མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏོག་དབྱིབས་ནད་ཡམས་ཕོག་པའི་བོད་མི་དེའི་གནས་སྟངས་རང་འཇཊ་ཡིན་སྐོར་བརྗོད་འདུག

བོད་ཀྱི་དུས་བབ།
༢༠༢༠/༠༣/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཧྥ་རན་སིའི་ནང་གནས་སྡོད་བོད་མི་ཞིག་ལ་ཏོག་དབྱིབས་ནད་རྟགས་ཐོན་ཡོད་ཀྱང་ཁོང་གི་ཁྱིམ་མི་ཚོར་བརྟག་དཔྱད་བྱས་རྗེས་ནད་རྟགས་ཐོན་མེད་སྐོར་བརྗོད་བྱུང་། འདི་ག་དུས་བབ་ཀྱི་གསར་འགོད་པས་ཧྥ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྤེན་པ་ལགས་སུ་དེའི་སྐོར་སྐད་ཆ་དྲིས་པར་ཁོང་གིས། བོད་མི་དེ་སྨན་ཁང་དུ་བསྡད་ནས་ཉིན་ ༡༠ ཙམ་འགྲོ་ཡི་ཡོད་པ་དང་། གནས་སྟངས་ཕྲན་བུ་ཛ་དྲག་པོ་འདྲ་འདུག་ཀྱང་། ཁོ་རང་གི་ནང་མིས་སྨན་ཞབས་པ་སོགས་ལ་སྐད་ཆ་དྲིས་དུས། ཁ་སང་ཉིན་རྒྱབ་རང་འཇགས་ཡིན་སྐོར་བརྗོད་འདུག་ལ། ང་ཚོ་ལྟ་རུ་འགྲོ་ཆོག་གི་མི་འདུག་ལ། སྨན་ཞབས་ཚོས་ཡང་ཡང་ཁ་པར་ཡང་གཏོང་མ་ཡོང་། གནས་ཚུལ་ག་རེ་བྱུང་ནའང་དྲ་ལམ་ནས་འབྲེལ་བ་གནང་ཡོང་ལབ་འདུག ཅེས་བརྗོད་བྱུང་།

ཡང་ཁོང་གིས། ད་ལྟའི་ཆར་ནད་པ་དེའི་བཟའ་ཟླ་དང་བྱིས་པ་བཅས་རང་ཁྱིམ་དུ་ཟུར་བཀག་ནང་བཞག་ཡོད་པ་དང་། ནང་མི་ཚོར་བརྟག་དཔྱད་བྱེད་སྐབས་ནད་རྟགས་ཐོན་མེད་ལ། མ་འོངས་པར་ཚ་བ་རྒྱས་པ་དང་གློ་རྒྱག་པ་སོགས་བྱུང་ན་སྨན་ཁང་ལ་ཐད་ཀར་འབྲེལ་བ་བྱེད་དགོས་པའི་བཀོད་མངགས་ཀྱང་བྱས་ཡོད་སྐོར་བརྗོད་བྱུང་།

ཡང་སྤྱི་ཚོགས་དྲ་ལམ་སོགས་ན་ཧྥ་རན་སིར་གནས་སྡོད་བོད་མི་གཞན་རེ་ཟུང་ལའང་ཏོག་དབྱིབས་ནད་རྟགས་ཐོན་ཡོད་སྐོར་བརྗོད་ཀྱི་ཡོད་སྟབས།  ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་ལགས་ལ་གནས་ཚུལ་དེ་བདེན་པ་ཡིན་མིན་དྲིས་པར་ཁོང་གིས། དེང་སང་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཡིན་ལ་མིན་ལ་མང་པོ་བཤད་འདུག་མཁན་མང་བས་དེ་ཚོ་གསལ་པོ་བཤད་རྒྱུ་མེད། ཉེ་ཆར་རྒྱ་གར་ནས་ཧྥ་རན་སིར་བསླེབས་པའི་བོད་མིི་ཞིག་ཏོག་དབྱིབས་ནད་པ་ཞིག་དང་འབྲེལ་འདྲིས་བྱུང་ཡོད་པའི་དོགས་གཞི་ཡོད་སྟབས། ང་ཚོས་རྩད་གཅོད་བཏང་ཡང་ལམ་གྱི་མིང་ཙམ་མ་གཏོགས་སྡོད་གནས་ཁ་བྱང་གསལ་པོ་ཞིག་གཏན་ནས་རག་མ་སོང་། ཞེས་བརྗོད་བྱུང་།

ཧྥ་རན་སི་བོད་རིགས་ཚོགས་པའི་ངོས་ནས་ཡིག་ཐོག་ནས་གསལ་བསྒྲགས་འགའ་བཏང་ཡོད་པ་མ་ཟད། ཁ་སང་ཞོགས་པར་བོད་རིགས་ཚོགས་པའི་ཚོགས་གཙོ་ལགས་ནས་སྒྲ་སྒམ་ཞིག་ཀྱང་བཟོས་འདུག་པའི་ནང་། རང་ཁོངས་བོད་མི་ཚོར་བདེ་མ་བདེ་ག་རེ་བྱུང་ནའང་སྦེད་གསང་མེད་པའི་ཐོག་ནས་འཕྲལ་དུ་སྨན་པར་བསྟེན་གཏུག་བྱེད་དགོས་པ་དང་། ཚང་མས་སྣང་མེད་མི་གཏོང་བར་ངེས་པར་དུ་ནད་ཡམས་འདི་ལ་ཡིད་གཟབ་དགོས་སྐོར་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གོང་མ་ཆིན་ཧྲི་ཧོང་གིས་བོད་ནང་དུ་འཆི་མེད་བདུད་རྩི་འཚོལ་ཞིབ་སླད་མི་སྣ་མངགས་གཏོང་བྱས་ཡོད་ཟེར།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།

ཆུ་ཚོད་ ༡༣ སྔོན་ལ།
བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཇི་ནི་ཝའི་རྒྱལ་ཚོགས་ལས་ཁུངས་སུ་བཅར་བ།  ༢༠༢༥།༢།༡༢
Mobile App

རྒྱལ་ཚོགས་ཀྱི་ཆེད་མཁས་པ་དྲུག་གིས་རྒྱ་ནག་གཞུང་ལ་གནད་དོན་ཁ་གསལ་དགོས་པའི་སྐུལ་འདེད་གནང་།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་པ་མཇུག་བསྒྲིལ། 

༢༠༢༥/༠༩/༡༨
Mobile App

དབུ་མའི་ལམ་གྱི་ཉིན་མོ་སྲུང་གཙིའི་མཛད་སྒོ་འཚོགས་སོང་།

༢༠༢༥/༠༩/༡༨
Mobile App

དབུས་འོས་བསྡུ་ལས་ཁུངས་ཀྱི་འགན་འཛིན་ལས་འཕར་གཉིས་འདེམས་ཐོན་བྱུང་། 

༢༠༢༥/༠༩/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese