མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་རྒྱན་སྟོབས་རྒྱལ་གྱིས་རྒྱལ་བ་རིན་པོ་ཆེ་ལ་མ་ཉེས་ཁ་གཡོག་བྱས་པར་ཆོས་དོན་ལས་ཁུངས་ནས་རྒྱབ་སྐྱོར་བྱས་པ། 

བོད་ཀྱི་དུས་བབ།
༢༠༢༠/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

ལ་མོ་ཚུལ་ཁྲིམས།

དེང་གི་ཆ་ལ་འཛམ་གླིང་ཡོངས་སུ་རྒྱ་ནད་ཀྱིས་མནར་ཏེ་མི་ཚང་མ་རང་ཁྱིམ་དུ་བཀག་སྡོད་བྱས་ཡོད། ས་ག་ཟླ་བ་སྟེ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྗོགས་པར་སངས་རྒྱས་པའི་དུས་ཆེན་སོགས་དུས་ཆེན་སུམ་འཛོམས་ཀྱི་སྐབས་འདིར། མི་མང་པོ་ཞིག་མགོན་མེད་སྐྱབས་མེད་དུ་གྱུར་བའི་གནས་སྟངས་འོག་རང་ཅག་གི་སྟོན་པ་དངོས་ལས་བཀའ་དྲིན་ཆེ་བ་༧རྒྱལ་བ་རིན་པོ་ཆེ་ནས་དྲྭ་ལམ་བརྒྱུད་ནང་བཀའ་ཆོས་གནང་བཞིན་ཡོད། འདི་ནི་དུས་དང་མཐུན་ཞིང་ངེས་པར་དུ་མཁོ་བའི་རླབས་ཆེན་གྱི་ལས་དོན་ཞིག་ཡིན། རེད་དེ་རླབས་ཆེན་གྱི་ལས་དོན་འདི་ལ་ཨོ་རྒྱན་སྟོབས་རྒྱལ་དང་ཆོས་དོན་ལས་ཁུངས་ཀྱི་བཀའ་བློན་ཀརྨ་དགེ་ལེགས་གཉིས་ནས་དེ་ལྟར་མི་འདོད་པར། ༧གོང་ས་མཆོག་གི་གནང་སྟངས་འདི་ནི་བསྟན་པ་བཤིག་པའི་སྟ་རེ་དང་།གསང་སྔགས་ཁྲོམ་བསྒྲགས་བྱས་པའི་གནོད་སྐྱོན་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། ༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་ལ་དམའ་འབབ་དང་ཟུར་ཟ་བྱས་པ་འདི་ནི་བཙན་བྱོལ་བོད་མིའི་རྩ་ཁྲིམས་དང་ཡོངས་སུ་འགལ་ཞིང་། བོད་མི་ས་ཡ་དྲུག་གི་དད་འདུན་ལ་གནོད་སྐྱོན་ཚབས་ཆེན་བཏང་བ་ཡིན་པས། གནད་དོན་འདི་ཁྲིམས་ཀྱི་མདུན་ས་ནས་ཐག་གཅོད་བྱེད་དགོས།

ད་ལོའི་སྤྱི་ཟླ་ལྔ་བའི་ཚེས་ ༡༦ དང་༡༧ གཉིས་ལ་༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲྭ་ལམ་བརྒྱུད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་དང་འབྲེལ་ད་ལྟའི་དུས་འདིར་རྐྱེན་ངན་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ལམ་སྟོན་གནང་། དྲྭ་ལམ་དུ་གནང་བའི་གསུང་ཆོས་དེ་སྐད་རིགས་་༡༣ ཙམ་ནས་བརྒྱུད་བསྒྲགས་བྱེད་ཐུབ་པ་བྱུང་ཞིང་། འཛམ་གླིང་ཡོངས་ནས་མི་དམངས་ས་ཡ ༢༠ ཙམ་ཞིག་ཁོང་གི་གསུང་ཆོས་དེར་མཉམ་ཞུགས་ཐུབ་ཡོད། ཟླ་འདིའི་ཚེས་ ༢༩ དང ༣༠ ཉིན་ཡང་བསྐྱར ༧གོང་ས་མཆོག་གིས་མུ་མཐུད་གསུང་ཆོས་གནང་རྒྱུ་ཡིན་པ་རེད། འཛམ་གླིང་གང་སར་མི་དམངས་ས་ཡ་དུང་ཕྱུར་མང་པོས། ཁོང་གི་གསུང་གི་བདུད་རྩི་ལ་སྐོམ་པས་གདུང་བའི་ཆུ་ལྟར་རེ་སྒུག་བྱེད་བཞིན་ཡོད།

ཨོ་རྒྱན་སྟོབས་རྒྱལ་ཀྱིས། ཟླ་འདིའི་ཚེས ༢༥ ཉིན། ཏཱ་ལའི་བླ་མས་ཁྲོམ་དབང་བསྐུར་ནས་བསྟན་པ་བཤིག་ཅིང་། དབང་ལུང་སྩལ་ཏེ་སྙན་གྲགས་བསྐྱེད་པར་བྱེད་བཞིན་ཡོད། འདི་ནི་བསྟན་པ་བཤིག་སྤྱད་ཀྱི་སྟ་རེ་ཡིན་ཞེས་བརྙན་འཕྲིན་བརྒྱུད་ཁྱབ་བསྒྲགས་བྱས། གུང་ཁྲན་ཏང་གིས་ད་རག་བར་ ༧གོང་ས་མཆོག་ལ་མཚན་སྨད་འདྲ་མིན་ཞུས་མྱོང་ཡང་། བསྟན་པ་བཤིག་པའི་སྟ་རེ་ཡིན་ཞེས་པ་ཞིག་བཤད་མྱོང་མེད། འདི་ནི་གུང་ཁྲན་གྱིས་བཤད་མ་མྱོང་བ་ཞིག་ཨོན་རྒྱན་སྟོབས་རྒྱལ་ཀྱིས་གུང་ཁྲན་གྱི་ཚབ་བྱས་ཏེ་བཤད་པ་ཞིག་ཡིན།

དངོས་ནས་བཤད་ན་འདི་ནི་སངས་རྒྱས་ཀྱི་མཛད་པ་ལ་བདུད་སྡིག་ཏོ་ཅན་ཀྱིས་གནོད་པ་བྱེད་པ་དང་གཅིག་ཏུ་མཚུངས་ལ། ༧གོང་ས་མཆོག་ལ་ཆེད་དུ་ཟུར་ཟ་དང་གནོད་གཞི་ཡོད་པའི་གཏམ་འཆལ་སྤེལ་བ་འདི་ནི་མ་ཉེས་ཁག་གཡོགས་ཀྱི་གནད་དོན་ཞིག་ཡིན་པས། མ་ཉེས་ཁག་གཡོགས་ཀྱི་གནད་དོན་འདི་ཁྲིམས་ཀྱི་མདུན་སར་ངེས་པར་དུ་ཐག་གཅོད་བྱེད་དགོས།

ཆོས་དོན་ལས་ཁུངས་ཀྱིས་གཞུང་འབྲེལ་ཐོག ཆོས་རིག་བཀའ་བློན་ཀརྨ་དགེ་ལེགས་ཀྱི་མཚན་ཐོག་ནས། ཨོ་རྒྱན་སྟོབས་རྒྱལ་ནི་བོད་ཀྱི་སྤྲུལ་བའི་མིང་འཛིན་པའི་རིན་པོ་ཆེ་ཞིག་ཡིན་པ་དང་། མི་དྲང་བོ། ཁ་རེ་ཁ་ཐུག་ཞིག་ཀྱང་ཡིན། ཞེས་བཤད་ཡོད་ལ། གསང་སྔགས་ཁྲོམ་བསྒྲགས་བྱེད་པ་ནི་མི་འགྲིག་ཅིང་། དུས་རབས་མང་པོའི་སྔོན་རོལ་ནས་འགལ་འཛོལ་ཉམས་ཆག་ཅི་ཆེར་སོང་ཟིན། དེ་ལ་བརྟེན་ནས་བསྟན་པ་ལ་གནོད་སྐྱོན་ཡང་ཅི་ཆེ་བྱུང་ཡོད་པ་དང་། ད་དུང་དྲྭ་ལམ་བརྒྱུད་དབང་དང་བྱིན་རླབས་རིགས་གནང་སྐབས། དྲྭ་ཐོག་ནས་ཉན་མཁན་དང་ལྟ་མཁན་ཚང་མར་དབང་དང་། བྱིན་རླབས་ངོ་མ་ཐོབ་པར་དགོངས་མཁན་དང་གསུང་མཁན་ཕལ་ཆེར་སུ་ལའང་བྱུང་མེད། ཞེས་༧གོང་ས་མཆོག་གི་དྲྭ་ལམ་བརྒྱུད་བཀའ་ཆོས་གནང་བཞིན་ཡོད་པ་འདིས། གསང་བསྔགས་ཁྲོམ་བསྒྲགས་དང། བསྟན་པ་ལ་གནོད་སྐྱོན་བྱེད་བཞིན་ཡོད་པ་ལས། ཆོས་ཀྱི་བྱིན་རླབས་ཤིག་འཇུག་རྒྱུ་མེད་པར་བཤད་ཏེ་བདུད་སྡིག་ཏོ་ཅན་ཨོ་རྒྱན་སྟོབས་རྒྱལ་གྱི་བྱས་ཉེས་ལ་རྒྱབ་སྐྱོར་དང་། ༧གོང་ས་མཆོག་གི་མཛད་པ་ལ་སྐྱོན་འཛུགས་ཀྱི་དཔུང་རོགས་བྱས་ཏེ་གསལ་བཤད་ཡིག་ཆ་བཀྲམས།

བཀའ་བློན་ཀརྨ་དགེ་ལེགས་ཀྱིས། ༧གོང་ས་མཆོག་ལ་སྐྱོན་བརྗོད་དཔུང་རོགས་བྱེད་པའི་གསལ་བཤད་ཡིག་ཆ་འདི་ལ། བོད་མིའི་སྒྲིགས་འཛུགས་ཀྱི་མཚོན་པའི་ཆོས་དོན་ལས་ཁུངས་ཀྱི་ལས་ཤོག་དང་། བཀའ་བློན་དོ་བདག་གི་མཚན་རྟགས་བཅས་འཁོད་ཡོད་པས་། གཞུང་འབྲེལ་གྱི་ངོ་བོ་མཚོན་པའི་ཁྲིམས་ཀྱི་གཞི་འཛིན་ས་ཡོངས་སུ་ལྡན་ཡོད། དེ་བས་གསལ་བཤད་ཡི་གེ་འདི་ནི་ཆོས་དོན་ལས་ཁུངས་དང་། ཡང་ན་ཆོས་དོན་ལས་ཁུངས་ཀྱི་ཁྲིམས་དབང་ཡོད་མཁན་བཀའ་བློན་གྱིས་མཚོན་པའི་བྱ་སྤྱོད་ཞིག་ལས་བྱུང་བ་ཞིག་ཡིན་པས། ཆོས་དོན་ལས་ཁུངས་དང་ཆོས་རིག་བཀའ་བློན་ལ་ཡིག་ཆ་འདིའི་མཇུག་འབྲས་ལ་བདག་བཟུང་བྱེད་པའི་འགན་འཁུར་ཆ་ཚང་ཡོད།

ཨོ་རྒྱན་སྟོབས་རྒྱལ་ནི་མདོ་སྟོད་མི་དམངས་ཀྱིས་ཆེ་བསྟོད་ཡོད་པ་དང་། སྤྱི་འཐུས་བྱས་མྱོང་མཁན་གྱི་མི་ཞིག་ཡིན་ལ། སྟོན་པའི་ན་བཟའ་གྱོན་པའི་ཕ་རྒན་ཞིག་ཀྱང་ཡིན་ཚོད་འདུག ཁོ་བ་རྡ་རམ་ས་ལའི་ཉེ་འཁོར། སྦིར་ཅོན་ཏ་རཱ་ཁམས་ནང་ཆེན་གཞིས་ཆགས་སུ་བསྡད་དེ། རྟག་ཏུ། ༧གོང་ས་མཆོག་གི་ཆོས་དང་སྲིད་ཀྱི་མཛད་འཕྲིན་ལ་ཧ་ཅང་སྡང་ཟུག་མཁན་གྱི་མི་ཞིག་ཡིན་པ་རེད། དེ་སྔ་ཀུན་བཟང་བླ་མའི་སྐབས་སུ་ཁོ་བས་བཀའ་ཤག་སྒོ་བརྒྱབ་ཡོད་པ་དང་། ༡༩༩༠ ལོར་སྦིར་སློབ་གྲྭར་ཁམས་པ་དང་ཨ་མདོའི་སློབ་མ་འཛིང་རེས་བྱེད་སྐབས། ཨོ་རྒྱན་སྟོབས་རྒྱལ་གྱིས་ཁམས་པའི་སློབ་མ་དག་གི་མདུན་ཏུ་གྲི་དང་མདུང་ལ་སོགས་པའི་མཚོན་ཆ་སྤུངས་སྟེ། ཨ་མདོ་བ་ཚང་མ་རྩ་མེད་བཟོས་དང་། མཇུག་འབྲས་ཅི་བྱུང་ལ་ངས་འགན་འཁུར་ཆོག་ཅེས་སྤུན་ཟླ་ནང་དམེ་ལ་ངན་སྐུལ་བྱས་ཡོད། ཚོགས་ཟུར་སྤེན་པ་ཚེ་རིིང་ལ་མི་གསོད་ཀྱི་ལག་དམར་ཞེས་པའི་སྐྱོན་འཛུགས་མཁན་ཐོག་མའང་ཁོ་རང་ཡིན།

༧གོང་ས་མཆོག་གི་དོལ་རྒྱལ་སྐོར་གྱི་བླང་དོར་བཀའ་སློབ་དང་། དབུ་མའི་ལམ་གཉིས་ནི་ཨོ་རྒྱན་སྟོབས་རྒྱལ་གྱིས་ཆེས་དམའ་འབེབས་བྱེད་སའི་ལམ་ཁག་གཉིས་ཡིན་ཞིང་། ཐེངས་འདིར་༧གོང་ས་མཆོག་གིས་དྲྭ་ལམ་བརྒྱུད་དད་ལྡན་ཆོས་ཞུ་བ་དག་ལ། ནང་ཆོས་འཆད་འཁྲིད་གནང་བཞིན་པ་འདི་ཡང་ཨོ་རྒྱན་སྟོབས་རྒྱལ་གྱི་དགག་པ་བྱེད་སའི་ཡུལ་གསར་བ་ཞིག་ཡིན།

དེ་བཞིན་ཏུ་ཁོ་ནི་རྟག་ཏུ་རྒྱ་ནང་ལ་བསྐྱོད་ཅིང་། བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཀྱི་ཚོགས་འདུ་ལ་མཉམ་ཞུགས་བྱས་པ་ཡིན་ཞེས་ཁོ་བས་བཤད་མྱོང་། གལ་སྲིད་ཁོང་རང་བོད་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་གྲོས་ཚོགས་ལ་མཉམ་ཞུགས་བྱེད་མཁན་གྱི་མི་སྣ་ཞིག་ཡིན་ན། ཨོ་རྒྱན་སྟོབས་རྒྱལ་ནི་བཙན་བྱོལ་ནང་གི་མདོ་སྟོད་སྤྱི་ཟུར་གཅིག་པུ་མ་ཡིན་པར། རྒྱ་ནག་ནའང་གོ་གནས་ངེས་ཅན་ཞིག་ཡོད་པ་ཐག་ཆོད་རེད། ཁོང་གིས་མུ་མཐུད་དེ་༧གོང་ས་མཆོག་ལ་སྐྱོན་འཛུགས་དང་། བོད་མིའི་ནང་ཁུལ་ལ་རྙོག་དྲ་བཟོ་སྟངས་འདི་དག་ལ་ལྟོས་ན། རྒྱ་མིའི་སྤྲད་པའི་ལས་འགུལ་ཞིག་མ་རྫོགས་པར་ཧུར་བརྩོན་བྱེད་བཞིན་ཡོད་པའང་གསལ་བོ་རེད།

ཆོས་དོན་ལས་ཁུངས་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བློན་ཆེན་ལས་ཁུངས་མཐོ་ཤོས་ཤིག་ཡིན་པ་དང་། ཀརྨ་དགེ་ལེགས་ནི་ཆོས་རིག་ལས་ཁུངས་ཀྱི་བཀའ་བློན་ཡིན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བློན་ཆེན་ལས་ཁུངས་ལ་བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྲུང་སྐྱོབ་དང་། ཁོང་གི་མངོན་འདོད་སྒྲུབ་རྒྱུའི་འགན་དབང་ཡོད་པ་ལས་བདུད་རྒན་སྡིག་ཏོ་ཅན་ཨོ་རྒྱན་སྟོབས་རྒྱལ་དང་མཉམ་དུ་ ༧གོང་ས་མཆོག་ལ་མ་ཉེས་ཁ་གཡོག་བྱེད་པ་ནི་ཤིན་ཏུ་ནས་ཀྱང་མ་རུང་བ་ཞིག་རེད། འདི་ནི་ཆོས་དོན་ལས་ཁུངས་ཀྱི་རྩ་བའི་དམ་བཅའ་དང་འགལ་ཞིང་བོད་མི་དམངས་ལ་མཐོང་ཆུང་བྱས་བ་ཞིག་མ་རེད་དམ། བཀའ་བློན་ཀརྨ་དགེ་ལེགས་ཀྱིས་ཐེངས་འདིར་ཨོ་རྒྱན་སྟོབས་རྒྱལ་ལ་རྒྱབ་སྐྱོར་བྱས་པ་འདིས། ཆོས་དོན་ལས་ཁུངས་རང་བཞིན་གྱི་མ་ཉེས་ཁ་གཡོག་བྱེད་མཁན་གྱི་དཔུང་རོགས་སུ་གྱུར་བ་གསལ་བོ་ཡིན།

ཨོ་རྒྱན་སྟོབས་རྒྱལ་དང་ཀརྨ་དགེ་ལེགས་ཀྱིས་དཔུང་བ་མཉམ་རུབ་ཀྱི་བྱས་ཉེས་འདི་ལ། ནང་ཆོས་ཀྱི་གཞི་འཛིན་ས་དང་ཁྲིམས་ཀྱི་རྒྱབ་བརྟེན་ས་གང་ཡང་མེད་དེ། ན་ནིང་ལོར་༧གོང་ས་མཆོག་གིས་འདི་འདྲ་ཞིག་གསུངས་ཡོད།

སྔར་བཅོམ་ལྡན་འདས་ཞལ་བཞུགས་པའི་ཁ་ཐུག་ལ་འདུལ་བའི་ལག་ལེན་ཏོག་ཙམ་ཞིབ་ཚགས་པོ་འདྲ་ཞིག་ཡོད་པ་རེད། དེ་ལ་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་ཆོག་ཟེར་དུས་ཙ་ནས། ད་རེས་འདིར་དག་སྣང་གི་ཆོས་སྐོར་ཕལ་ཆེར་རེད། སྔགས་བླ་མེད་དང་འབྲེལ་བསྡད་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས། ཁྱེད་རང་ཚོར་དབང་དང་བྱིན་རླབས་དེ་ཚོའི་གྲས་ངེས་པར་དུ་འཐོབ་ཀི་རེད། དེ་ལུགས་ཀྱི་བསམ་བློ་ཐོངས་ཤོག་ཨ། ཞེས་གསུངས།

འདི་ལས་ང་ཚོས་གསལ་བོར་ཤེས་དགོས་པ་ཞིག་ནི། དབང་གནང་་སྐབས་ངེས་པར་དུ་བུམ་པ་མགོ་ལ་བཞག བུམ་ཆུ་ཁ་ལ་རག་ནས་ཆོས་ཞུ་དགོས་དོན་མེད་པར། དམིགས་བསལ་གྱི་གནས་སྟངས་འོག་འཕྲིན་ཞེས། བརྙན་འཕྲིན་དང་སྐད་འཕྲིན་ལས་ཀྱང་ཆོས་ཞུ་ཆོག་པ་སངས་རྒྱས་ཀྱི་གསུང་། འདུལ་བ་ནས་གསུང་བ་དང་མདོར་བསྡུས་སྦྱོར་བའམ་རིགས་འགྲེ་ཐུབ་པར་གསལ་ཞིང་། ༧གོང་ས་སྐྱབས་མགོན་རིན་པོ་ཆེས་ནས་ཀྱང་བཀའ་ཆོས་ཀྱི་སྐབས་ཁུངས་དེ་དྲངས་ནས་གསུངས་ཡོད་པ་ཚང་མས་ཤེས་གསལ་རེད།

དེ་བཞིན་༧གོང་ས་མཆོག་ནི་ཚན་རིག་ལ་དགའ་མོས་གནང་མཁན་ཞིག་ཡིན་ལ། ནང་ཆོས་ནི་ཚན་རིག་གི་རང་བཞིན་ལྡན་པའི་རིག་པའི་གཞུང་ལུགས་ཤིག་ཡིན་པར་དགོངས་མཁན་ཞིག་ཡིན། ཁོང་གིས་ཐེངས་འདིར་བརྙན་འཕྲིན་བརྒྱུད་གསུང་ཆོས་གནང་སྐབས་ཀྱང་བརྒྱུད་ལམ་འདི་ཧ་ཅང་ཕན་ཐོགས་ཡོད་པ་ཞིག་ཡིན་པར་གསུངས་ཡོད།

འཛམ་གླིང་སྟེང་གི་མི་དམངས་དུང་ཕྱུར་མང་བོ་ལའང་ ༧གོང་ས་མཆོག་གིས་ཐེངས་འདིའི་དྲྭ་ལམ་བརྒྱུད་ནས་ཕན་ཐོགས་བླ་ན་མེད་པ་སྦྱིན་ཡོད། ༧གོང་ས་མཆོག་གི་འདི་ལྟ་བུའི་རླབས་ཆེན་གྱི་མཛད་རྗེས་ལ་ཨོ་རྒྱན་སྟོབས་རྒྱལ་དང་ཁོང་གི་དཔུང་རོགས་ཚོས་མ་དགའ་བ་བྱེད་དོན་གང་ཡིན་ནམ།

སྟོན་པའི་ན་བཟའ་གྱོན་ཏེ་བོད་པའི་སྤྱི་ཚོགས་ལ་དཀྲུགས་ཤིང་གཏོང་མཁན། བདག་ཅག་གི་སྟོན་པ་གསོན་པོ་ ༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན། བདུད་སྡིག་ཏོ་ཨོ་རྒྱན་སྟོབས་རྒྱལ་ཁྱེད་ལས་ལྷག་པའི་བསྟན་པ་བཤིག་པའི་དགྲ་བོ་ཞིག་བོད་པའི་སྤྱི་ཚོགས་ནང་ཡོད་མི་སྲིད། ཁྱེད་ནི་བོད་མི་ཡོངས་ཀྱི་སྤྱི་དགྲ་དང། སངས་རྒྱས་བསྟན་པའི་བསྟན་དགྲ། ལན་ཆགས་ངོ་མ་དེ་ཡིན།

ཆོས་རིག་བཀའ་བློན་ཀརྨ་དགེ་ལེགས་ལ་མཚོན་ནའང་ཆོས་ཀྱི་དམ་ཚིག་མི་གཙང་ཞིང་། ཆབ་སྲིད་ཀྱི་ལངས་ཕྱོགས་ངེས་བརྟན་མེད་མཁན། བོད་པའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་གི་ནང་དམེ་དང་དཀྲུག་ཤིང་ལ་དགའ་མོས་ཆེས་ཆེར་ཡོད་པའི་བླ་རྒན་སྲིད་དོན་པ་རྙིང་ཧྲིལ་ལ་སོང་བ་ཞིག་ཡིན། ཐེངས་འདིར་ཁོ་བས་བདུད་རྒན་སྡིག་ཏོ་ཅན་ཨོ་རྒྱན་སྟོབས་རྒྱལ་དང་ཁྱི་སྤྱང་མཉམ་འབྲེལ་གྱིས ༧གོང་ས་མཆོག་གི་རླབས་ཆེན་གྱི་མཛད་པ་ལ་མ་ཉེས་ཁ་གཡོགས་ཀྱི་དཔུང་རོགས་བྱེད་པ་འདི་ནི་ཆེས་མ་རུང་བ་ཞིག་ཡིན་པས། ད་ནས་བཟུང་སྟེ་མི་འདི་གཉིས་ཀྱི་རྒྱབ་ནས་སྟོན་པའི་ན་བཟའ་ཕུད། སྔར་བྱས་ཀྱི་ཉེས་སྐྱོན་གྱི་དུག་རྫས་རྣམས་ཁྲིམས་ཀྱི་མདུན་ས་ནས་རེ་རེ་བཞིན་རྒྱ་ནད་འདི་དང་མཉམ་དུ་ཚར་གཅོད་བྱེད་དགོས།

འབྲེལ་ཡོད་གསར་འགྱུར།

On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༢ སྔོན་ལ།
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩

མཆན། 2

  1. ལྕགས་མགར་ཐོ་ཆེན། says:
    ལོ་ 6 སྔོན།

    ལ་མོ་ཚུལ་ཁྲིམས་ཁྱོད་གང་ཡང་མེ་ཤེས་མཁན་གཞན་གྱི་བཤད་ཡམས་ཀྱི་རྗེས་སུ་གཡམ་རྒྱུགས་ཀྱི་རྒྱུ་མཚན་གང་ཡང་མེད་པར་ཆོས་རིག་བཀའ་བློན་ལ་མཚན་སྨས་ཞུས་པ་ནི་༧གོང་ས་མཆོག་ལ་མཚན་སྨས་ཞུས་པ་དང་གཅིག་པ་རེད།དེར་བརྟེན་ཁྱོད་ལྟ་བུ་སྨུག་གུ་འཛིན་ཤེས་ཙམ་གྱི་སྤྱི་ཚོགས་དཀྲུགས་ཆེད་ཀྱི་ཡིག་ཛར་འདི་རིགས་མ་བྲིས་ན་དགའ།
    ཁྱོད་༧གོང་ས་མཆོག་ལ་ཨོ་སྟོབས་ཀྱིས་བཤད་པའི་ནད་མ་ཁྱོག་ན་སྦིར་རི་ལ་ཤོག
    ཆོས་རིག་བཀའ་བློན་གྱིས་རྒྱལ་བའི་བཀའ་བཞིན་ཆོས་དང་མཐུན་པའི་གཏམ་བྲིས་པ་ཁྱོད་ལྟ་བུའི་བློ་ལ་མི་གཤོང་བ་འདི་སྡུག་གྱོང་རེད།

    Reply
  2. འདམ་སྐྱེས། says:
    ལོ་ 6 སྔོན།

    ཆོས་རིག་བཀའ་བློན་ལ་ཁྱེད་རང་ཚོ་ཁག་ཅིག་གིས་ངོ་ཚ་མེད་པའི་དབྱེན་སྦྱོར་ཇི་ཙམ་སྤེལ་ན་དེ་ཙམ་གྱིས་རང་མཚང་བསྟན་པ་དང་དགྲ་དགའ་གཉེན་སྡུག་ལས་བློ་གཟུ་བོར་གནས་ཤིང་ཕྱི་ནང་ཤེས་ཡོན་ལྡན་ཞིང་རང་ཚུགས་ཅན་ཁོང་ལྟ་བུ་གངས་སྐྱིད་ན་ཆེས་དཀོན་པོ་ཡིན་ཀུན་ལ་ཡོངས་རེད། དེས་ན་༧ གོང་མཚན་བེདསྤྱོག་པ་མ་གནང་དགེ་མཚན་ལས་ཨོ་སྟོབས་ཕན་འབྲས་གང་ཡང་མི་འབྱུང་།།
    ཀརྨ་་དགེ་ལེགས། (༢༠༠༡/༤/༡༠ ནས་༢༠༡༢/༤/༢)

    ༧༽ གཡུ་ཐོག་ཀརྨ་དགེ་ལེགས་ལགས་ནི། ཕྱི་ལོ་ ༡༩༥༥ ལོར་བྱང་གནམ་རུར་འཁྲུངས། ༡༩༦༠ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས། དྷ་སར་སློབ་ཞུགས་ཀྱིས་ཡུད་ཙམ་བཞུགས་རིང་གློ་གཅོང་གི་ནད་གཞི་ཕོག་སྟེ་ལོ་གཉིས་སྨན་ཁང་དུ་ལུས། ༡༩༦༣ ལོར་མ་སུ་རི་གཏན་སློབ་ཏུ་སློབ་ཞུགས་གནང་སྟེ་སློབ་སྦྱོང་ལ་བརྩོན་པ་ཆེན་པོ་གནང་བ་དང་མཉམ་དུ་ ༡༩༦༦ ལོར་མ་སུ་རིའི་དགོན་པར་བློ་གླིང་མཁན་ཟུར་པདྨ་རྒྱལ་མཚན་གྱི་དྲུང་ནས་རབ་ཏུ་བྱུང༌། ༡༩༧༣ ལོར་མ་སུ་རི་གཏན་སློབ་ནས་འཛིན་རིམ་ ༡༡ གྲུབ་འབྲས་རྩེར་སོན་དང་བཅས་ཐོན།
    གཞི་རིམ་སློབ་ཐོན་གྱི་རྒྱུགས་འབྲས་ལེགས་སྟབས་རྒྱ་གར་མཐོ་སློབ་ཏུ་སློབ་ཞུགས་བྱ་རྒྱུར་སློབ་ཡོན་མ་ཐོབ་པའི་དཀའ་ངལ་མེད་ཀྱང་སྐབས་དེར་གསར་ཚུགས་དྷ་ས་རིགས་སློབ་ཏུ་ ༡༩༧༤ ལོར་འཛུལ་ཞུགས་ཀྱིས་ཕྱོགས་གཅིག་ནས་ནང་པའི་གཞུང་ཆེན་ཁག་དང་བོད་ཀྱི་རིག་གནས་ཁག་ལ་སློབ་གཉེར་གནང་མཐར་ ༡༩༨༦ ལོར་སྦྱངས་འབྲས་རྩེ་སོན་ངང་ཐོན་པ་དང༌། ཕྱོགས་གཞན་ནས་ཅན་དྷི་གྷར་གཙུག་ལག་སློབ་ཁང་དུ་ཡིག་འགྲུལ་གྱི་ལམ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་སྟེ་སྦྱངས་འབྲས་ལེགས་ཐོན་བྱུང༌།
    ༡༩༨༦ ལོར་ཆོས་རིག་ལས་ཁུངས་ཀྱི་རྒན་དྲུང་གི་གནས་རིམ་ཐོག་ནས་དྲུང་གཞོན་ལས་རོགས་ལས་ཚབ་ཀྱི་ལས་འགན་དུ་བསྐོ་བཞག་བྱུང་ཞིང༌། དེ་ནས་གཞུང་ཞབས་ཐེག་པ་རིམ་འཛེགས་ཀྱིས་ ༡༩༨༩ ལོར་ཆོས་རིག་དྲུང་ཆེ་ལས་ཚབ་དང༌། ༡༩༩༠ ལོར་ཆོས་རིག་དྲུང་ཆེར་བསྐོ་བཞག་བྱུང་དོན་ལྟར་ ༡༩༩༣ ལོའི་ལོ་མཇུག་བར་འགན་ཁུར་བཞེས། ༡༩༩༤ ལོར་ཉི་ཧོང་དང་ཤར་ཨེ་ཤ་ཡའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བྱུང་སྟེ་ ༢༠༠༠ ལོའི་ཟླ་ ༦ བར་འགན་ཁུར་བཞེས། ༢༠༠༠ ལོའི་ཕྱི་ཟླ་ ༡༠ པར་ཆོས་རིག་དྲུང་ཆེར་གནས་སྤོས་གནང་བ་ལྟར་ ༢༠༠༢ ལོའི་ཟླ་བ་ ༤ བར་འགན་ཁུར་གནང༌། ༢༠༠༢ ཟླ་བ་ ༤ ནས་ཤེས་རིག་དྲུང་ཆེར་གནས་སྤོས་གནང་བ་ལྟར་དེ་ནས་བཟུང་ད་བར་ཤེས་རིག་དྲུང་ཆེའི་འགན་ཁུར་བཞེས་མུས་ཡིན།
    གཞན་ཡང་ཕྱི་ལོ་ ༡༩༨༡ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་མཁན་སློབ་སྦྲགས་མ་མཛད་དེ་དགེ་སློང་སྒྲུབ་ཅིང༌། ༡༩༨༥ ལོར་སྐུ་སྒེར་ཡིག་ཚང་གི་བཀའ་འབྲེལ་ལྟར་འཛམ་གླིང་ཆོས་ལུགས་ཁག་གི་ཐོག་གཞོན་ནུའི་ཚོགས་འདུ་ཞེས་པར་ཚོགས་བཅར་ཞུས་པའི་རྗེས་འབྲེལ་འཛམ་གླིང་གི་ཕུལ་བྱུང་གཞོན་སྐྱེས་ཁག་དང་ལྷན་དུ་རྒྱལ་ཁབ་བཅུ་སྐོར་ལ་བསྐྱོད་དེ་འཛམ་གླིང་གི་ཆོས་ལུགས་དབུ་འཁྲིད་དང་མཁས་དབང་མང་པོར་མཇལ་མོལ་ཞུ་རྒྱུའི་གོ་སྐབས་ཐོབ། དེ་ནས་བཟུང་ཕྱི་རྒྱལ་རྒྱལ་ཁབ་ ༢༠ བརྒལ་བར་གཞུང་དོན་ཕྱོགས་བསྐྱོད་ལན་གྲངས་མང་པོ་ཕེབས་མྱོང་ཡོད། དེ་བཞིན་རིགས་ལམ་སློབ་གཉེར་ཁང་ནས་འདོན་སྤེལ་གནང་བའི་ལྷག་བསམ་བརྩེགས་པ་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཐོག་མ་གནང་བ་སོགས་རྩོམ་སྒྱུར་གྱི་ཕྱག་ལས་མང་པོ་གནང་མྱོང་ཞིང༌། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོའི་ལས་འགན་ཡང་བཞེས་མྱོང༌།
    སྐབས་བཅུ་བཞི་པའི་བཀའ་ཤག་གི་བཀོད་ཁྱབ་ལྟར་ཕྱི་ལོ་༢༠༡༢ ཟླ་༢ ཚེས་༡ ཉིན་བཀའ་དྲུང་དུ་གནས་སྤོས་དང། ཕྱི་ལོ་༢༠༡༢ ཟླ་༤ ཚེས་༢ བར་བཀའ་དྲུང་དང་ཤེས་རིག་དྲུང་ཆེའི་ལས་འགན་གཅིག་ལྕོགས་གནང། ཟླ་༤ ཚེས་༥ ཉིན་ཡིག་རྩིས་དང་ལས་འགན་རྣམས་ཤེས་རིག་དྲུང་ཆེ་གསར་པར་རྩིས་སྤྲོད་ཟིན་རྗེས་བཀའ་ཤག་གི་དྲུང་ཡིག་ཆེ་མོའི་མཛད་འགན་བཞེས་མུས་སུ་བཞུགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese