མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཚོས་དཔེ་ཆ་པར་སྐྲུན་བརྒྱུད་སྐུར་སོགས་བྱས་ན་ཉེས་ཆད་ལྕི་མོ་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༢༠/༠༤/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དམར་ཤོག་ཚོགས་པ་དང་དེའི་མགོ་འཁྲིད་ཚོར་འཕྱ་སྨོད་དང་ཁས་ལེན་མ་བྱས་ན་ཁྲིམས་དང་འགལ་ཡོད་པས་ཉེས་ཁྲིམས་ལྕི་མོ་གཅོད་རྒྱུ་ཡིན་པ་སོགས་ཀྱི་དོན་ཚན་ ༡༠ ཅན་ཞིག་བསྒྲགས་འདུག ཁ་སང་ཕྱི་ཚེས་ ༡ ཉིན། རྒྱ་ནག་གཞུང་འབྲེལ་བོད་ལྗོངས་ཉིན་རེའི་ཚོགས་པར་ཁང་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོ་ནས་རྒྱ་ནག་གཞུང་གིས་བོད་མི་ཚོས་དཔེ་ཆ་པར་སྐྲུན་དང་ཡིག་ཆ་བརྒྱུད་སྐུར་སོགས་བྱེད་མི་ཆོག་པའི་དོན་ཚན་ ༡༠ ཅན་གྱི་བཀག་སྡོམ་ཁྲིམས་ཟེར་བ་ཞིག་བསྒྲགས་ཡོད་པ་དང་། དོན་ཚན་དེ་དག་ནང་བོད་ཆེན་པོ་དང་ཚད་མཐོའི་རང་སྲིད་རང་སྐྱོང་། དབུ་མའི་ལམ་སོགས་འུད་སྒྲོག་དང་བརྒྱུད་སྐུར་བྱས་ཏེ། མངའ་ཁོངས་བདག་དབང་ལ་གནོད་འཚེ་བཏང་ན་ཁྲིམས་ཆད་ནན་མོ་གཅོད་རྒྱུ་ཡིན་སྐོར་བཀོད་འདུག

དེ་འབྲེལ་གནས་ཚུལ་ནང་། བོད་རང་སྐྱོང་ལྗོངས་འཆལ་སེལ་ལོག་རྡུང་ལས་དོན་གྱི་ཐེར་འདོན་བཀག་སྡོམ་ཁྲིམས་གཞི་ལྟར། བཀག་སྡོམ་ནང་དོན་ལྡན་པའི་དཔེ་སྐྲུན་དང་དངོས་པོ། ཡིག་ཆ་རིགས་སྒྲིག་བཟོ་དང་པར་འདེབས་བྱེད་པ། གཞན་ལ་བརྒྱུད་སྐུར་བྱས་ཏེ་ཁྲིམས་གཞི་དང་འགལ་བ་ཡིན་ན། ཉེས་ཅན་ལ་ཆད་པ་ནན་མོ་གཅོད་རྒྱུ་ཡིན་པ་དང་། གལ་ཏེ་ཁྲིམས་འགལ་བྱེད་མཁན་ཚོ་མཐོང་ཐོས་བྱུང་བ་ཡར་གཏུགས་བྱེད་མཁན་བྱུང་ན་བྱ་དགའ་སྤྲོད་རྒྱུ་དང་། ཡར་གཏུག་བྱེད་སའི་འབྲེལ་ཡོད་ལས་ཁུངས་ཆེད་འཛུགས་བྱས་ཡོད་སྐོར་བརྗོད་འདུག

དོན་ཚན་ ༡༠ ཅན་གྱི་བཀག་སྡོམ་གནད་དོན་ཅན་ཟེར་བ་དེའི་ནང། གཅིག ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་སྐུར་འདེབས་འཕྱ་སྨོད་བྱེད་པ་དང་། ཏང་གི་འགོ་ཁྲིད་ཁས་ལེན་མི་བྱེད་པ། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་སྐུར་འདེབས་བྱེད་པ་སོགས་རྩ་ཁྲིམས་ནང་གཏན་འཁེལ་ཟིན་པའི་གཞི་རྩའི་རྩ་དོན་ལ་ངོ་རྒོལ་བྱེད་པ། གཉིས། བོད་ཆེན་པོ་དང་ཚད་མཐོའི་རང་སྐྱོང་། དབུ་མའི་ལམ་སོགས་འུད་སྒྲོག་བྱས་ནས་རྒྱལ་ཁབ་གཅིག་གྱུར་བདག་དབང་དང་། མངའ་ཁོངས་ཆ་ཚང་བཅས་ལ་གནོད་འཚེ་གཏོང་བ། གསུམ། རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་ཡང་ན་རྒྱལ་ཁབ་ཀྱི་གཟི་བརྗིད་དང་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད། ཅེས་ཡིན་འདུག

དེ་བཞིན་དོན་ཚན་ནང་མུ་མཐུད། བཞི་པ། གཏུམ་སྤྱོད་འཇིགས་སྐུལ་དང་ལྡན་པའི་རིགས་སྒྲིག་བཟོ་དང་། བརྒྱུད་སྤེལ། འུད་སྒྲོག་བཅས་བྱས་ནས་ཆོས་དད་མི་འདྲ་བ་དང་གྲུབ་མཐའ་མི་འདྲ་བའི་དད་ལྡན་མང་ཚོགས་ཕན་ཚུན་དགྲར་འཛིན་དང་ཁ་གཏད་དུ་ལངས་པ། གདོང་གཏུག་སོགས་ཆོས་ལུགས་ཀྱི་ལོག་ཐལ་བསམ་ངན་སྐྱེ་རུ་འཇུག་པ་སོགས་མི་རིགས་ཀྱི་འཁོན་འཛིན་དང་མི་རིགས་མཐོང་ཆུང་གི་ངན་སྐུལ་རྒྱག་པ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ། ཡང་ན་མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ལ་གནོད་འཚེ་གཏོང་བ། ལྔ་པ། ཆོས་ལོག་དང་རྨོངས་དད་རིགས་འུད་སྒྲོག་བྱེད་པའི་བྱ་སྤྱོད་བཅས་ཡིན་སྐོར་བརྗོད་འདུག

དྲུག་པ། སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་བཟོ་བ་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ། བདུན་པ། རྒྱན་འཛུགས་དང་གཏུམ་སྤྱོད་རིགས་འུད་སྒྲོག་བྱེད་པ་དང་ཡང་ན་ཉེས་གསོག་རིགས་ངན་སྐུལ་བྱེད་པ། བརྒྱུད་པ། མི་གཞན་ལ་ཐུབ་ཚོད་དང་སྐུར་འདེབས་བྱེད་པ་དང་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱེད་པའི་བྱ་སྤྱོད། དགུ་པ། སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་ཡང་ན་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲོལ་རྒྱུན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད། བཅུ་པ། རྒྱ་ནག་གི་བོད་སྐྱོང་ཐབས་ཇུས་དང་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལ་སྐུར་འདེབས་བྱེད་པ་སོགས་ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་སྲོལ། རྒྱལ་ཁབ་ཀྱི་གཏན་འབེབས་བཅས་ནང་བཀག་སྡོམ་བྱས་པའི་ནང་དོན་སྤེལ་བའི་བྱ་སྤྱོད་བཅས་ཡིན་སྐོར་བཀོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

ཆུ་ཚོད་ ༥ སྔོན་ལ།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

ཆུ་ཚོད་ ༨ སྔོན་ལ།
Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

༢༠༢༦/༠༩/༠༨
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

༢༠༢༦/༠༩/༠༨
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧

མཆན། 1

  1. བསོད་ནམས་རྒྱལ་མཚན། says:
    ལོ་ 6 སྔོན།

    རྒྱ་དམར་གླན་ལྐུག་ཚོ་ རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ། ? རྒྱ་དམར་གླན་ལྐུག་འདི་གེ་ དོམ་ ? དོམ་ཀྱང་ཡིན་ས་རེད་པ། དེ་ཚོ་མི་ལུས་ག་དུས་ཐོབ་ཀྱི་ཡོད་ན་ ❓

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese