་པས་རེད། དེ་བཞིན་ཏུ་འགྲོ་བ་མིའི་ཐོབ་ཐང་དང་། རྒྱལ་ཁབ་ཀྱི་དར་རྒྱས། མི་རིགས་ཤིག་གི་ངོ་བོ་བཅས་སྲུང་སྐྱོབ་བྱེད་དགོས་ན་མང་གཙོའི་ལམ་སྲོལ་ལས་གྲུབ་པའི་ཁྲིམས་སྐྱོང་གི་སྲིད་གཞུང་ཞིག་མེད་ན་ཡོང་ཐུབ་མེད་པ་དེ་གསལ་བོ་རེད།

མང་གཙོའི་སྤྱི་ཚོགས་ཤིག་ལ་མཚོན་ན་སྲིད་གཞུང་ལ་བཅའ་ཁྲིམས་ཀྱི་ཚོད་འཛིན་དང་ཚད་ཐིག་ཡོད་ལ། མི་སེར་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་དང་ཐོབ་དབང་ཡོད། སྲིད་གཞུང་གི་ལས་ཀྱི་སྣེ་མོ་བ་ཞིག་ཡིན་ན་བཅའ་ཁྲིམས་ཀྱི་བཀོད་པ་ལྟར་ལས་དོན་སྒྲུབ་དགོས་ཤིང་། མི་སེར་ཞིག་ལ་མཚོན་ནའང་ཟས་གོས་གནས་མལ་དང་འབྲེལ་བའི་ཀུན་སྤྱོད་ཚང་མ་བཅའ་ཁྲིམས་ལྟར་འགྲོ་བ་ཞིག་ཡིན། ཡང་གཅིག་བཤད་ན། མང་གཙོའི་སྤྱི་ཚོགས་ནང་སྐྱེ་བོ་མཆོག་དམན་བར་མ་སུ་ཞིག་ཡིན་ཡང་བཅའ་ཁྲིམས་ནི་གོང་ན་མེད་པ་ཞིག་ཡིན་པར་ངོས་འཛིན་བྱེད་ལ། ཁྲིམས་ཀྱི་མདུན་སར་ཚང་མ་འདྲ་མཉམ་དུ་ཡོད་དགོས་པ་ཞིག་ཡིན། འདི་ནི་བཅའ་ཁྲིམས་ཀྱི་རྩ་བའི་ཆོས་ཉིད་རེད།

མང་གཙོ་དང་བཅའ་ཁྲིམས་གླེང་སྐབས། ང་ཚོས་གསལ་བོར་ཤེས་པ་ནི། བཅའ་ཁྲིམས་ཀྱིས་མང་གཙོའི་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་དབང་ཆ་ལ་སྲུང་སྐྱོབ་བྱེད་པ་དང་། མི་སེར་ཡོངས་ཀྱི་རང་དབང་ལ་སྲུང་སྐྱོབ་བྱེད་པ། མི་སེར་དང་སྲིད་གཞུང་གི་ལས་ཀྱི་སྣེ་མོ་བ་ཡོངས་ཀྱི་བྱ་སྤྱོད་ཀུན་དང་མཐུན་ཞིང་ཚད་ལ་རན་པའི་ལམ་ཁ་ཞིག་ཏུ་བགྲོད་པར་ཚོད་འཛིན་དང་སྐུལ་འདེད་བྱེད།

སྤྱིར་བཅའ་ཁྲིམས་ནི་མི་མང་དང་སྲིད་གཞུང་གཉིས་བར་གྱི་གན་རྒྱ་ལྟ་བུ་ཞིག་ཡིན་ལ། སྲིད་གཞུང་དང་མི་མང་གཉིས་ཀར་གན་རྒྱ་དེ་སྲུང་བརྩི་བྱེད་པའི་ལས་འགན་ཡང་ཡོད། རེད་དེ། མང་གཙོའི་སྤྱི་ཚོགས་ཐོག་སྐབས་སྐབས་སུ་མི་གྲངས་ཉུང་ཤས་ཀྱིས་མི་གྲངས་མང་བའི་ཐག་གཅོད་ལ་བརྩི་བཀུར་མ་བྱས་པ་དང་། སྲིད་གཞུང་གི་སྒེར་གཅོད་ཀྱི་ནུས་པ་ཆེ་རུ་སོང་སྟེ་མང་ཚོགས་ལ་གནོན་ཤུགས་སྤྲོད་པ་སོགས་ཀྱི་འགལ་བ་བྱུང་སྐབས། བཅའ་ཁྲིམས་ཀྱིས་མི་སྒེར་དང་སྲིད་གཞུང་གཉིས་ཀའི་བྱ་སྤྱོད་འདི་ཁྲིམས་ཁང་དུ་ཐག་གཅོད་བྱེད་པའི་གོ་སྐབས་སྟེར་བ་ཡིན། ཐག་གཅོད་དེའི་ནང་དམངས་ཀྱི་ཐོག་མའི་བླ་ན་མེད་པའི་ཐོབ་དབང་ལ་འགན་སྲུང་དང་། རྒྱུ་མཚན་དང་གནས་ལུགས་ཡོད་ན་མི་གྲངས་ཉུང་ཤས་ཀྱི་ཐོབ་དབང་དང་རེ་བ་ལའང་སྲུང་སྐྱོབ་བྱེད།

ཡང་དག་པའི་མང་གཙོའི་སྲིད་གཞུང་ཞིག་ཡོད་དགོས་ན་བཅའ་ཁྲིམས་ལ་ངེས་པར་དུ་བརྩི་བཀུར་བྱེད་དགོས་ཤིང་། ཁྲིམས་ཁང་དང་ཁྲིམས་དཔོན་གྱིས་འདིའི་ཁྲོད་དམིགས་བསལ་གྱི་འགན་འཁུར་བླངས་ཡོད། མང་གཙོའི་ལམ་སྲོལ་ལས་གཏན་ལ་ཕབ་པའི་བཅའ་ཁྲིམས་ལ་མཚོན་ན། དེ་ཉིད་མི་སེར་ཡོངས་ཀྱི་ལག་ལེན་དོན་འཁྱོལ་ཡོང་བར་ཁྲིམས་ཁང་གིས་དམིགས་བསལ་གྱི་འགན་བླངས་ཡོད་པ་རེད། ཁྲིམས་དཔོན་གྱིས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་གསན་ཞིབ་དང་། གདེངས་འཇོག ཞིབ་འཇུག་བཅས་བྱས་རྗེས་འཇིགས་ཞུམ་དང་ཕྱོགས་ལྷུང་གང་ཡང་མེད་པའི་སྒོ་ནས། ཁྲིམས་ལུགས་གཞི་རྩར་བཞག་སྟེ་དྲང་བདེན་གྱི་ཐག་གཅོད་བྱེད། གནས་སྟངས་འདི་ལས་གསལ་བོར་ཤེས་རྒྱུ་ཡོད་པ་ཞིག་ནི། ཁྲིམས་དཔོན་ཞིག་ཡིན་ན་སྒེར་སེམས་དང་ཕྱོགས་ལྷུང་མེད་པར་རང་རྐྱ་འཕེར་བའི་དབང་ཤུགས་དང་མཉམ་ཏུ་ཕྱི་གསལ་ནང་གསལ་གྱི་ཁྲིམས་གཅོད་བྱེད་ཀྱིན་ཡོད་པ་འདི་ནི་བཅའ་ཁྲིམས་ཀྱི་ནུས་པ་དང་ཁྲིམས་དཔོན་གྱི་བྱེད་སྒོ་ཡིན།

ཁྲིམས་དཔོན་ཞིག་ཡིན་ན་ཁྲིམས་ཀྱི་དམིགས་བསལ་གྱི་སློབ་སྦྱོང་ཡོད་དགོས་པའི་ངེས་པ་མེད། ཨ་རི་ལ་མཚོན་ན་ཁྲིམས་དཔོན་མང་པོ་ཞིག་ལ་ཁྲིམས་ཀྱི་སློབ་གྲྭ་འགྲིམས་པའི་ལོ་རྒྱུས་མེད་ན་ཡང་ཁྲིམས་ཐག་གཅོད་པའི་དབང་ཆ་ཡོད། ཁྲིམས་དཔོན་ཞིག་གིས་ཁྲིམས་ཐག་གཅོད་སྐབས་ཆེས་གལ་ཆེ་བ་ནི་ལུགས་མཐུན་གྱི་འགྲོ་ལུགས་བརྩི་སྲུང་བྱས་ཏེ་ཁྲིམས་ཐག་གཅོད་པ་དེ་ཡིན། ལུགས་མཐུན་གྱི་འགྲོ་ལུགས་ཞེས་པ་ནི་སྲིད་གཞུང་གིས་ཞུ་གཏུག་ལ་ཕྱོགས་ཞེན་མེད་པར་ངོས་ལེན་བྱེད་རྒྱུ་དང་། མི་སེར་ཞིག་ལ་མཚོན་ན་ཁོང་ཚོ་ལ་བླ་ན་མེད་པའི་འཚོ་གནས་ཀྱི་ཐོབ་དབང་དང་། རང་དབང་ཡོད་པར་མ་ཟད། སྲིད་གཞུང་ལ་ཐོབ་དབང་དེ་ཉིད་གསལ་ཁ་འདོན་རྒྱུའི་གོ་སྐབས་ཀྱང་ཡོད་ཆོག་པའི་ཁྲིམས་གཏུག་གི་བརྒྱུད་རིམ་དེ་ལ་གོ་དགོས། ཁྲིམས་གཏུག་གི་བརྒྱུད་རིམ་དེ་ནི་ཁྲིམས་དཔོན་ཞིག་གི་ལས་འགན་གལ་ཆེས་ཤོས་དེ་ཆགས་ཡོད་པ་རེད།

བཅའ་ཁྲིམས་ཀྱིས་མང་གཙོའི་ལམ་ལུགས་ལ་སྲུང་སྐྱོབ་བྱེད་གིན་ཡོད་པ་ནང་བཞིན་མང་གཙོའི་ལམ་ལུགས་ཀྱིས་ཀྱང་བཅའ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་ཤུགས་ལ་སྲུང་སྐྱོབ་བྱེད་གིན་ཡོད། དཔེར་ན་སྲིད་དབང་སྒེར་གཅོད་ཀྱི་སྲིད་གཞུང་ཞིག་ལ་མཚོན་ན། ལས་ཀྱི་སྣེ་མོ་བ་ཚོས་རང་གི་ཆབ་སྲིད་ཀྱི་དབང་ཆ་ནམ་དུའང་དམ་དུ་འཛིན། དེའང་ཁོང་ཚོས་བཅའ་ཁྲིམས་ཀྱི་དྲག་པོའི་སྟོབས་ཤུགས་ཅིག་ལ་བརྟེན་ནས་རང་གི་དབང་ཤུགས་རྒྱུན་གནས་ཐུབ་པར་བྱེད། མང་གཙོའི་སྤྱི་ཚོགས་ལ་མཚོན་ན་དེ་ལྟར་མ་ཡིན་པར་མང་ཚོགས་ཀྱིས་སྲིད་གཞུང་དེར་བལྟ་རྟོག་བྱེད་པའི་འགན་འཁུར་དང་། སྐྱོན་བརྗོད་བྱེད་པའི་གོ་སྐབས། ངོ་རྒོལ་བྱེད་པའི་ཐོབ་དབང་ཡོད་ལ། ཐ་ན་སྲིད་གཞུང་དེ་ཉིད་བརྗེ་བོ་རྒྱག་རྒྱུའི་ཐོབ་དབང་ཡང་ཡོད་པ་རེད། དེ་ལས་གཞན་ད་དུང་། མང་གཙོའི་སྤྱི་ཚོགས་ནང་། མི་སེར་རྣམས་ལ་བཅའ་ཁྲིམས་བརྩི་སྲུང་བྱེད་པའི་གོམས་སྲོལ་ཡག་པོ་ཞིག་ཡོད། དེ་ནི་གཙོ་བོ་ཁྲིམས་བཟོ་ལྷན་ཚོགས་སུ་མི་མང་ཉམས་ཞུགས་བྱེད་ཆོག་པའི་ཐོབ་དབང་ཡོད་པ་དང་། བཅའ་ཁྲིམས་དེའང་མཐར་གཏུགས་ན་མི་མང་རང་གི་ཆེད་དུ་བཟོས་པ་ཞིག་ཡིན་པའི་ངེས་ཤེས་དང་ཡིད་ཆེས་བརྟན་པོ་ཡོད་པའི་རྟགས་ཡིན་ལ། བཅའ་ཁྲིམས་ལ་ཡིད་ཆེས་དང་འགན་འཁུར་ཡོད་ན་ད་གཟོད་མང་གཙོའི་ལམ་ལུགས་སུ་ཤར་སྐྱོད་ཐུབ་པའི་རེ་བ་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

ཆུ་ཚོད་ ༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

ཆུ་ཚོད་ ༣ སྔོན་ལ།
Mobile App

གཏམ་གླེང་དམར་རྗེན་མ།

ཆུ་ཚོད་ ༥ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

༢༠༢༥/༠༥/༢༡
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

༢༠༢༥/༠༥/༢༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

༢༠༢༥/༠༥/༢༡

མཆན། 0

  1. གཞུང་པ་ཚེ་དབང་བསིད་ནམས་ says:
    ལོ་ 5 སྔོན།

    མང་གཙོའི་བཅའ་ཁྲིམས་དང་དམངས་གཙོའི་ཙ་ཁྲིམས་ཧཧཧ

    Reply
  2. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་འཁོད་པའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་དགོས་པ་དེ་རང་ལོ་བཅོ་བརྒྱད་ཡན་གྱི་བཙན་བྱོལ་བོད་མི་མཐོ་དམའ་བར་གསུམ་ཚང་མས་ལས་འགན་ཞིག་ཡིན་པ་དང་ཁ་མཆུ་ཨང་ཉི་ཤུ་གི་རྩོད་ལན་པས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་ལ་འགན་འཁུར་ཞུས་མེད་ན་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའིི་བོད་ཀྱི་ཡུལ་མིའི་ལས་འགན་མ་འགྲུབ་པར་ངོས་འཛིན་གྱི་བཅའ་ཁྲིམས་དོན་ཚན་ཉི་ཤུ་རྩ་དགུ་པའི་ནང་གསེས་གསུམ་པའི་ཀ་པ་ནང་གསལ་ལྟར་སྤྱི་འཐུས་གྲོས་ཚོགས་ནས་འགན་འཁུར་ལེན་དགོས་པ་ནི་བཅའ་ཁྲིམས་ཀྱི་བཀུར་བའི་གྲོས་ཚོགས་འཐུས་མིའི་ལས་འགན་ཞིག་ལ་ངོས་འཛིན་ཞུ་གི་ཡོད།

    Reply
  3. ཞ་སྙུག་དམར་བོ། says:
    ལོ་ 6 སྔོན།

    གནས་ལུགས་དང་རྒྱུ་མཚན་དབེན་ཞིང་། ཡིག་ནོར་གྱིས་ཁེངས་པའི་དྲ་འབུ་འདི་དག་གི་སྐད་ཆ་ལས་སྤྱི་ཚོགས་ཤིག་གི་གནད་དོན་དང་དམངས(མང)་གཙོ་སོགས་ཀྱི་གླེང་མོལ་བྱ་བའི་གནས་ཚད་ལོངས་མེད་པའི་ན། ཁྱི་ཁ་དེ་བཙུམ་སྟེ་དང་པོ་སྐད་ཆའི་ཐོ་དཔང་བརྡ་དག་ཡག་པོ་སྦྱོངས། དེ་ནས་སྤྱི་ཚོགས་ལ་ལྟ་བའི་བསམ་བློའི་ཤེས་ཡོན་གྱི་ཚབ་མཚོན་ཚིག་སྒྲུབ(གྲུབ)་བཟོ་སྟངས་ཀྱི་ཟམ་ཆུང་འགྲིམས། དེའི་རྗེས་ཆབ་སྲིད་རིག་པའི་སྡིངས་ཆར་སྙེག་པའི་རྩོམ་རིག་གི་ལམ་ཆེན་དེ་བསྐྱོད་རྗེས། གཞི་ནས་སྤྱི་ཚོགས་ཤིག་གི་གནད་དོན་གླེང་དགོས་པ་མ་གཏོགས། ཀླད་པ་སྟོང་པ་དང་བསམ་བློ་རུལ་བ་ཅན་རྐྱང་རྐྱང་གིས་སྤྱི་ཚོགས་ཤིག་གི་གནད་དོན་གླེང་ཁུལ་བྱས་པ་འདི་ལ་བསམས་ན། ད་སྤྱི་ཚོགས་འདིའི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པ་གསལ་བཤད་གནང་གི་ཡོད་པས། དངོས་གནས་ཡིད་རེ་སྐྱོ་ཨང་།

    Reply
  4. འཚུབ་ཐེལ། says:
    ལོ་ 6 སྔོན།

    གནད་ལ་ཕབས་ནས་བཤད་ན། ད་ལྟའི་བཀའ་ཤག་གི་དཀའ་ངལ་ཆེ་ཤོས་དེ་ཁྲིམས་དྲང་པོ་བྱུང་མ་བྱུང་མ་ཡིན་པར། སྤྱི་ཚོགས་ལ་རང་ཉིད་ཀྱི་ངོ་གདོང་ཅི་ལྟར་སྟོན་དགོས་མིན་དེ་རེད། གལ་སྲིད་ཁྲིམས་དྲང་པོ་མ་བྱུང་བ་ཡིན་ན་དོན་ཚན་སོགས་ལུང་འདྲེན་བྱས་ནས་བཤད་དགོས་པ་བཀའ་ཤག་གིས་ལོས་ཤེས་ཏེ། སྲིད་སྐྱོང་དང་ཁོང་གི་ཁྲིམས་རྩོད་པ་རྣམ་པ་གཉིས་ཆ་ཁྲིམས་ཀྱི་འབུམ་རམས་པའི་ཕྱག་འཁྱེར་བསྣམ་མཁན་ཡིན་པས་སོ། དེར་བརྟེན་ད་ནི་ཁ་གཏད་གཅོག་པའི་ཐབས་ལམ་གཞན་ཞིག་ལས་ལྷག་མེད་པ་སྟེ། དེ་ནི་བཀའ་ཤག་གི་ཁྲིམས་རྩོད་པས་ཁྲིམས་ཁང་སྒོ་འགྲམ་ནས་བཤད་པའི་འུར་གཏམ་གྱི་གཡོ་འོག་ཏུ་ཚུད་པ་དང་། གཞན་ཡང་ལུང་ཚན་བྱེ་བྲག་པའི་ལར་ཞེན་གྱི་ཆེད་དུ་བོད་སྤྱི་བའི་རིགས་ཞེན་ཐལ་བ་བཞིན་འདོར་ཐུབ་མཁན་གྱི་གླེན་པ་ཁ་ཤས་ཡོད་པ་དེ་དག་བཀོལ་སྤྱོད་བྱེད་རྒྱུ་དེ་རེད། དེར་དམིགས་ནས་ཁྲིམས་ཡིག་དང་བཅད་ཁྲའི་དོན་ཚན་གང་ཡང་ལུང་འདྲེན་རྒྱུ་མེད་པར་ལས་རྒྱུ་འབྲས་ཀྱི་སྐད་ཆ་དེ་བཤད་པ་རེད། དེ་ནི་བཀའ་ཤག་གི་ཆེས་མཐའ་མའི་རེ་བ་འཆང་ས་ཉག་ཅིག་སྟེ་སྤྱི་ཚོགས་ཀྱི་མི་ཁ་ལ་རྒོལ་བའི་འབར་རྫས་གཅིག་པུ་དེ་ཡང་རེད།

    Reply
  5. བསྟན་པ་ལེགས་ཚོགས་ says:
    ལོ་ 6 སྔོན།

    ༄༄། ལ་མོ་ཚུལ་ཁྲིམས་ལགས་ནས་དུས་སྐབས་དང་འཚམ་པའི་མང་གཙོ་དང་བཅའ་ཁ྄ིམས་ཀྱི་སྐོར་བཀའ་བརྩོམ་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་རང་རའི་སྤྱི་ཚོགས་བདེ་འཇག་དང་མང་གཙོ་ཚད་དང་ལྡན་པ་ཞིག་དགོས་ཀྱི་ཡོད་ན་བཅའ་ཁྲིམས་ལ་མཐའ་ཅིག་ཏུ་རྩིས་འཁུར་ཞུ་རྒྱུ་གཞུང་མང་གཉིས་ནས་ལག་ལེན་ཚུལ་བཞིན་གནང་བ་ལས་ལྷག་པ་ཞིག་མེད་པ་རེད་།།

    Reply
  6. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 6 སྔོན།

    ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ་རྩོམ་འདི་བཀའ་ཤག་དང་སྤྱི་འཐུས་ཚོའི་ངེས་པར་དུ་ཐེངས་གཅིག་ཀློག་རོགས་གནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་རྩི་བཀུར་དང་ཡིད་ཆེས་བློ་གཏད་ཉམས་ལེན་ཞུ་རྒྱུ་དེ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཞིག་ཡིན་པ་དང་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་དོན་ཚན་ཁག་ལ་ཉམས་ལེན་དང་རྩི་བཀུར་ཞུ་མ་ཐུབ་ཚེ་བོད་ཀྱི་ཡུལ་མིའི་ལས་འགན་མ་འགྲུབ་པ་ལ་ཁྲིམས་ཐོག་ནས་ངོས་འཛིན་བྱེད་དགོས་པ་མ་རེད་དམ།

    Reply
    • Cchog says:
      ལོ་ 6 སྔོན།

      ད་ཡག་པོ་རེད་ཡ།
      བཅའ་ཁྲིམས་ནོར་ཡོད་མ་རེད་རྩོམ་པོ་ལ་ཞུ་
      ཁྲིམས་ཞིབ་ཁང་གི་། ཁྲིམས་དཔོན་བཅད་ཁྲ་གཏང་ལས་དེ་དྲང་པོ་མ་བྱེད་པའི་ནོར་འཁྲུལ་ཛ་དྲག་བཟོ.མཁན་ཁྲིམས་མི་ཤིས་མཁན་གང་ཟག་ལྐུག་པ་ལུག་ལྟར་བཅད་ཁྲ་བཏང་།བློ་ཕམ་ཡོད།
      རྒྱ་ནག་གུང་ཁྲན་ཁྲིམས་ནང་དྲང་ཉུང་མི་རིགས་ལ་ཚད་ཐོ་ཐོབ་ཡོད་། ཡིན་ན་དམར་ཤོག་སྲ་རྟེན་ཡོངས་སླེད་ཁྲིམས་ལ་གནང་མེད་ཀྱི་ཁྲིམས་གཅོད་ཕོག་མཁན་བོད་མི་དྲང་མེད་འདས། ཨ་ཧ་ཨ་ཧ

      Reply
      • abcd xyz says:
        ལོ་ 6 སྔོན།

        ད་ཡག་པོ་རེད་ཡ།
        བཅའ་ཁྲིམས་ནོར་ཡོད་མ་རེད་རྩོམ་པོ་ལ་ཞུ་
        ཁྲིམས་ཞིབ་ཁང་གི་། ཁྲིམས་དཔོན་བཅད་ཁྲ་གཏང་ལས་དེ་དྲང་པོ་མ་བྱེད་པའི་ནོར་འཁྲུལ་ཛ་དྲག་བཟོ.མཁན་ཁྲིམས་མི་ཤིས་མཁན་གང་ཟག་ལྐུག་པ་ལུག་ལྟར་བཅད་ཁྲ་བཏང་།བློ་ཕམ་ཡོད།
        རྒྱ་ནག་གུང་ཁྲན་ཁྲིམས་ནང་དྲང་ཉུང་མི་རིགས་ལ་ཚད་ཐོ་ཐོབ་ཡོད་། ཡིན་ན་དམར་ཤོག་སྲ་རྟེན་ཡོངས་སླེད་ཁྲིམས་ལ་གནང་མེད་ཀྱི་ཁྲིམས་གཅོད་ཕོག་མཁན་བོད་མི་དྲང་མེད་འདས། ཨ་ཧ་ཨ་ཧ

        ད་དེ་འདྲ་ཡིན་ན། ཁྲིམས་དཔོན་ཁྲིམས་མི་ཤེས་མཁན་གང་ཟག་ལྐུག་པ་ཡིན་ན། ཁྱེད་ཁྲིམས་ཤེས་མཁན་གང་ཟག་ལྕང་པོ་ཡིན་ས་རེད། འོ་ན། ཁྲིམས་དཔོན་ཁྲིམས་མི་ཤེས་མཁན་ཞིག་མཐོང་གི་ཡོད་ན་ཁྱེད་མི་འཇོན་པོ་ཞིག་ཡིན་པས་ཆ་ནས་ག་རེ་བྱས་ཡོད། ག་རེ་ཤེས་ཀྱི་ཡོད། ག་རེ་བྱས་དགོས་རེད་ཁ་གསལ་བསྒྲགས་བྱ་ཐུབ་ན་དེས་མ་ཤེས་མཁན་ལ་ཤེས་རྒྱུ་དང་། ཤེས་མཁན་ཚོར་ཡང་བསམ་བློ་གཏང་རྒྱུ་ཞིག་ཆག་གི་རེད། དེ་མིན་ཁ་ཏོང་བ་བཤད་ན་ཁ་ན་རོག་རེད་གོ ཨ་རོ།

        Reply
        • ཚེ་བརྟན says:
          ལོ་ 6 སྔོན།

          དོན་ཚན་དང་གནད་དོན་གང་ནས་ནོར་བ་བཤད་རྒྱུ་མེད་ན་དོན་མེད་ཁྲིམས་དཔོན་མ་ཟུར་ར་བྱ་མི་རུང་གྲོགས་པོ་ལགས

          Reply
        • Cchog says:
          ལོ་ 6 སྔོན།

          དགོངས་པ་མ་ཚང་། ང་ལ་ཤེས་འགྱོན་གང་མེད་དེ་བོད་མི་གཞུང་སྲ་བརྟེན་ལ་ལ་རྒྱ་ཡོད་། ཁྲིམས་ཞིབ་ཁང་གིས་ཁྲིམས་དཔོན་གྱིས་བྱེད་ལས་སྟེ་ལྐུག་པ་ལུག་ལྟ་བུ་བོད་མི་སྒྲིགས་འཛུག་ལ་དམའ་ཕབ་མཁན་དང་རྒྱ་ནག་གུང་ཁྲན་ལ་འདོད་བློ་གཏེར་མཁན་བཅད་ཁྲ། བོད་མི་སྒྲིགས་འཛུག་གཞུང་གིས་ཁྲིམས་ཐོག་དཔང་མི་ངོས་ལེན་་མེད་པ་རྒྱ་ནག་གུང་ཁྲན་ལ་དཔེ་ལན་ནས་ལྐུག་པ་ཁྲིམས་དཔོན་བཅད་ཁྲ་། བོད་མི་སྒྲིགས་འཛུག་གིས་ཁྲིམས་ཐོག་དཔང་ཡིག་བརྩིས་མེད་གཏང་སྟངས་རྒྱ་ནག་གུང་ཁྲན་ལ་ཡིད་ཆེས་བྱེད་ནས་ལྐུག་པ་ཁྲིམས་དཔོན་བཅད་ཁྲ།་། ༧ གོང་ས་མཆོག་དུས་ལྟག་ཏུ་སྒེར་དང་བོད་སྤྱི་བ་གཙོ་ཆེ་བཀའ་སློབ་ཡིད་ལ་ཀྱངས་ནས་། བཙན་འབྱོར་བོད་མི་གཞུང་སྲ་མེད་ན་བོད་མི་ཡོངས་ཀྱི་ཚེ་ཟད་དོ་། ཀྱེ་མ་ཀྱེ་ཧུད་།

          Reply
          • abcd xyz says:
            ལོ་ 6 སྔོན།

            ཡང་དག་པའི་མང་གཙོའི་སྲིད་གཞུང་ཞིག་ཡོད་དགོས་ན་བཅའ་ཁྲིམས་ལ་ངེས་པར་དུ་བརྩི་བཀུར་བྱེད་དགོས་ཤིང་། ཁྲིམས་ཁང་དང་ཁྲིམས་དཔོན་གྱིས་འདིའི་ཁྲོད་དམིགས་བསལ་གྱི་འགན་འཁུར་བླངས་ཡོད། མང་གཙོའི་ལམ་སྲོལ་ལས་གཏན་ལ་ཕབ་པའི་བཅའ་ཁྲིམས་ལ་མཚོན་ན། དེ་ཉིད་མི་སེར་ཡོངས་ཀྱི་ལག་ལེན་དོན་འཁྱོལ་ཡོང་བར་ཁྲིམས་ཁང་གིས་དམིགས་བསལ་གྱི་འགན་བླངས་ཡོད་པ་རེད། ཁྲིམས་དཔོན་གྱིས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་གསན་ཞིབ་དང་། གདེངས་འཇོག ཞིབ་འཇུག་བཅས་བྱས་རྗེས་འཇིགས་ཞུམ་དང་ཕྱོགས་ལྷུང་གང་ཡང་མེད་པའི་སྒོ་ནས། ཁྲིམས་ལུགས་གཞི་རྩར་བཞག་སྟེ་དྲང་བདེན་གྱི་ཐག་གཅོད་བྱེད། གནས་སྟངས་འདི་ལས་གསལ་བོར་ཤེས་རྒྱུ་ཡོད་པ་ཞིག་ནི། ཁྲིམས་དཔོན་ཞིག་ཡིན་ན་སྒེར་སེམས་དང་ཕྱོགས་ལྷུང་མེད་པར་རང་རྐྱ་འཕེར་བའི་དབང་ཤུགས་དང་མཉམ་ཏུ་ཕྱི་གསལ་ནང་གསལ་གྱི་ཁྲིམས་གཅོད་བྱེད་ཀྱིན་ཡོད་པ་འདི་ནི་བཅའ་ཁྲིམས་ཀྱི་ནུས་པ་དང་ཁྲིམས་དཔོན་གྱི་བྱེད་སྒོ་ཡིན།

          • Cchog says:
            ལོ་ 6 སྔོན།

            འདྲི་་བ།
            ༡) བཙན་། ། ༢) འབྱོར།། ༣) བོད་མི་ བསྒྲིགས་འཛུག་སྲ་་དགོས་སམ་།།
            སྲ་མེད་ན་རྒྱ་ནག་གུང་ཁྲན་ཡིད་འཚིམ་འམ།། བོད་མི་སྒྲིགས་འཛུག་་ལ་ཁྲིམས་ཁངནས་ཆེ་མཐོང་དགོས་སམ། དམའ་ཕབ་མིན་ཉེས་།་བོད་གཞུང་གིས་ཁྲིམས་ཐོག་གི་དཔང་མི་དཔང་ཡིག་གཉིས་མེད་གཏང་སྟངས་ནས་རྒྱ་ནག་གུང་ཁྲན།བྱེད་ལས་མཚུངས་སམ། ཡང་ན་། དབང་ཆ་སྒེར་ལོག་སྤྱོད་པའི་ཁྲིམས་དཔོན་ཏེ་ཕྱོགས་ལྷུང་ངམ།། ང་དགོས་ནས་དྲང་པོ་ཁྲིམས།
            ་ཕྱོགས་ཡོངས་ལ་མཁྱེན་རྒྱ་མིག་ཡོད་གང་ཟག་དགོས།
            མིག་ཡོད་མཐར་ལྷུང་འཛིན་མཁན་དགོས་མེད་དོ།

          • ཚེ་བརྟན། says:
            ལོ་ 6 སྔོན།

            བཅད་ཁྲ་གང་ནས་ནོར་བ་བཤད་རྒྱུ་མེད་ན་དོན་མེད་སྐད་ཅོར་མ་བརྒྱབ། བྱས་ན་ཁྲིམས་ལ་མ་རྩིས་བ་དེ་སྒྲིག་འཛུགས་སྲ་བརྟེན་རེད་པས། ཀླ་ཀློའི་ལྟ་བ་རང་རེད།

          • abcd xyz says:
            ལོ་ 5 སྔོན།

            འདྲི་་བ།
            ༡) བཙན་། ། ༢) འབྱོར།། ༣) བོད་མི་ བསྒྲིགས་འཛུག་སྲ་་དགོས་སམ་།།
            སྲ་མེད་ན་རྒྱ་ནག་གུང་ཁྲན་ཡིད་འཚིམ་འམ།། བོད་མི་སྒྲིགས་འཛུག་་ལ་ཁྲིམས་ཁངནས་ཆེ་མཐོང་དགོས་སམ། དམའ་ཕབ་མིན་ཉེས་།་བོད་གཞུང་གིས་ཁྲིམས་ཐོག་གི་དཔང་མི་དཔང་ཡིག་གཉིས་མེད་གཏང་སྟངས་ནས་རྒྱ་ནག་གུང་ཁྲན།བྱེད་ལས་མཚུངས་སམ། ཡང་ན་། དབང་ཆ་སྒེར་ལོག་སྤྱོད་པའི་ཁྲིམས་དཔོན་ཏེ་ཕྱོགས་ལྷུང་ངམ།། ང་དགོས་ནས་དྲང་པོ་ཁྲིམས།
            ་ཕྱོགས་ཡོངས་ལ་མཁྱེན་རྒྱ་མིག་ཡོད་གང་ཟག་དགོས།
            མིག་ཡོད་མཐར་ལྷུང་འཛིན་མཁན་དགོས་མེད་དོ།

            དང་པོ་ཁྱེད་རང་བོད་ཡིག་ཡག་པོ་ཞིག་སྦྱོང་། ངས་བྱས་ན་ཁྱེད་རང་བོད་ཡིག་ཡག་པོ་ཞིག་མ་ཤེས་པའི་ཁར་གོ་བ་ལོག་གྲུབ་ཀྱིས་ལན་ཆོ་མེད་པ་དེ་འདྲ་རྒྱབ་བཞིན་འདུག དང་པོ་ཁྱེད་རང་གི་བྱས་ཐུབ་པ་དེ་བོད་ཡིག་ཡག་པོ་ཞིག་སྦྱོང་། དེ་ནས་ཡི་གེ་དེ་ཚོ་ཡག་པོ་ཞིག་ཀློག་ནས་གོ་བ་ཞིག་ལོན་ནས་བཤད་ན་དེ་ཕན་ལེ་རེད། དེ་མིན་ཁྱེད་རང་རླུང་གིས་ག་རེ་བྲིས་ཀྱི་ཡོད་མེད་ཤེས་ཀྱི་ཡོད་ས་མ་རེད།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese