མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་ལས་འཕྲོས་པའི་གཏམ།

བོད་ཀྱི་དུས་བབ།
༢༠༢༠/༠༨/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཆབ་མདོ་ངག་ཕུན།

བོད་ཀྱི་དུས་བབ་འདོན་ཐེངས་བརྒྱད་བརྒྱ་ཞེ་གསུམ་ནང་དུ་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་འདས་གྲོངས་སུ་ཕྱིན་ཞེས་བཀོད་པ་མཐོང་བ་དང་། ཐེངས་གཅིག་མགོ་ནས་མཇུག་བར་བཀླགས་པ་ཡིན། དེ་རིང་ངས་བོད་དོན་དང་འབྲེལ་བའི་བོད་དོན་སྐོར་ལ་བསམ་ཚུལ་ཐུང་ཞིག་གླེང་བར་འདོད།  ཕན་ལས་གནོད་པ་ཅི་ཡང་ཡོད་རྒྱུ་མ་རེད་སྙམ། དེ་ཡང་བོད་ལ་དུས་འགྱུར་བྱུང་དུས་རྒྱ་དམར་ལ་རང་སྲོག་འབེན་ལ་བཙུགས་ནས་སྐུ་ལས་སྐྱོན་མཁན་གྱི་བུད་མེད་གཅིག་ཡིན་པ་དང་། རྒྱུ་མཚན་དེ་དག་ལ་བརྟེན་ནས་རྒྱའི་བཙོན་ཁང་ནང་དུ་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་ཡོད།

འོན་ཀྱང་རྒྱ་དམར་གྱིས་མནར་གཅོད་ག་ཚད་གཏོང་ནའང་ཞུམ་པ་མེད་པའི་གདོང་ལེན་གནང་ཡོད་པ་རེད། ཕྱི་ལོ་ ༡༩༤༩ ལོར་བོད་ཆོས་ལྡན་གྱི་ཞིང་ཁམས་སུ་རྒྱ་དམར་གུང་ཁྲན་ཏང་བཙན་འཛུལ་བྱེད་སྐབས་དེར་ངོ་རྒོལ་གནང་མཁན་ཐོག་མའི་གྲས་ཤིག་ཀྱང་ཡིན་པའི་དབང་གིས་རྒྱ་དམར་གྱིས་བཙོན་ཁང་དུ་བཅུག་པ་དང་། མི་ལོ་ཉེར་བདུན་རྒྱ་དམར་གྱིས་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱངས་དགོས་བྱུང་ཡོད། རྒྱ་དམར་བཙོན་ཁང་ནས་བཙོན་གྲོལ་ཐུབ་པ་དང་འབྲེལ་རེ་བ་དང་དམིགས་ཡུལ་རླབས་ཆེན་ཞིག་བཟུང་ནས་ཕྱི་ལོ་ ༡༩༨༧ བལ་ཡུལ་བརྒྱུད་དེ་བཙན་བྱོལ་དུ་སྐྱབས་བཅོལ་དུ་འབྱོར་ཡོད་། བཙན་བྱོལ་དུ་སླེབས་པ་དང་བསྟུན་ནས་གཞིས་ལུས་བོད་མི་ཆབ་སྲིད་བཙོན་པ་རྣམས་རྒྱ་དམར་གྱིས་བཙོན་ཁང་དུ་དཀའ་སྡུག་གང་འདྲ་ཞིག་མྱངས་ཀྱི་ཡོད་མེད་འཛམ་གླིང་གདེང་ཆའི་སྟེང་དུ་བསྐྱལ་ཞིང་བོད་ནང་གི་དངོས་ཡོད་དཀའ་ངལ་དེ་དག་འཛམ་གླིང་མི་དམངས་ཀྱི་ཤེས་རྟོགས་ཐུབ་པ་ལ་འགྲུབ་འབྲས་རླབས་ཆེན་ཐོན་ཡོད་པ་རེད། ལོ་ཚོད་མཐོ་པོ་སླེབས་ནའང་ད་དུང་སེམས་ཤུགས་ཞུམ་མེད་ཀྱི་བོད་དོན་གླེང་བ་སོགས་མྱངས་ཡོད་ཅིང་། དཔའ་མོ་ཁོང་ད་རེས་སྐུ་གྲོངས་པ་དེ་ཡང་ཧ་ཅང་གི་བློ་ཕམ་ཚད་མེད་བྱུངཞིང་། དཔའ་མོ་ཁོང་གི་མི་ལོ་དེ་དག་རིང་དུ་བོད་མི་རིགས་ཀྱི་བདེན་ཁོ་ནའི་ཆེད་དུ་སྐུ་ཚེ་མ་རྫོགས་བར་དུ་བོད་མི་རིགས་བདེན་རྩོད་གནང་ཡོད་པས། བོད་རིགས་ཀྱི་དཔའ་མོ་ཁོང་ལ་སྙིང་དབུས་ནས་རྗེས་དྲན་ཞུ་དགོས་པ་དང་ཞུ་བར་འདོད།

དེ་ཡང་རྒྱ་དམར་བོད་ས་བཙན་འཛུལ་བྱས་ཏེ་བོད་མི་རིགས་ཀྱི་སྲོག་ལས་གཅེས་པའི་ཆོས་དང་རིག་གཞུང་དང་མི་རིགས་དང་བཅས་པ་མེད་པ་བཟོ་རྒྱུའི་དམིགས་ཡུལ་ཐབས་སྡུག་བཟུང་ནས་བོད་མི་ལྷག་བསམ་ཅན་དང་། ཤེས་ཡོན་པ་རྣམས་ལ་ཉེས་མིང་སྣ་ཚོགས་ཤིག་བཏགས་ནས་བཙོན་ཁང་དུ་བཅུག་ནས་བསམ་ཡུལ་འདས་པའི་སྡུག་སྦྱོང་མནར་གཅོད་ཚད་ལས་འདས་པ་བཏང་ཡོད། རྒྱ་དམར་གྱིས་ཁ་ནས་རོགས་རམ་བྱེད་དུ་ཡོང་བ་ལས་གཞན་པ་དམིགས་ཡུལ་མེད་ཚུལ་བརྗོད་ཡོད་རུང་། དོན་དངོས་ཐོག་ཏུ་ཁོག་ཏུ་གཡོ་སྒྱུས་ཁེངས་པའི་རྒྱ་དམར་གྱིས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་ངན་སེམས་བཅངས་ནས་ལས་འགུལ་རབ་དང་རིམ་པ་སྤེལ་ནས་མི་ཡུལ་མྱ་བ་འཕོས་པ་ལྟ་བུ་བོད་མི་རྣམས་ལ་དཀའ་སྡུག་ཚད་མེད་མྱངས་དགོས་བྱུང་ཡོད། གཞིས་ལུས་བོད་མི་རྣམས་ལ་དཀའ་སྡུག་ག་ཚད་མྱངས་ནའང་ཞུམ་པ་མེད་པའི་སེམས་ཤུགས་དང་། འཇིགས་པ་མེད་པའི་སྤོབས་པ་ངང་ནས་ཆོས་སེམས་བརྟན་པོས་མི་རིགས་ཀྱི་འཐབ་རྩོད་མུ་མཐུད་གནང་བ་དྲིན་ལས་དེང་སྐབས་བོད་ཀྱི་གནས་སྟངས་འདི་ཉིད་འཛམ་གླིང་དུ་མ་ཡལ་བ་གསོན་པོར་གནས་ཐུབ་པ་བྱུང་ཡོད། རྒྱ་དམར་གྱིས་གཡོ་གར་སྣ་ཚོགས་ཤིག་ཁྲབ་ནས་བོད་མི་རྣམས་བློ་འགུག་ཐབས་ཀྱི་ཐབས་ཤེས་རབ་དང་རིམ་པ་མང་པོ་བྱས་ཡོད་རུང་དོན་འབྲས་གསོན་མེད་ཅིང་། བོད་སྡོད་རྒྱ་དཔོན་ཚོས་བོད་ཞི་བའི་བཅིངས་གྲོལ་བཏང་ནས་བོད་མི་རྣམས་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོད་ཚུལ་གྱིས་འུར་སྒྲོག་བྱས་ཡོད་མོད། དོན་དངོས་ཐོག་ཕྱི་ལོ་ ༡༩༨༠  ལོར་སྐུ་ཚབ་ཚོགས་ཆུང་བོད་དུ་སླེབས་དུས་རྒྱ་དཔོན་ཚོའི་བསམ་ཡུལ་ལས་ལྡོག་སྟེ་ཚོང་ཉེས་ཤོར་བ་ནང་བཞིན་གྱུར་ནས་ངོ་ཚ་ཁ་སྐྱེངས་སུ་གྱུར་ཡོད་པ་རེད། རྒྱ་དམར་སྲིད་གཞུང་གིས་བོད་མིའི་མགོ་སྐོར་གཏོང་ཐབས་གང་འདྲ་ཞིག་རུང་སེམས་གཏིང་ནས་བོད་མི་རྣམས་བསམ་བློ་བཀུག་ཐུབ་མེད་པ་འཛམ་གླིང་མི་དམངས་རྣམས་ཀྱིས་གསལ་པོ་ཤེས་ནས་གཞིས་ལུས་བོད་མི་རྣམས་ཀྱི་སེམས་ཤུགས་ལ་ཧང་སངས་དགོས་བྱུང་ཡོད་པ་རེད།

རྒྱ་དམར་སྲིད་གཞུང་གིས་དྲག་གནོན་གང་འདྲ་ཞིག་བྱས་རུང་ད་དུང་སེམས་ཤུགས་ཞུམ་པ་མེད་པའི་གཞིས་བཞུགས་བོད་མི་རྣམས་རང་སྲོག་བློས་བཏང་གི་བདེན་དོན་ཆེད་དུ་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་པ་དེ་དག་ལ་རྒྱ་དམར་སྲིད་གཞུང་གིས་ཡ་ང་སྙིང་རྗེ་མེད་པའི་དྲག་གནོན་བྱས་ཡོད་པ་རེད་ལ། རྒྱ་དམར་སྲིད་གཞུང་གིས་བོད་མི་རྣམས་ལ་འདོད་པ་མེད་བཞིན་དུ་བཙན་པོ་དབང་ཡོད་ཀྱི་ཐོག་ནས་སོ་སོའི་རྩ་བའི་བླ་མར་མཚན་དམད་ཞུ་རུ་བཅུག་པ་དང་། རང་དབང་གི་ཆོས་ལུགས་ལ་དད་མོལ་བྱེད་མི་ཆོག་པ་སོགས་ཀྱི་དེ་འདྲའི་ཆབ་སྲིད་གདུག་རྩུབ་ཅན་གྱི་འོག་ཏུ་གཞིས་ལུས་རྒྱ་ཆེ་མང་ཚོགས་རྣམས་ཀྱི་འཚེ་མེད་ཞི་བའི་ཐོག་ནས་སྐུ་ལུས་མཆོད་མེ་སྒྲོན་དགོས་ཐུག་གི་ཡོད་མོད། ད་དུང་རྒྱ་དམར་སྲིད་གཞུང་གིས་ངོ་ཚ་ཁྲེལ་གཞུང་མེད་པའི་ཁོ་ཚོ་རིགས་འཚོ་མ་ཟིན་པ་ཡིན་རབ་དང་། ནང་མི་དཀའ་ངལ་ཡོད་རབ་སོགས་ལོག་བཤད་རྐྱང་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་དེང་སྐབས་འཛམ་གླིང་མི་དམངས་ཀྱིས་རྒྱ་དམར་སྲིད་གཞུང་གིས་ལོག་བཤད་དང་། ཧམ་བཤད་གང་འདྲ་ཞིག་བྱེད་ཀྱི་ཡོད་པ་རྒྱ་ནག་ནས་ཆེད་པའི་ཏོག་དབྱིབས་ནད་གདུག་འདི་ཉིད་ལས་ཤེས་རྟོགས་ཐོབ་པ་བྱུང་ཡོད་ལ། རྒྱ་ནག་དམར་པོའི་སྲིད་གཞུང་ལ་ཡིད་ཆེས་བྱེད་མཁན་ཇེ་ཉུང་དུ་གྱུར་ཡོད་པ་རེད།

ཕྱི་ལོ་ ༡༩༥༩ ནས་ད་ལྟའི་བར་དུ་བོད་མི་རྣམས་ཀྱིས་རྒྱ་ནག་དམར་པོ་སྲིད་གཞུང་གིས་བོད་ཆོས་ལྡན་གྱི་ཞིང་ཁམས་བཙན་པོའི་དབང་ཡོད་ཀྱིས་འཕྲོག་པ་དང་། ཉམས་ཆུང་བོད་མིའི་ཐོག་ཏུ་དེང་རབས་ཀྱི་གོ་མཚོན་སྤྱད་ནས་བོད་མི་དུ་མ་ཞིག་དམར་བསད་བཏང་ཚུལ་སོགས་བཤད་ཡོད་རུང་ཕྱིའི་རྒྱལ་ཁབ་ཚོས་སྐབས་དེ་དུས་དེ་ཙམ་དོ་སྣང་དང་རྒྱབ་སྐྱོར་བྱེེད་མཁན་ཉུང་ཉུང་ཡིན་པ་རེད། དེང་སྐབས་རྒྱ་དམར་གྱི་བྱེད་སྟངས་ཐབས་སྡུག་དེ་དག་དངོས་སུ་གདོང་རས་གསོན་པོ་དེ་མཐོང་ཡོང་དུས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་མི་དགའ་མཁན་དང་། ཡིད་ཆེས་ལྷག་བརླག་མཁན་རྒྱལ་ཁབ་ཇེ་མང་དུ་འགྱུར་བཞིན་ཡོད། རྫུ་ལ་མོ་གཉིས་དེ་ཕུག་ཐག་ཐུང་ཞེས་པ་ལྟར་དེང་སྐབས་རྒྱ་དམར་གྱི་བྱ་སྤྱོད་ལ་ཞན་པ་ལོག་མཁན་ཇེ་གསལ་དུ་འགྱུར་བཞིན་ཡོད།

ད་དུང་རྒྱ་དམར་སྲིད་གཞུང་གི་ངོ་ཚ་ཁྲེལ་གཞུང་མེད་པས་གདོང་འབག་ཐུག་པོ་ཞིག་གྱོན་ནས་བོད་རྒྱ་ཁོངས་ཡིན་ཚུལ་ཁྲམ་བཤད་ཁོ་ན་བྱེད་ཀྱི་ཡོད་རུང་། ད་ལོ་རྒྱ་དམར་སྲིད་གཞུང་ཟེར་བ་དེ་ག་འདྲ་ཞིག་ཡིན་མིན་གསལ་པོ་འཛམ་གླིང་མི་དམངས་རྣམས་ཀྱི་ཤེས་རྟོག་གསལ་པོ་ཆགས་ཡོད་པ་རེད། རྒྱུ་མཚན་དེ་དག་བརྟེན་ང་ཚོའི་ངེས་པར་གོ་སྐབས་རྩ་ཆེན་དེ་དག་དམ་འཛིན་གནང་ནས་རྒྱ་དམར་བོད་ལ་གང་འདྲ་བྱས་ནས་བཙན་འཛུལ་བྱས་ཚུལ་རྣམས་གལ་པོ་ཆེ་ལ་ནན་ཏན་ཞེས་པ་ལྟར་ཡང་ཡང་བཤད་དགོས་པ་རེད། ནང་ཁུལ་ལ་ང་དང་ཁྱོད་ཅེས་བརྩོད་བསྡད་ན་བོད་མིའི་ནང་ཁུལ་ཆབ་སྲིད་ཀྱི་རྩ་དོན་ལ་གནོད་པ་ལས་ཕན་ཐོགས་གང་ཡང་མེད་པ་རེད།

ལྷག་དོན་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་སྐུ་སྲོག་ཤོར་བ་དེ་དག་ལ་ང་ཚོས་སྤྱི་སྒེར་ཚང་མས་ངེས་པར་དྲན་གསོ་ཡང་ཡང་གནང་དགོས་པ་ཞིག་ལས་གོ་མེད་ཚོར་མེད་བཞག་ན་ག་ལ་འགྲིགས་ཐབས་གཏན་ནས་མེད་པ་རེད་སྙམ། ང་ཚོར་བདེན་པ་ཡོད་ཅིང་། བདེན་པ་དེ་དག་འཛམ་གླིང་གི་གདེང་ཆའི་ཐོག་ཏུ་སྤུངས་ཐུབ་ཐབས་ལ་འབད་བརྩོན་གནང་དགོས་པ་རེད། ངས་དེ་དག་བརྗོད་དུས་འགའ་ཤས་ཀྱིས་དེ་འདྲ་གནང་འདུག་གོ་སྲིད། ངས་དེ་འདྲའི་གནང་གི་འདུག་བརྗོད་ཀྱི་མེད། འོན་ཀྱང་མ་འོངས་པར་བོད་མི་འགོ་མགོ་ཚང་མས་སེམས་ནང་བཞག་ནས་དྲན་གསོ་གནང་དགོས་ཚུལ་དུ་ལབ་པ་ཙམ་ལས་གཞན་པ་དམིགས་ཡུལ་གཉིས་པ་ཞིག་གང་ཡང་མེད།  ལྷག་དོན་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བ་དང་། ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་སྐུ་ཚེ་ཡུན་རིང་དུ་བརྟན་ཞིང་། ཐུགས་ཀྱིས་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་འགྲུབ་ཡོང་བའི་སྨོན་འདུན་དང་བཅས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese