མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་རིག་བཀའ་བློན་ནས་དགོངས་པ་ཞུ་དགོས་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༠/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

༄༅།། དཔལ་ལྡན་བཀའ་ཤག་ལྷན་རྒྱས་ཀྱི་དྲུང་དུ།

ཞུ་དོན། ཨོ་རྒྱན་སྟོབས་རྒྱལ་གྱིས་ནང་དོན་ཡང་དག་ཁུངས་ཐུབ་རྒྱུ་མཚན་ཅན་མེད་ཁར། ཕྱི་ཚུལ་ཚིག་འགྲོས་རྒྱ་ནག་གཞུང་ལས་ངན་པའི་ཐ་སྙད་ཆེད་སྤྱོད་ཀྱིས་༧གོང་ས་ཆེན་པོར་མཚན་དམས་ཞུས་པར། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ནས་བབ་བརླིང་བརྟན་གསུམ་ཁྱོན་ནས་མེད་པའི་དགོངས་སེལ་གསལ་བཤད་སྔ་ཕྱིར་སྤེལ་བ་དེ་ལྟར་ཡང་། རང་ཅག་ལས་ཀྱི་སྣེ་མོ་བ་ཐམས་ཅད་ཀྱིས་ནམ་ཞག་རྒྱུན་དུ། དབུས་བོད་མིའི་སྒྲིག་འཛུགས་འདི་བཞིན་སྲོག་ལ་བསྡོས་ཏེ་སྲ་བརྟན་སྲུང་དགོས་པའི་ལྟ་གྲུབ་འཛིན་པའི་ཡང་སྙིང་ནི། མི་མང་གི་ཡིད་ཆེས་སྒྲིག་འཛུགས་ལ་དུས་ནམ་ཡང་གཡོ་མེད་དུ་གནས་ཐུབ་ཆེད་རེད། ལས་ཀྱི་སྣེ་མོ་བའི་བྱེད་འཛོལ་ལས་མི་མང་བློ་ཕམ་བྱུང་ཚེ། ཨུ་ཚུགས་བསྐྱོན་ཏེ་སྡིག་པ་མིག་བཙུམ་མི་གནང་བར། འཕྲལ་དུ་རང་ཉིད་ལས་གནས་ནས་དགོངས་པ་ཞུ་བའང་སྒྲིག་འཛུགས་སྲུང་སྐྱོབ་བྱེད་སྟངས་ཤིག་ཡིན། འོན་ཀྱང་། ཆོས་རིག་བཀའ་བློན་ནས། ནད་དགོངས་སུ་ཡོད་བཞིན་པའི་སྐབས། བཀའ་ཤག་གི་རྩ་བའི་ལས་དོན་གལ་ཆེ། ༧གོང་ས་ཆེན་པོར་མཚན་དམས་ཞུ་མཁན་ལ་གདོང་ལེན་ཞུ་སྟངས་བཀའ་ཤག་ལ་དགོངས་སྐོར་ཙམ་ཡང་མ་ཞུས་པར། རྒྱ་ཆེ་མི་མང་དེ་བས་ཀྱང་བློ་ཕམ་བླ་ལྷག་ཏུ་ཡོང་གཞི་བསྐྲུན། སྒྲིག་གཞི་ལྟར་ན་ནད་དགོངས་སམ་གུང་གསེང་གཙང་ནས་ཕྱིར་ལས་གནས་སུ་མ་འབྱོར་བར་བཀའ་བློན་གྱི་མཚན་འཕྱར་ནས། བཀའ་ཤག་གི་རྩ་བའི་ལས་དོན་གལ་ཆེའི་ཐད་གསལ་བསྒྲགས་སྤེལ་ཆོག་གམ། དེ་ལྟར་སྤེལ་བ་ནི་རང་ཁྲིམས་རང་གིས་བརྡལ་བཤིག་བཏང་བ་མ་རེད་དམ།

གྲོས་ཚོགས་དང་མི་མང་འདུ་འཛོམས་གང་སར་༧གོང་ས་ཆེན་པོར་མཚན་དམས་ཞུ་མཁན་ལ་གདོང་ལེན་མཐར་ཕྱིན་པ་གནང་རྒྱུ་ནི་དཔལ་ལྡན་བཀའ་ཤག་གི་རྩ་བའི་ལས་དོན་ནམ་ཐུགས་འགན་ཡིན་ཞེས་ལན་མང་གསུངས་ཟིན་པས། དེའི་ཐད་བཀའ་ཤག་ལ་རྩ་བའི་ལངས་ཕྱོགས་ཡོད་པའང་ཀུན་གསལ་ལྟར་ལགས་ཀྱང་། ཆོས་རིག་བཀའ་བློན་ནས། བཀའ་ཤག་གི་རྩ་བའི་ཐུགས་འགན་དུ་དམ་འཛིན་གནང་བཞིན་པའི་ལས་དོན་གལ་ཆེ་ཞིག་ལ། བཀའ་ཤག་ལ་དགོངས་སྐོར་མེད་པར་སྔ་ཕྱི་མི་མཚུངས་པའི་གསལ་བསྒྲགས་སྣ་ཚོགས་སྤེལ་བ་ནི་ལས་ཀྱི་སྣེ་མོ་བ་བབ་བརླིང་བརྟན་གསུམ་མིན་པ་སྒྲུབ་བྱེད་ཙམ་མ་ཟད། འཛིན་སྐྱོང་སྒྲིག་གཞི་དོན་ཚན་བརྒྱད་ ༨ པའི་ནང་གསེས་ ༢ ནང་། བཀའ་ཤག་གི་འགན་འཁུར་ནི་སྲིད་སྐྱོང་དང་། བཀའ་བློན་རྣམས་མཉམ་འདུས་ཀྱི་འགན་འཁུར་ཡིན་པས་བོད་མིའི་སྒྲིག་འཛུགས་ཀྱི་རྩ་བའི་སྲིད་བྱུས་དང་འབྲེལ་བ་ཡོད་པའི་དོན་གནད་རྣམས་སྲིད་སྐྱོང་དང་བཀའ་བློན་རྣམས་སྤྱི་མོས་སམ་མང་མོས་ཀྱིས་གྲོས་དོན་ཐག་གཅོད་བྱེད་དགོས་པ་ལས་སྲིད་སྐྱོང་ངམ་བཀའ་བློན་བྱེ་བྲག་པ་ཞིག་གིས་ཐག་གཅོད་མི་ཆོག་ཅེས་པར་འགལ་བ་གསལ་བོ་རེད། གང་ཡིན་ཞེ་ན། ༧གོང་ས་མཆོག་ལ་མཚན་དམས་ཞུ་མཁན་ལ་གདོང་ལེན་མཐར་ཕྱིན་པ་གནང་རྒྱུ་ནི་བོད་མིའི་སྒྲིག་འཛུགས་ཀྱི་རྩ་བའི་སྲིད་བྱུས་དང་འབྲེལ་བ་ཡོད་པའི་དོན་གནད་གོང་ན་མེད་དེ་རེད། དེ་བཞིན་སྒྲིག་གཞི་འདིའི་དོན་ཚན་བརྒྱད་ ༨ པའི་ནང་གསེས་ ༡ པོར་གསལ་བ་ཇི་བཞིན། བཀའ་ཤག་གིས་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་འོག་ཡོད་པའི་ལས་ཁུངས་སྡེར་གཏོགས་དང་བཅས་པར་བཀོད་བྱུས་སྟངས་འཛིན་ཏག་ཏག་ཐུབ་དགོས་ཀྱི་ཡོད་ཀྱང་། ཆོས་རིག་བཀའ་བློན་གྱི་གནང་བབ་དེས་སྟངས་འཛིན་ཏག་ཏག་ཐུབ་ཀྱི་མེད་པའང་གསལ་བོ་མཚོན་པ་རེད།

བཀའ་བློན་བྱེ་བྲག་པའི་འགན་དབང་ནི་སྒྲིག་གཞི་འདིའི་དོན་ཚན་དགུ་ ༩ པར་གསལ་བ་བཞིན། བཀའ་ཤག་གི་མཉམ་འདུས་ཀྱི་འགན་འཁུར་དང་ལྷན་ལས་ཁུངས་ཀྱི་ལས་དོན་ཁག་ཡིན་པ་གསལ་བོ་ཡིན་ཡང་། ཆོས་རིག་བཀའ་བློན་ནས། ༧གོང་ས་མཆོག་ལ་གཞི་མེད་མཚན་དམས་ཞུས་པའི་བྱ་ངན་ལ་གདོང་ལེན་ཞུ་ཕྱོགས་ཆོས་རིག་ལས་ཁུངས་ཀྱི་ལས་འགན་ལྟ་བུར་འབྲེལ་བ་ཡོད་ཚུལ་མི་མང་ལ་ཞལ་རྫུན་གསུངས་ཏེ་གསལ་བསྒྲགས་སྤེལ་བ་ནི་ཧ་ཅང་ནོར་འཁྲུལ་ཚབས་ཆེན་ཞིག་རེད། ༧གོང་ས་མཆོག་ལ་མཚན་དམས་ཞུས་ཚེ་ཆོས་རིག་ལས་ཁུངས་ཀྱི་ལས་འགན་ལྟ་བུར་ཚུར་བླངས་ཏེ་ཆོས་རིག་བཀའ་བློན་ནས་རང་ཐག་རང་གཅོད་ཀྱིས་ལན་འདེབས་གསལ་བཤད་གནང་ཆོག་པའི་ཐག་གཅོད་ཅིག་བཀའ་ཤག་གིས་ལོ་ཟླ་ཚེས་གྲངས། ཉིན་སྔ་ཕྱི་ག་དུས་གནང་བ་ཡིན་ནམ། གནད་འདི་བཀའ་ཤག་གིས་མཁྱེན་བཞིན་གསུང་མི་འབྱོན་པ་དང་། ཆོས་རིག་བཀའ་བློན་ནས་ད་དུང་ཡི་གེ་འདྲ་མིན་སྤེལ་བཞིན་པ་ནི་ཁྲིམས་ཀྱི་དབང་བསྒྱུར་ལ་ཆོད་སེམས་བརྟན་པོ་མེད་པ་དང་། མི་མང་གིས་ཞིབ་གསལ་མཁྱེན་གྱི་མ་རེད་དགོངས་ཏེ་ཧམ་པ་བྱེད་པ་ནི་ལས་འབྲས་དང་མི་མཐུན་པས་ཧ་ཅང་གཟབ་དགོས་པར་རན།

འཛིན་སྐྱོང་སྒྲིག་གཞིའི་དོན་ཚན་བཅུ་གསུམ་༡༣ པ། ལས་དོན་ཐག་གཅོད་ཅེས་པའི་ནང་གསེས་ ༢ པར། བཀའ་ཤག་གི་སྤྱི་བྱེའི་འཆར་འཕར་ལས་དོན་ཚང་མ་སྲིད་སྐྱོང་དང་བཀའ་བློན་ལྷན་རྒྱས་མཉམ་གྲོས་གོ་བསྡུར་གྱི་ལམ་ནས་གནང་དགོས་པ་དང། ལྷག་པར་ལས་དོན་དམིགས་བསལ་དང་། དངུལ་གྲོན་འཕར་མ་གཏོང་ཕྱོགས་ཀྱིས་མཚོན་ལས་དོན་གང་ཅི་གོ་བསྡུར་མེད་པར་སྲིད་སྐྱོང་དང་བཀའ་བློན་སུ་ཐད་ནས་ཐག་གཅོད་གནང་མི་ཆོག་ཅེས་དང། དེ་བཞིན་དོན་ཚན་བཅུ་གཉིས་ ༡༢ པའི་ནང་གསེས་དང་པོ་ ༡ ནང་ཛ་དྲག་གནས་ཚུལ་སྐབས་བཀའ་ཤག་འཕར་མ་ཚོགས་དགོས་པ་གསལ་ཡང་། ཚོགས་རྒྱུ་ལྟ་ཅི། བཀའ་ཤག་གིས་མི་མང་ལ་ཨང་ཉན་གནང་སྟེ། མི་མང་འགོ་ཁྲིད་ཡིན་པ་ལྟར་མདུན་ལ་ཐོན་བཅུག རང་ཉིད་ནས་གནས་སྟངས་ལ་ལྟ་གིན་ལྟ་གིན་གནང་བ་ནི་སྒལ་རལ་གྱི་མཚོན་རྟགས་དངོས་ཡིན་པ་ཞོར་འཕྲོས་བཅས་གོང་གསལ་ཁྲིམས་སྒྲིག་དང་འགལ་འཛོལ་གྱུར་འདུག་ན། བཅའ་ཁྲིམས་དོན་ཚན་ཉེར་དགུ་ ༢༩ པའི་ནང་གསེས་ ༤ ལྟར་སྲིད་སྐྱོང་གིས་ཆོས་རིག་བཀའ་བློན་ལ་དགོངས་ཞུ་བྱེད་འཇུག་པའམ། ཡང་ན་ཆོས་རིག་བཀའ་བློན་རང་ངོས་ནས་ངེས་པར་དགོངས་པ་ཞུ་དགོས། མང་གཙོའི་ལྟ་གྲུབ་ནང་ནོར་འཁྲུལ་ཤོར་ཏེ་དགོངས་པ་ཞུ་པ་ནི་རང་ཉིད་སྒེར་པ་ནོར་འཁྲུལ་ལས་ལྡོག་པའི་ལམ་དུ་ཞུགས་པ་དང་། སྤྱི་པའི་སྒྲིག་འཛུགས་སྲ་བརྟན་གཏོང་ཆེད་ཡིན་པས། མགོར་བབས་ན་ཕྱིར་ནུར་བྱེད་ས་མེད། དེར་ཡ་ཡོ་ཆེན་པོས་གཡོལ་ཐབས་གནང་བ་ནི་རང་ཉིད་ཆབ་སྲིད་ཀྱི་ལས་ཀར་ཞུགས་དོན་ལ་བསམ་བློའི་རྨང་གཞི་འདང་ངེས་མེད་པའི་རྟགས་མཚན་ཡིན་པས། གོམས་གཤིས་ངན་པ་དེ་རིགས་ཀོ་རོ་ན་བཅུ་དགུ་ལྟར་སྤྱི་ཚོགས་ནང་འགོས་བཅུག་ན་བོད་ཀྱི་རྩ་དོན་དང་བོད་མིའི་སྒྲིག་འཛུགས་སྲ་བརྟན་གཉིས་ཀར་གནོད་ངེས་པས། ཆོས་རིག་བཀའ་བློན་ལགས་ནས་ཅི་ནས་ཀྱང་དགོངས་པ་ཞུ་རོགས།།

མཐའ་དོན་ཆོས་རིག་བཀའ་བློན་ལགས་དགོངས་ཞུ་དགོས་དོན་གོང་གསལ་ཁག་མདོར་བསྡུས་ན་རྒྱུ་མཚན་ལྔ་ཡོད།

གཅིག བཀའ་ཤག་གི་རྩ་བའི་ལས་འགན་གལ་ཆེ་དང་འབྲེལ་བའི་སྐོར་གདོང་ལེན་ཞུ་སྐབས། ཁྲིམས་སྒྲིག་ལྟར་ངེས་པར་བཀའ་ཤག་ལ་གྲོས་བསྡུར་ཞུ་དགོས་ཀྱང་མ་ཞུས་པས་སྒྲིག་འགལ་བྱུང་འདུག

གཉིས། ནད་དགོངས་སམ་གུང་གསེང་དུ་ཡོད་བཞིན། བཀའ་བློན་ཞིག་ལ་དམིགས་བསལ་ཛ་དྲག་གཞུང་དོན་གལ་ཆེ་བཀའ་ཤག་གི་བཀའ་འཁྲོལ་ཡོད་ན་མ་གཏོགས་གནང་ལམ་མེད་བཞིན་གནང་སྟེ། རྒྱ་ཆེ་མི་མང་ཡོངས་སུ་བློ་ཕམ་དུ་བཅུག

གསུམ། མཚན་དམས་ཞུས་རིགས་ལ་གདོང་ལེན་བྱེད་རྒྱུ་བཀའ་ཤག་གི་རྩ་བའི་ལངས་ཕྱོགས་དང་ཐུགས་འགན་ཡིན་པ་བཀའ་ཤག་གི་ཐག་གཅོད་ཡོད་བཞིན། བཀའ་ཤག་གི་བཀའ་འཁྲོལ་དང་། ཁུངས་ལུང་གཞན། ཁྲིམས་མཐུན་བརྒྱུད་རིམ་བཅས་གང་ཡང་མེད་པར་རང་གི་ལས་ཁུངས་དང་ལས་གནས་ཀྱི་མགོར་བླངས་པ།

བཞི། ཁྲིམས་མཐུན་ནམ་ཁྲིམས་ཀྱི་དབང་བསྒྱུར་གྱི་ཕྱག་ལས་གནང་ཕྱོགས་ཀྱི་གོམས་གཤིས་དང་མིག་དཔེ་ཡལ་བར་དོར་ནས། རང་སྣང་གང་དྲན་བྱས་པའི་གསལ་བསྒྲགས་སྔ་རྗེས་སྤེལ་ཏེ་མི་མང་དེ་བས་ཀྱང་ཡིད་ཆད་བཟོས་པ།

ལྔ། མི་མང་ལ་དོན་གནད་རང་ལས། ལས་དོན་བྱ་རིམ་ཁྲིམས་མཐུན་མ་གནང་བ་ཟུར་ཙམ་ཡང་དགོངས་སེལ་ནང་འཁོད་མེད་པ་ནི་ལས་སྣེའམ་བཀའ་བློན་ཞིག་ལ་མཚོན་ན་ཆེས་ཚབས་ཆེར་སོང་། དགོངས་པ་ཞུ་རྒྱུ་ལས་ལམ་ཁ་གཞན་མི་འདུག་ན། བཟང་སྤྱོད་ལྡན་པའི་ངང་དགོངས་པ་ཞུ་རོགས།།

བོད་མི་མང་སྤྱི་འཐུས་བློ་བཟང་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་རྟས་བཅའ་ཁྲིམས་དང་སྒྲིག་གཞིས་སྐུར་པའི་ལས་འགན་བཞིན། ༢༠༢༠ ཟླ་ ༥ ཚེས་ ༣༡ རེ་གཟའ་ཉི་མའི་ཉིན་ཕུལ།།

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

ཆུ་ཚོད་ ༡༣ སྔོན་ལ།
རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་པིན་(Jiang Bin)། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་དམར་དམག་སློབ་ཆེན་གསུམ་གསར་འཛུགས་བྱ་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༠
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༠
Mobile App

ཞོ་སྟོན་ཐེངས་ ༢༩ པ་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་འཚོག་གཏན་ཁེལ་འདུག

༢༠༢༥/༠༥/༢༠
US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༡༩

མཆན། 21

  1. Tashi says:
    ལོ་ 5 སྔོན།

    བོད་མི་མང་སྤྱི་འཐུས་སྐོུ་བློ་བཟང་ཆོས་འབྱོར་ལགས། ཁྱེད་ནས་གནང་བའི་ཕྱག་བྲིས་དང་དོན་མཚན་རྣམས་ལ་རྒྱབ་སྐྱོ་བརྒྱ་ཆ་རྒྱ་ཐམ་པ་ཡོད། འོན་ཀྱང་ཁོང་གི་གན་སྟངས་ལ་ལྟས་ནས་ཁོང་སྲིད་སྐྱོང་མི་ངན་ཁོས་ཇུས་ངན་འོག་ཏུ་ཚུད་པ་ལྟ་བུ་སྣང་གི་འདུག དཔེར་ན་དེ་སྔོན་སྐོུ་ཚོགས་ཟུར་མཆོག་གནས་དབྱངས་གཏོང་སྐབས་ཡང་སྲིད་སྐྱོང་གི་ཐེངས་འགའ་ཁོང་བེད་སྤྱོད་གནང་སོང་བ་ད་རེས་ཡང་དེ་འདྲ་རང་མཐོང་གི་འདུག ཆོས་རིག་བཀའ་བློན་ཁོང་ཐུགས་ཁག་མེད་པ་ལྟ་བུ་མཐོང་སོང་། སྲིད་སྐྱོང་མི་ངན་ཁོ་རང་གཙང་མ་བཟོས་གཞན་བཀའ་བློན་ཆུའི་ནང་གཡུགས་སོང་། མི་ངན་ཁོ་མར་ཕབ་ཐུབ་ན་དེ་ནི་ཡག་པོ་མེད་འགྲོ་སྙམ།

    Reply
  2. རྣམ་པར་སུན་འབྱིན། says:
    ལོ་ 5 སྔོན།

    ཐེ་ལན་བོད་སོག་ལས་ཁུངས་དང་རྒྱ་མར་གུང་ཏང་གི་པེད་ཤག་ཚོད་མེད་བླངས་པའི་སྦིར་ཨོ་རྒྱ་སྟོབས་རྒྱལ། ཁམས་པ་མི་མང་གི་བྱས་རྗེས་ནག་པོ་བཟོ་མི། ངོ་ལོག ཇག་པ་ཇག་རྐྱང་། ཁྲམ་པའི་ལས་ཀ་རང་བྱེད་མཁན་དེ་ཤི་ཁར་ཆོས་སྐྱོང་སྲུང་མས་ཆད་པ་དྲག་པོ་བཅད། རང་མདོག་མར་ཇེན་དུ་ཕུད་པར་བཀའ་དྲིན་ཆེ་དང་། དགའ་བ་ལ་ཞུ་ཡ་ཡིན། ཀར་དགེ་དང་བློ་སེང་གིས་བོད་མི་མང་གི་སྒྲིག་འཛུགས་མཚན་ཤས་བཟོས་པ་ནམ་ཡང་ལས་འབྲས་ཀྱིས་ཐ་བ་གཏོང་གི་མ་རེད། གཟིགས་ཨ། སྲུང་མ་མར་ནག་མཁྱེན་་་་

    Reply
    • རྡོར་བཟང says:
      ལོ་ 5 སྔོན།

      རྣམ་པར་སུན་འབྱིན་མིང་དོན་མཚུངས་པ་བཞིན་སྲུང་མ་དམར་ནག་གི་འཕྲིན་ལས་ཡོད་ན་རྒྱ་དམར་སྒང་ལ་རྒྱག་དགོས་རེད།ཁྱོད་རྒྱལ་བ་ཡིད་བཞིན་ནོར་བུའི་དབུ་འཁྲིད་པའི་གཞུང་གི་སྲིད་སྐྱོང་དང་ཆོས་དོན་བཀའ་བློན་ལ་མ་དགའ་ནས་ཁྟྱོད་རང་གི་ཁྲག་དོག་དོག་རེད་ཡོད་ས་རེད་པས་སྲུང་མས་ཆད་པ་ཁྱོད་ལ་ཕོག་དགོས་ཡ་ཁྲག་རླུང་ཕོག་འདུག་པས་ད་གས་ཆོག་པ།
      ཐེ་ལན་ལ་བོད་དོན་ཚོགས་པ་ཡོད་ཟེར་མཁན་ཁྱོད་མ་གཏོགས་གོ་མ་མྱོང་།
      ལྐུག་ནག་ཁྱོད་གང་ཡང་མི་ཤེས་ཡི་གེ་མ་དག་པ་དོན་ནོར་བ་ཁྱོད་ངོ་ཚ་བ་ལ།

      Reply
  3. མཐུ་སྟོབས་དབང་ཕྱུག་གཡུ་ཐོག་ says:
    ལོ་ 5 སྔོན།

    གཡོ་ཅན་སྐབས་འཚོལ་རིང་ལུགས་ལ་སྤྲིངས་།

    ༄། ཧ་ཅང་གཡོ་རྒྱུ་མང་དྲགས་ན་། རེ་ཞིག་གྲུབ་ཀྱང་མཐའ་མར་བརླག་། གཟིགས་ལྤགས་བཀབ་པའི་བོང་བུ་ཡིས་། ལོ་ཏོག་ཟོས་མཐར་གཞན་གྱིས་བསད་།
    ཞེས་པའི་ཚིགས་བཅད་དང་དོན་འབྲས་སྔོན་དུ་བཏང་ནས་མདོ་སྨད་སྤྱི་འཐུས་མིང་ཙམ་ཁུར་མཁན་མཐའ་ཤལ་བ་ཤར་ཕྱོགས་བལྐུགས་རྡ་ནི་འདས་པའི་ལས་རྒྱུན་གཉིས་ཙམ་ལྷག་རིང་ལ་དུས་དང་རྣམ་པ་ཀུན་ཏུ་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྤྱི་དང་ལྷག་པར་དུ་འཛིན་སྐྱོང་བཀའ་ཤག་ལ་དངོས་ཤུགས་བརྒྱུད་གསུམ་སྒོ་ནས་གཞི་མེད་རྐྱོན་བརྗོད་དང་ཟུར་ཟ་དམའ་འབེབས་སོགས་ཐབས་ཤེས་ཡོད་དགུ་རྩལ་དྲུག་བྱས་དང་བྱེད་བཞིན་ཡོད་པ་ཡོངས་གྲགས་ཡིན་པ་མ་ཟད་ ཉེ་ལམ་སྤྱི་ཟུར་ཨོ་རྒྱན་སྟོབས་རྒྱལ་གིས་༧གོང་ས་མཆོག་མཚན་རྨད་ཞུས་པའི་གནད་དོན་ལ་ཁག་སྐྲིས་ཀྱིས་དཔལ་ལྡན་ཆོས་རིག་བཀའ་བློན་སྐུ་ཞབས་ཀརྨ་དགེ་ལེགས་གཡུ་ཐོག་མཆོག་ལ་ཀླ་ཀློས་བྱ་སྤྱོད་ལས་ངན་པའི་གཞི་མེད་བསྐུར་འདེབས་དང་བཀའ་བློན་ལས་སྣེ་ནས་དགོངས་དགོས་པའི་ངུ་འབོད་བྱས་ཡོད་། དཔལ་ལྡན་ཆོས་རིག་བཀའ་བློན་སྐུ་ཞབས་ཀརྨ་དགེ་ལེགས་ལགས་ལ་ཆ་མཚོན་ན་། དགེ་སློང་ཚུལ་དང་ལྡན་པ་བདག་ལས་གཞན་གཅེས་པར་འཛིན་པ་ མི་ཚེ་ཧྲིལ་པོ་༧གོང་ས་མཆོག་གིས་བཀའ་དགོངས་བཞིན་བོད་གཞུང་མང་གཉིས་ཀྱི་ཞབས་འདེགས་ཐེམ་པ་རིམ་འཛེགས་ཀྱིས་ཞི་དུལ་བག་ཕེབས་དྲང་ཚུགས་དང་ལྡན་པའི་སྒོ་ནས་ཅི་གསུངས་བཀའ་བསྒྲུབ་ཞུས་དང་ཞུ་བཞིན་པའི་སྐྱེ་བོ་ཚད་དང་ལྡན་པ་ཞིག་ཡིན་པ་དངོས་ར་སྤྲོད་ཐུབ་།

    “ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ་། བྱང་ཆུབ་སེམས་པ་རྣམས་ལ་སྐུར་བ་བཏབ་། དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས་།” ཟེར་ནས་ཚུལ་མཐུན་བག་ཡོད་དང་འགྱོད་སེམས་དྲག་པོའི་སྒོ་ནས་་དགོངས་སེལ་ཞུ་དགོས་ཡོད་།
    ལར་ནས་ཁྱོད་རང་མདོ་སྨད་མི་མང་ནས་༧གོང་ས་མཆོག་དང་ཁོང་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་བཞིན་བོད་འབངས་རྣམས་ལ་རོགས་འདེགས་དང་ཕན་ཐོག་བཅས་རང་ནུས་གང་ལྕོགས་ལྷག་བསམ་དང་རྣ་སྐྱེལ་མཐོ་འཛུགས་ཐོག་དམ་འབུལ་ཞུས་པའི་བོད་མི་མང་སྤྱི་འཐུས་ཞིག་ཡིན་དགོས་ཀྱང་ཁྱེད་ཀྱིས་དེ་ལས་མདོགས་སྟེ་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་མཁན་བསྣན་དགྲ་རྒྱ་དམར་གྱི་རྒྱལ་དར་དམར་པོ་དེ་ལག་ལ་འཕྱར་ནས་རྒྱ་གར་རྒྱལ་ས་ལྡི་ལིའི་ཁྲོམས་གཞུང་ནང་འདུར་ཡོད་པ་མ་ཟད་རྒྱ་ནག་གཞུང་གི་མི་སྣ་དང་འཐབ་ཕྱོགས་གཅིག་གྱུར་མི་སྣ་བཅས་ལ་འབྲེལ་བ་དང་མཉམ་ཟ་མཉམ་འཐུང་བྱ་མཁན་བོད་མི་མང་སྤྱ་འཐུས་དང་པོ་དེ་ཆགས་ཡོད་སྟབས་ཁྱེད་རང་༧གོང་ས་མཆོག་དང་བསྟན་བསྲུང་དམར་ནག་མདུན་དང་མདོ་སྨད་མི་མང་ལྷག་པར་བོད་མི་ས་ཡ་དྲུག་གི་མདུན་ལ་འགྱོད་སེམས་དྲག་པོའི་དགོངས་དག་ཞུས་ནས་བོད་མི་མང་སྤྱི་འཐུས་ནས་འཕྲལ་དུ་དགོངས་པ་ཞུ་དགོས་པས་དེ་དོན་ཡིད་འཇགས་གྱིས་།།།

    Reply
    • རྡོ་རྗེ་སྒྲོལ་མ་ says:
      ལོ་ 5 སྔོན།

      ཇོ་མཐུ་སྟོབས་ལགས་གིས་གསུངས་པ་དེ་དེ་བཞིན་ནོ།
      མདོ་སྨད་སྤྱི་འཐུས་རྒྱ་མིའི་རྒྱུག་ཕྲུག་འདྲ་བོ་དེ་མཐོང་བ་ཙམ་གྱི་ཡ་མ་རླང་གི་འདུག

      Reply
    • སྣང་གསལ་ says:
      ལོ་ 5 སྔོན།

      དེ་དེ་བཞིན་ནོ། ???

      Reply
    • ཚེ་བརྟན་འགྱུར་མེད། says:
      ལོ་ 5 སྔོན།

      བོད་མི་མང་སྤྱི་འཐུས་ཞིག་ཡིན་དགོས་ཀྱང་ཁྱེད་ཀྱིས་དེ་ལས་མདོགས་སྟེ་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་མཁན་བསྣན་དགྲ་རྒྱ་དམར་གྱི་རྒྱལ་དར་དམར་པོ་དེ་ལག་ལ་འཕྱར་ནས་རྒྱ་གར་རྒྱལ་ས་ལྡི་ལིའི་ཁྲོམས་གཞུང་ནང་འདུར་ཡོད་པ་མ་ཟད་རྒྱ་ནག་གཞུང་གི་མི་སྣ་དང་འཐབ་ཕྱོགས་གཅིག་གྱུར་མི་སྣ་བཅས་ལ་འབྲེལ་བ་དང་མཉམ་ཟ་མཉམ་འཐུང་བྱ་མཁན་བོད་མི་མང་སྤྱ་འཐུས་དང་པོ་དེ་ཆགས་ཡོད་སྟབས་ཁྱེད་རང་༧གོང་ས་མཆོག་དང་བསྟན་བསྲུང་དམར་ནག་མདུན་དང་མདོ་སྨད་མི་མང་ལྷག་པར་བོད་མི་ས་ཡ་དྲུག་གི་མདུན་ལ་འགྱོད་སེམས་དྲག་པོའི་དགོངས་དག་ཞུས་ནས་བོད་མི་མང་སྤྱི་འཐུས་ནས་འཕྲལ་དུ་དགོངས་པ་ཞུ་དགོས་པས་དེ་དོན་ཡིད་འཇགས་གྱིས་།

      གོང་གི་གནས་དོན་འདི་བདེན་པ་ཡིན་ན་མདོ་སྨད་མི་དམངས་ནས་སྤྱི་འཐུས་བློ་བཟང་ཆོས་འབྱོར་དེ་ལྟར་འཇོག་ཕད་དམ། བ་དེའི་ཉལ་སྟངས་ལ་བལྟས་ན་བེའུ་རྐེ་ཀྱོག་ཀྱོག་ཞིག་སྐྱེས་ས་རེད་ཟེར་བ་དེ་འདྲ་པོ་མིན་འདུག་གས། ཁྱེད་བོད་གཞུང་གངས་ཅན་སྐྱིད་གཤོངས་འཁོར་དུ་ཡོད་པས་གྲོས་ཚོགས་ནང་སྐད་ཆ་ཤོད་ལམ་ཡོད་མཁན་གྱིེས་དམངས་གཙོའི་ཐོབ་ཐང་ཁ་ལ་འཁྱེར་ནས་ཆོལ་གསུམ་དཀྲུག་དཀྲུག་གཏོང་བའི་འཆད་རྩོམས་དང་བོད་རྒྱ་ཆེས་མི་མང་གི་འདེམས་པའི་གཞུང་ལ་རྒྱུན་དུ་འཆད་སྨོད་ཞུ་མཁན་གྱི་གསར་ལམ་འདི་རྐེ་ལ་བཏགས་དགོས་དོན་ཅི་ཡིན་ནམ།

      མེ་ཏོག་གངས་ལ་བབས་པའི་ལྷ་སྐལ་༸གོང་ས་མཆོག་ལ་སྨད་པ་ཞུ་མཁན་ལ་གདོང་ལེན་ཞུ་རྒྱུ་ཆོལ་གསུམ་བོད་མིས་ལས་འགན་ཡིན། དེ་ལྟར་ཞུ་མུས་སུ་འདུག ཁྱེད་ཀྱིས་རྩ་བ་དེ་ཕར་བཞག་ནས་ཡལ་ག་ལ་དམ་འཛིན་ཅིའི་ཕྱིར་བྱེད། དེ་ཡང་དོ་བདག་ནས་སྐྱོན་ནོར་གང་བྱུང་ལ་ངོས་ལེན་ཞུས་འདུག ཁྱེད་རང་སྤྱི་འཐུས་ཡིན་པས་གཞུང་དང་སྒེར་གྱི་ལས་དོན་ཞུ་ཕྱོགས་སུ་བར་ཁྱད་ཆེན་པོ་ཡོད་པ་མི་ཤེས་སམ།

      Reply
  4. Khenpo Rinchen says:
    ལོ་ 5 སྔོན།

    མཆོག་གླིང་གདུང་སྲས་ཨོ་སྟོབ་ཁྱེད་ཀྱིས་ད་ལྟ་གོང་ས་མཆོག་ལ་བཟོད་གསོལ་ཞུས་པ་དེ་ས་སྐྱ་ཁྲི་འཛིན་དང་མཁྱེན་སྤྲུལ་རྣམས་ཀྱི་ངོ་ལ་བལྟས་ནས་བྱས་ཚུལ་བ་ཤད་འདུག་པས་རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བ་རྣམས་ཀྱིས་སྡོན་ཆད་གསུངས་པ་རྣམ་བརྗེད་སོང་བ་ཡིན་ན་ཡང་ན་བཀའ་ལུང་ལ་ཚད་མར་མ་འཛིན་པ་ཡིན།
    ད་རྙིང་མའི་ཞབས་འདྲེན་མ་བཞག་ཞུ།
    དེ་ལས་ཀྱང་གལ་ཆེན་ཞུ་བ་ན། ཤར་ཕྱོགས་ཁུག་རྟས་བརྩོས་པའི་ཁ་ཤས་ཀྱིས་གོ་སྐབ་ནམ་བྱུང་དུས་སུ་བཀའ་ཤག་གཏོར་ཐབས་ཀྱིས་འབད་བརྩོན་བྱེད་ཀྱི་འདུག་ དེནི་བོད་དང་ཁམ་པ་སྤྱི་ལ་ལྷག་བསམ་མ་རེད་ ཆོལ་ཁའི་ཕྱོག་རིས་མ་རེད་ གུང་ཕྲན་གྱིས་ཐབས་བརྒྱ་ཇུས་སྟོང་གི་ཆ་ཤས་ཞིག་སྤྱི་མཐུས་ནང་སླེབས་ནས་དཀྲུག་ཤིང་གི་སྲིད་ཇུས་རེད་ ཐམས་ཅད་གྱིས་ཤེས་པར་གྱིས།

    Reply
  5. འདམ་སྐྱེས། says:
    ལོ་ 5 སྔོན།

    མཆོག་སྲས་ཨོ་སྟོབས་ནས་རང་དང་འབྲེལ་ཡོད་ཁག་ཅིག་ལ་དཔལ་ལྡ་ཆོས་རིག་བཀའ་བློན་ནས་གསུང་དོན་ལྟར་རང་སྣང་གང་དྲན་ཐོལ་བྱུང་དུ་རྒྱུན་ལྡན་ཁོ་རང་གི་ངན་གོམ་བཞིན། བློ་ཁོག་ཆེ་མདོག་གིས་༧གོང་ས་ཆེན་པོའི་མཚན་སྨོས་ཏེ་ཞྭ་དཔེ་ལྷམ་འགེབ་ལྟ་བུར་རྣམ་དཔྱོད་ཀྱི་ཤེས་རབ་ཞན་པས་འཕྲལ་ཕུག་ལ་ལེགས་ཉེས་འབྱེད་མ་ཐུབ་པའི་གཏམ་བཤད་གཅིག་ལ་རིན་ཐང་དེ་ཙམ་བྱ་དགོས་མ་མཐོང་། འོན་ཀྱང་གནད་དོན་འདིའི་ཐད་དགོས་པ་ལས་ལྷག་ཅིག་གནང་སྟངས་འདི་རིག་ལ་དཔྱད་ན་རང་སྨ་རང་རང་འབེབ་མངོན་པར་གསལ་བ་ཙམ་ལས་དོན་གནད་མ་མཐོང་།
    བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ནང་ཕྱི་ནང་གི་ཤེས་ཡོན་དང་དྲང་ཚུགས། ལས་ཀའི་ཉམས་མྱོང་ཅན་ད་ལྟའི་ཆོས་རིག་བཀའ་བློན་ནང་བཞིན་མེད་པ་ནི་མངོན་གསལ་ཡོངས་གྲགས་རེད། དེས་ན་ཤར་ཁུག་ཁྱེད་རང་ནད་རྙིང་ལངས་ཏེ་ངོ་ཚའི་བརྒྱན་དང་བྲལ་ནས་ཁོང་དགོང་པ་ཞུ་དགོས་ཚུལ་བཤད་པ་ནི་ཕ་རོལ་པོའི་འདོད་སྒྲུབ་པ་ལས་སྙིང་པོ་མ་མཐོང་། ལར་ནས་འདི་ལྟབུ་བཤད་འདོད་གཏན་ནས་མེད་ཀྱང་ཁྱེད་རང་ཉིད་ཀྱི་ཉེ་ཆར་གཅིག་པུའི་གཏམ་བཤད་དང་གོང་གི་ཡིག་སྙོགས་འདི་དག་ཁྱེད་རང་ཉིད་ནས་བསྐྱར་ཞིབ་གཅིག་གནང་ན་གོ་བ་ཞིག་ལོན་ངེས་སུ་མཐོང་། མཐའ་དོན་ཁྱེད་རང་ལོ་ན་ཆུང་བའི་སྤྱི་མི་ཚད་ལྡན་ཞིག་ཆགས་རྒྱུའི་རེ་བ་འཆར་རུང་འདས་མ་ད་གསུམ་གྱི་བྱེད་བབ་ལ་གཞིགས་ན་དགོངས་པ་ཞུ་དགོས་མཁན་ངོ་མ་དེ་ཁྱེད་རང་ལ་འོས་བབ་མཐོང་ངོ།།

    Reply
  6. གངས་ཆབ། says:
    ལོ་ 5 སྔོན།

    ཤར་ཁུག་ལ་འཇོན་ཐང་ཡོད་ན་ཕྱིར་འབུད་གཏོང་ཐུབ་པ་བྱོས་དེ་མེད་ན་ཁ་འཚུམ་ན་ལེགས།

    Reply
  7. རིག་བཟང་། says:
    ལོ་ 5 སྔོན།

    སྐུ་ངོས་ཡག་མོ་དྲག་མོ་བྲིས་འགུ སྐུ་རྩེད་ཞུས་ཡིན། ཧ་ཅང་ཡག་པོ་བྲིས་འདུག སྤྱི་འཐུས་ཚོའི་ནང་ཁྱོད་འདྲ་དཀོན་པ་ཞེས་གང་སར་ཐོས་པ། འགན་དངོས་གནས་ནམ་གི་འདུག ཁྱོད་ལ་རླབས་ཆེན་མི་སྣ་མང་པོས་ཐུགས་རེ་བཅངས་ཡོད་པ་བཞིན། སྐུ་ཚེ་རིང་། མཛད་འཕྲིན་རྒྱས། མུ་མཐུད་ཤུགས་རྒྱག་རོགས། ཕྱི་ནང་གི་ཇག་ཚོགས་ཀྱི་མགོར་ཁྱོད་ལས་ཐཽ་བ་ལྗིད་པོ་མེད།

    Reply
  8. ཨོ་རྒྱན་ཆོས་འཕེལ says:
    ལོ་ 5 སྔོན།

    ཡི་གེ་འདི་ལ་ངོས་ལེན་མེད་ལ་འབྲི་མཁན་གྱི་མི་དེ་རིང་མིན་བཤལ་སྐྱུགས་གཉིས་སྦྲགས་ནས་ཁ་ནས་ཚིག་ཙམ་བརྗོད་མི་ཐུབ་པར་ལྐུག་རྡ་མ་གཏོགས་བྱེད་མི་ཤེས་པ་ཡོང་རྒྱུ་རེད་ཟེར་མཁན་གྱི་མོ་པ་ཞིག་རྡ་ས་བུ་གསོ་ཁང་ལ་འདུག་པས་ཁྱེད་རང་སྐུ་ངོ་ཆོས་རིག་བཀའ་བློན་ལྟ་བུ་སྐུ་ཡོན་དང་ལྷག་བསམ་ཕུལ་དུ་བྱུང་བ་དེ་ལ་ཉེས་མེད་ཁ་གཡོག་བྱེད་རྒྱུ་མཚམས་བཞག་མ་བྱས་ན་དཀའ་ངལ་མང་པོ་ཡོང་རྒྱུ་གདོན་མི་ཟ་བས་ན་ཚུལ་མཐུན་བཟོད་གསོལ་ཞུས་ན་མ་གཏོགས་ཐབས་གཞན་མེད་པས་བག་ཡོད་པར་བྱོས་ཤིག

    ཁྱོད་འཐབ་ཕྱོགས་གཅིག་གྱུར་མཉམ་དུ་རྒྱུགས་ནས་རྒྱ་དམར་གྱི་ཁྲག་དར་དམར་པོ་དེ་འཁྱེར་ནས་ལྡི་ལིར་རྒྱུགས་ནས་ང་ཚོ་བོད་མི་ས་ཡ་གཅིག་ལྷག་ཁྲག་དར་དེ་འཁྱེར་མཁན་གྱི་དགྲ་བོ་རྒྱ་དམར་གྱིས་དམག་མིས་དམར་བསད་བཏང་བ་ལ་སེམས་ཕམ་ཆེན་པོ་སྤྲོད་མཁན་ཁྱོད་ལྟ་བུ་སྤྱི་འཐུས་ལྷན་ཁང་ནས་མར་མཐའ་འབུད་བཏང་རྒྱུ་ལས་མ་མཆིས་པས་དེ་དོན་ཕུ་དཀྲུག་མདའ་དཀྲུག་གི་ལས་དོན་བཞག་ན་བཞག་ཉག་རེད་དེ་མིན་ལས་གང་བྱས་ཀྱི་འབྲས་བུ་སྨིན་རྒྱུ་སོམ་ཉི་མ་བྱེད།

    དེ་མིན་ཁྱོད་ལྟ་བུ་སྐབས་འཚོལ་རིང་ལུགས་པས་

    Reply
  9. ཇ་ཚེ། says:
    ལོ་ 5 སྔོན།

    དུས་བབ་ཚགས་པ་ཁང་། བོད་ཀྱི་དུས་བབ་ཡིན་ནམ། རིག་པ་འདོན་མཁན་གྱི་མི་ལ་ཁྱད་པར་ཡོད་དམ།

    Reply
  10. ཇ་ཚེ། says:
    ལོ་ 5 སྔོན།

    ༧གོང་ས་རྒྱལ་དབང་བཅུ་གསུམ་མཆོག་ལ་མཚན་དམས་ཞུ་མཁན་ཞིག་ཡིན་བཞིན་དུ། གཡུ་ཐོག་ཀརྨ་དགེ་ལེགས་ཆོས་རིག་བཀའ་བློན་ནས་དགོངས་པ་ཞུ་དགོས་རེད་ཟེར་ན་གད་མོའི་གནས་རེད་དོ། དེ་ལས་ཤར་ཕྱོགས་ཁུག་ལྟའམ་བློ་བཟང་ཆོས་འབྱོར་ཁྱེདརང་སྤྱི་འཐུས་ལས་སྣེ་ལས་དགོངས་པ་ཞུས་ནས་འགྲོ་ན་ཡག་རེད་བསམ།།
    ༢༠༢༠/༠༦/༠༡ཉིན།

    Reply
  11. Gendun says:
    ལོ་ 5 སྔོན།

    སྐུ་ངོས་ཡག་པོ་ཞུས་འདུག རྒྱབ་སྐྱོར་ཡོད། ཡིན་ནའང་བཀའ་བློན་ནས་དགོངས་པ་ཞུ་རྒྱུའི་བཟོ་ལྟ་མེད་པ་རེད། བཟོད་གསོལ་དང་གསལ་བཤད་དང་པོར་དཔའ་ཉམས་ཤོར་ཡོད་པ་རེད། བཟོད་གསོལ་དང་གསལ་བཤད་གཉིས་པར་ཏོག་ཅིག་རྫིག་ཉམས་བསྟན་ཡོད་རེད། ཁོ་ལས་གནས་དགོངས་ཞུ་གནང་འདོད་མེད་རེད། ཁོ་ལ་བཅའ་ཁྲིམས་བརྩི་འཇོག་ཟེར་བའི་འགྲོ་སྟངས་དགོས་མ་རེད། གང་ལྟར་གཏམ་དང་མི་ཁ་ཅི་འདྲ་འཁོར་ཡང་གོ་གནས་ཀྱི་མིང་བྱང་དེ་ཐོབ་ན་འགྲིག་པ་རེད། ང་ཚོར་ལས་དང་བསོད་ནམས་དམན་པས་བཀའ་བློན་དེ་འདྲ་ཞིག་བྱུང་རེད། ལྷ་སྲུང་དམར་ནག་གིས་རྟགས་བསྟན་ཡོད་རེད། ད་དུང་ཤེས་ཀྱི་མེད་རེད། ཁོ་ལའང་དོགས་པ་བྱུང་ཡོད་རེད།
    ཁོ་རང་གིས་ཀྱང་ཚིག་ཟུར་བཤད་ཡོད་རེད། ཡིན་ནའང་དོགས་པ་ཟ་བཞིན་ཟ་བཞིན་བཀའ་བློན་བྱེད་འདོད་ཡོད་རེད་གཱི།

    Reply
  12. འཐེར་འདོན། says:
    ལོ་ 5 སྔོན།

    རྒྱ་གཞུང་གི་དམར་སྲུང་དམག་བསླེབས་འདུག བོད་པའི་སྤྱི་ཚོགས་ནང་གི་ལུག་ལྤགས་གྱོན་པའི་སྤྱང་ཀི

    Reply
  13. Sonam Gyaltsen says:
    ལོ་ 5 སྔོན།

    སྲིད་སྐྱོང་བློ་བཟང་སེངྒེས་ཉེ་ཆར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་སྤྱི་ཚོགས་དྲྭ་ལམ་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བསྟན་བཤིག་ཅེས་མཚན་སྨད་ཞུས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། སྤྲུལ་སྐུ་ཨོ་སྟོབས་ཀྱིས་༧གོང་ས་མཆོག་ལ་བཟོད་གསོལ་ཞུ་དགོས་ཞེས་ནན་བརྗོད་གནང་ཡོད་པའི་སྐོར། ? ? ? ?
    ད་དུང་བློ་བཟང་སེངྒེའི་་་ ལྷོ་ཕྱོགས་ཞི་ཆགས་ཁག་སུ་ གཞོན་སྐྱེད་ཚོ་ལ་་་་ བཙན་བྱོལ་སྤྱི་ཚོགས་ནང་༧གོང་ས་མཆོག་ལ་འདད་པ་ང་ལས་ལྷག་པ་ཡོད་མ་རེད་བཤད་འདུག་ག Very Good Acting ? ? ? ? དངོས་ནས་ཁྱེད་འདད་པ་ཡོད་ན་་་ སྔོན་ལ་་་ ཁྱེད་རང་རོགས་པ་ Sa La གཡུ་ཐོག་སྐར་མ་དགེ་ལེགས་ཟེར་མཁན་དེ་ལ་ གྲྭ་པ་སྡོམ་གཙང་ཡིན་མེད་སྐད་ཆ་འདྲི། སྡོམ་གཙང་ཡིན་ན་་་ ཁོ་ཡང་ ༧གོང་ས་མཆོག་ལ་བཟོད་གསོལ་ཞུ་བཅུག་དགོས། དེ་ནས་ Out བཏང་། ཁོ་རང་གི་ འབྲས་དཀར་་་ དགོངས་པ་བཞུ་དགོས་ན་ཞུ་གྱི་ཡིན་ བཤད་འདུག་ག Out ཡིན་ཡིན་པ་རེད་པ། ཁོའི་ལས་ཤོག་དང་པོ་དེ་ལ་་་ Bir གྱི་་་ ཕ་རྒན་ཕ་ནག་དེ་ལ་་་ སྤྲུལ་སྐུ་ཨོ་རྒྱན་སྟོབ་རྒྱལ་རིན་པོ་མཆོག ཁོའི་གཡོ་རྒྱུ་་་ ཤོག་བུ་གསུམ་པ་དེ་ལ་ བོད་མི་མང་ལ་བཟོད་གསོལ་ དགོངས་པ་བཞུ་དགོས་ན་ཞུ་གྱི་ཡིན་ ? ? ? ? ཁོ་ Out མ་བཏང་ན་ བློ་སེང་ཁྱེད་རང་ཡང་གཅིག་མཚུང་རེད་ད། གནས་འབྲི་འདི་ བཀའ་ཤག་དང་ བོད་མི་མང་ལ་འཕྲོད་པ་གནང་རོགས།

    Reply
    • ཉི་མ་རྡོ་རྗེ། says:
      ལོ་ 5 སྔོན།

      བསོད་ནམས་རྒྱལ་མཚན་ལགས།
      ཨོ་རྒྱན་སྟོབས་རྒྱལ་ཕ་རྒན་ཡིན་པ་ཕྱི་གསལ་ནང་གསལ་རེད།
      སྦིར་གཞིས་ཆགས་འདིའི་བདེ་སྡུག་ཚང་མ་ཨོ་རྒྱན་སྟོབས་རྒྱལ་གྱི་ཡབ་མཆོག་གླིང་རིན་པོ་ཆེ་དང་བྱ་རྒོད་རྣམ་རྒྱལ་རྡོ་རྗེས་བཀའ་དྲིན་རེད་ལ་དེའི་ཤུལ་ཨོ་རྒྱན་སྟོབ་རྒྱལ་གྱིས་འཛིན་སྐོང་དབུ་འཁྲིད་གནང་གི་ཡོད་རེད།མིན་པ་ལ་ཡིན་མདོག་མདོག་བྱས་ནས་གྲ་ས་འཛིན་བསྡད་མཁན་དེ་འདྲ་མ་རེད་ད།
      གཞན་ཡང་བླ་མ་སྐྱེས་དམན་ཡོད་མཁན་མང་པོ་ཞེ་དྲག་རེད།
      རྒྱལ་བ་པཎ་ཆེན་སྐུ་གོང་མ་དེ་ཡང་ཕ་རྒན་རེད་ལ་བཟའ་ཟླ་རྒྱ་མོ་རེད། འོན་ཀྱང་ཁོང་གི་མཛད་རྗེས་བསམ་གྱིས་མི་ཁྱབ་པ་རེད།
      དེར་མ་ཟད་རྒྱལ་ཚབ་ར་སྒྲེང་ཡང་གྲ་པ་མ་རེད་དེ་གྲ་ཆས་ནང་ལ་ཡིབ་ནས་བསྡད་མཁན་རེད་ལ་ཕལ་ཆེར་ཉ་ལུ་ཡང་ཡོད་ཟེར།
      དེར་མ་ཟད་སྡེ་སྲིད་སངས་རྒྱས་མགོ་ལེབ་ཀྱི་པ་ཕ་རྒྱལ་བ་ལྔ་པ་རེད་ཟེར་བའི་སྐད་ཆ་ཡོད་རེད།
      རྒྱལ་བ་ལྔ་པའི་ཡང་སྲིད་འཁྲུལ་མེད་ྩོད་མེད་ཀྱི་འཆལ་པོ་ཚངས་དབྱངས་རྒྱ་མཚོ་ཞེས་པ་གོ་ཨེ་མྱོང་།
      ཨ་ལགས་འཇིགས་མེད་ཀྱང་དེ་འདྲ་རེད།
      དཔེ་མཛོད་གཙོ་འཛིན་དང་གནས་ཆུང་བླ་མ་སོགས་ལ་ཞིབ་འཇུག་བྱས་ན་ཁོད་ཀྱི་ྙིང་འགས་ཡོང་།
      སུ་སྡོམ་གཙང་ཡིན་མིན་གྱི་སྐད་ཆ་འདི་བཤད་དགོས་ན་ཕལ་ཆེར་དགོན་པ་སྟོང་པ་འཐོན་ཚར་ཡ་རེད།

      Reply
  14. Chogyur says:
    ལོ་ 5 སྔོན།

    བློ་བཟང་ཆོས་འབྱོར་ནི། སྔར་ཕྱི་བར་གསུམ་བོད་མི་སྒྲིགས་འཛུགས་ལ་དཀའ་ངལ་འཕྲེད་སྐབས་་འཛིན་སྐྱོང་དགོངས་ཞུ་སྨྱོ་གཏམ་རེད་། ངེས་བལྟ་ན་བློ་བཟང་ཆོས་འབྱོར་ཁྱེད་རང་སྤྱི་མཐུན་ལ་སྡད་འོས་་མི་འདུག་ལས་སྣེ་དགོངས་ཞུ་དགོས། གང་ཡིན་ནམ། ལོ་ཤས་སྔོན་ལ་བློ་བཟང་ཆོས་འབྱོར་་གྱི་། རྒྱ་ནག་གུང་ཁྲན་རྒྱལ དར་ཁུར་མཁན་གངཟག་དེ་། བོད་མི་འབུམ་ཁྲག་མང་པོ་་ཚེ་་སྲོག་གུ་ང་ཁྲན་་རླྱལ་དར་འོག་ཏུ་ཤི་བ་། དེ་དག་་མི་ཤིས་མཁན་ཁྱེད་རང་སྤྱི་མཐུན་ནས་དགོངས་པ་ཞུ་དགོས་།

    Reply
  15. wANGYAL says:
    ལོ་ 5 སྔོན།

    གློ་ཟུང་འཆོལ་འཇོལ་གྱིས་བྲིས་པའི་ཡིག་ྙོག་ནང་མི་མང་ནང་སྨྲ་བརྗོད་རང་དབང་བེད་སྤྱོད་བྱེད་སྟང་མཐོ་དམན་ཕྲན་བུ་བྱུང་བ་ལ་བཀའ་ཤག་ཛ་དྲགས་ཚོགས་དགོས་དོན་མེད་པར་ཨོ་སྟོབས་ཀྱིས་གང་བཤད་པ་ལས་ཆེས་སྡུག་པའི་རིགས་རྒྱལ་བ་རིན་པོ་ཆེ་ལ་མཚན་དམས་ཞུ་མཁན་མང་དག་གཅིག་བྱུང་བ་ལ་ཁྱོ་ཅི་ཡང་མི་ཟེར་བར་དོན་གནད་འདིའི་ཐོག་བཀའ་ཤག་ཛ་དྲགས་ཚོགས་དགོས་ཚུལ་བརྗོད་པ་དགད་མོིའི་གནས་དང་ཆོས་རིག་བཀའ་བློན་ནད་དགོངས་ཞུས་ནས་བཞུགས་ཡོད་ནའང་གང་ཟག་སྒེར་ཞིག་ཡིན་པའི་ཆ་ནས་སྤྱི་ཚོགས་ལྷིང་འཇགས་ཆེད་གསལ་བཤད་གནང་མི་ཆོག་པ་སུས་བཟོས་པའི་ཁྲིམས་ཡོད་རེད།ཁྱོད་དགྲ་བོ་བཙན་རྒྱལ་རྒྱ་དམར་འཐབ་ཕྱོགས་གཅིག་གྱུར་མཉམ་ཟ་མཉམ་འཐུངལག་གཡོག་རྒྱུགས་ཁྱི་བྱས་ནས་རྒྱ་དམར་གྱིས་བོད་མི་ས་ཡ་གཅིག་ལྷག་ཁྲག་དར་དམར་པོ་དེའི་འོག་ནས་བསད་པའི་དར་ཆ་དེ་འཁྱེར་ནས་ལྡི་ལིའི་སྲང་དབར་དུ་རྒྱུག་འགྲོ་མཁན་ཁྱོད་ལྟ་བུ་སྤྱི་འཐུས་ནང་ནོར་ནས་འཁོད་པ་ནང་དུ་ཡོད་པ་ཕྱིར་འབུད་མ་བྱས་པར་ད་བར་དེ་མུར་བསྡད་བཅུག་པ་ལ་ཐུགས་རྗེ་ཆེ་ཟེར་རྒྱུ་མེད་པར་ད་དུང་བོད་མི་དམངས་སྤྱི་འཐུས་ཁྱོད་ལྟ་བུ་མ་གཏོགས་མང་མོས་ཀྱིས་བརྐོས་པའི་ཆོས་རིག་བཀའ་བློན་ལྷག་བསམ་རྣམ་དག་ཆོས་དང་མཐུན་པ་གནང་མཁན་ཉེས་པ་གང་ཡང་མེད་མཁན་དེ་ལ་ལས་སྣེ་ནས་དགོངས་པ་ཞུས་ཟེར་བ་ཁ་ཏས་མི་གཙང་ཟོས་པའི་མཆུ།ས་གཙང་གཞན་ལ་འབད་ནས་འཕྱི་ཞེས་གསུངས་པ་ལྟར་ལས་ཁྱོད་ལྟ་བུ་ལ་དེ་ལྟར་ཡོང་བའི་དབང་ནུས་གང་ཡང་མེད་པས་ཁྱོད་ཀྱིས་སུའི་འདོད་དོན་འགྲུབ་པའི་སླད་དུ་བརྗོད་པ་ཡིན་སྨྲ་མ་ནུས་པར་བསྡོད་ཨ།

    Reply
    • བློ་བཟང་གྲགས་པ says:
      ལོ་ 5 སྔོན།

      འོ་ད་དེ་རིང་གཞི་ནས་ཤར་ཕྱོགས་ཁུག་རྟ་ཟེར་བའི་མིང་གི་དོན་དེ་ལ་བཤལ་སྐྱུགས་ལྐུག་རྡ་དང་བློ་བཟང་ཆོས་འབྱོར་གྱི་མིང་གི་འགྲེལ་པ་ལ་གློ་ཟུང་འཆོལ་འཇོལ་ཡིན་པ་ཧ་གོ་སོང་།
      མི་དེ་ག་དུས་གྲོས་ཚོགས་སྐད་ཆ་བཤད་ནའང་འདི་ལྟ་བུ་མི་འདི་སྤྱི་འཐུས་ནང་ལ་ག་འདྲ་སེ་འདེམས་པ་ཡིན་ན་བསམ་མྱོང་།
      དེ་ད་རེས་ཁོས་དོན་མེད་སྐབས་འཚོལ་གྱིས་ཆོ་མེད་ཀྱི་ཡིག་ཛར་བྲིས་པ་ལ་བལྟས་ན་ཧ་གོ་ཐུབ་བོ།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese