མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་འཛིན་ཇཱོ་དཔལ་ལྡན་དང་ཁྲོན་ཕུ་གཉིས་ལས་བོད་ཀྱི་གནས་སྟངས་ལ་བལྟ་བ།

བོད་ཀྱི་དུས་བབ།
༢༠༢༠/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

   ལ་མོ་ཚུལ་ཁྲིམས།

ཨ་མེ་རི་ཀའི་སྲིད་འཛིན་གསར་བ་སུ་ཡིན་ཕལ་ཆེར་གཏན་འཁེལ་ཡོད། ཁོང་ནི་ཇཱོ་དཔལ་ལྡན་རེད། ཁོང་ལ་མང་མོས་འོས་ཤོག་གི་རྒྱལ་ཁ་ཐོབ་ཡོད། ཐོབ་ས་ནས་ཐོབ། རྒྱལ་ས་རྒྱལ་བ་རེད། ཡིན་ན་ཡང་། ཨ་རི་སྤྱིའི་འགྲོ་ལུགས་ལྟར་འོས་ཤོག་གི་མཐའ་མའི་རྩིས་སྤྲོད་རྩིས་ལེན་དེ་ཟླ་རྗེས་མའི་ཚེས ༨ ཉིན་ལ་མ་གཏོགས་མི་བྱེད་པ་ཡིན། དུས་ཡུན་དེའི་རིང་ལ་འོས་ཤོག་གི་རྩོད་གླེང་གང་འདྲ་ཞིག་ཡོད་ཀྱང་གླེང་སློང་བྱས་ཆོག་པ་ཞིག་ཡིན།

སྲིད་འཛིན་ཁྲོན་གྱིས་གོ་སྐབས་འདི་དམ་འཛིན་བྱས་ཏེ། འོས་ཤོག་རྫུན་བཟོ་བྱས་ཡོད་ལུགས་ཀྱི་ཁྲིམས་གཏུག་བྱེད་བཞིན་ཡོད།སྐབས་འདིར། ཨ་རིར་ཡོད་པའི་བོད་པ་ཚོས་འོས་མི་འདི་གཉིས་ལས་སུ་ཞིག་བོད་ལ་བཟང་མིན་གྱིས་སྐད་ཆ་བཤད་བཞིན་ཡོད། བདག་གིས་བལྟས་ན། སྲིད་འཛིན་འོས་མི་འདི་གཉིས་དང་བོད་པའི་གནས་སྟངས་ལ་ཕྱོགས་ཁ་ཤས་ཤིག་ནས་བལྟ་དགོས་བསམ། དེ་ཡང་ཁོང་རྣམ་གཉིས་ཀྱི་མི་གཤིས་དང་། ཁོང་གཉིས་ཀྱི་རྒྱབ་ལོགས་ཀྱི་ཆབ་སྲིད་ཚོགས་པའི་ལྟ་གྲུབ། བོད་དང་ཨ་རིའི་ཆབ་སྲིད་ཀྱི་དགོས་མཁོ། ༧གོང་ས་མཆོག་གི་དགོངས་དོན་བཅས་གཞི་རྩར་བཞག་ནས་བལྟ་དགོས་བསམ། གནས་སྟངས་འདི་དག་ལ་ཞིབ་བསྡུར་གྱིས་བསམ་བློ་བཏང་ན། གཞི་ནས་འོས་མི་སུ་ཞིག་བོད་པ་ལ་བཟང་མིན་ཅུང་ཟད་ཤེས་རྟོགས་ཐུབ་པ་ཡིན།

ཁོང་རྣམ་གཉིས་ཀྱི་མི་གཤིས། 

ཁོང་གཉིས་ཀ་ལ་མཚོན་ན་ཡེ་ཤུའི་ཆོས་ལུགས་ལ་དད་པ་བྱེད་མཁན་དང་། ཡུ་རོབ་མི་རྒྱུད་དཀར་པོའི་རྒྱུད་པ་ཡིན་པའི་རྒད་པོ་གཉིས་ཡིན། ཁྲོན་ཕུ་དགུང་ལོ ༧༤ དང་། ཇཱོ་དཔལ་ལྡན་དགུང་ལོ ༧༨ རེད། སྐུ་ཞབས་ཁྲོན་ལ་མཚོན་ན། ཨ་རིའི་སྲིད་འཛིན་ཕྱུག་ཤོས་དེ་ཡིན། ཁོང་འབྱོར་ལྡན་གྱི་ཁྱིམ་ཚང་ཞིག་ནས་སྐྱེས་ཤིང་། ཕ་མའི་རྒྱུ་ནོར་ལོངས་སུ་སྤྱད་དེ་རྒྱས་སྤྲོས་ཀྱི་འཚོ་བར་རོལ་བཞིན་ཡོད། ཁྲོན་གྱིས་དེ་སྔ་དཔལ་འབྱོར་རིག་པར་སློབ་སྦྱོང་གནང་མྱོང་ཡོད་པ་དང་། ཨ་རིའི་སྲིད་འཛིན་མ་གནང་གོང་ལ་ཁོང་གིས་ཁང་སའི་ཚོང་ལས་དང་། བརྙན་འཕྲིན་ཆེད་སྒྲིག་ལས་ཚན་ཞིག་གཉེར་བཞིན་ཡོད་པ་ལས་སྲིད་གཞུང་གི་ལས་ཁུངས་ནང་བྱ་བ་སྒྲུབ་མྱོང་མེད། སྲིད་འཛིན་ལོ་བཞི་ལ་འཁུར་བ་དེ་ཁོང་གིས་སྲིད་གཞུང་ནང་ལས་ཀ་བྱས་པ་ཐོག་མ་རེད།

བཤད་ཚུལ་ལ། ཁོང་ནི་ཁ་ཆེའི་རིགས་ལ་མི་དགའ་ཞིང་། སྲིད་འཛིན་ལ་བསྡད་མ་ཐག་ཁ་ཆེའི་རྒྱལ་ཁབ་༡༡ནས་ཡིན་པའི་མི་མང་རྣམས་ཨ་རིའི་ནང་ཡོང་མི་ཆོག་པ་བཟོས། དེ་བཞིན་དུ་ཁོང་ཁོར་ཡུག་སྲུང་སྐྱོབ་ལའང་མི་དགའ། ལོ་ཁ་ཤས་ཀྱི་སྔུན་ལ་ཁོང་གིས་ཁོར་ཡུག་སྲུང་སྐྱོབ་ནི་ཐལ་དྲགས་པའི་ཀུ་རེ་ཞིག་རེད་ཅེས་ཀྱང་བཤད་མྱོང་། དེ་བཞིན་དུ་ཁོང་མི་རིགས་ནག་པོ་དང་ཕྱི་མི་ལ་མི་དགའ་མཁན་ཞིག་ཡིན་པར་ཀུན་གྱིས་གླེང་། ཁྲོན་སྲིད་འཛིན་ལ་བསྡད་རྗེས་ཨ་རིའི་མི་རིགས་དཀར་པོ་ཁག་གཅིག་གི་མ་རབས་ཀྱི་སྤྱོད་པ་ལྷང་ལ་བུད། མི་རིགས་དབྱེ་འབྱེད་ཀྱི་སེར་ག་ཆེ་རུ་གས་བ་གསལ་བོ་ཆགས། དེ་བཞིན་ཏུ། ཁྲོན་གྱིས་བུད་མེད་ལ་སྐྱེས་རྒྱུན་གཅོད་པའི་དབང་ཆ་མེད་པར་བཤད་བཞིན་ཡོད།

རྒྱ་ནག་དང་མཉམ་དུ་ཐོག་མར་འབྲེལ་ལམ་བཟང་མོད། ཚོང་འབྲེལ་གྱི་རྙོག་དྲ་དང་ནད་ཡམས་ཀྱི་རྐྱེན་པས་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་ཕྱིན་ཡོད། ཁྲོན་ནི་མི་ལ་ཡ་ལན་འཛུགས་རྒྱུར་ཐེ་ཚོམ་མེད་པ་ཞིག་ཡིན། དེ་བས་ཁོང་ལ་མི་དགའ་མཁན་ཡང་མང་པོ་ཡོད། ཁོང་གིས་ཨ་མེ་རི་ཀ་སྔར་ལས་ཀྱང་ཇེ་ལེགས་སུ་གཏོང་རྒྱུ་དང་། རྒྱལ་མཚམས་ཀྱི་གྱང་རྭ་སྐོར་རྒྱུ། ཨ་མེ་རི་ཀ་ཨང་དང་པོར་འཇོག་རྒྱུ་སོགས་ནི་འབོད་ཚིག་དྲག་ཤོས་ཁག་ཡིན།

ཇཱོ་དཔལ་ལྡན་ལ་མཚོན་ན་ཁྱིམ་ཚང་དཀྱུས་མ་ཞིག་གི་ཁྱིམ་ནས་འཚར་ལོངས་བྱུང་། སྐུ་ཞབས་ཇཱོ་ནི་ཁྲིམས་ལུགས་སློབ་སྦྱོང་ཡོད་མཁན་ཞིག་དང་ཁྲིམས་རྩོད་པ་ཞིག་ཡིན། ཁོང་གིས་ལོ་ངོ་སུམ་ཅུའི་རིང་ལ་ཨ་རི་གྲོས་ཚོགས་ཀྱི་ཚོགས་མི་བྱས་མྱོང་ཡོད་པ་དང་། ལོ་ངོ་བརྒྱད་རིང་ཨ་རིའི་སྲིད་འཛིན་གཞོན་པའི་ལས་འགན་འཁུར་མྱོང་ཡོད། ཁོང་གི་མི་ཚེ་ཧྲིལ་བོ་དེ་ཧ་ལམ་ཨ་རིའི་སྲིད་དོན་གྱི་ནང་ནས་བསྐྱལ་ཡོད།

ཇཱོ་ལ་མི་ཡག་པོ་ཞེས་པའི་འབོད་སྲོལ་ཡང་ཡོད། ཁོང་གིས་སུ་ལའང་མཐུན་པོ་བྱེད། རྒྱལ་མཚམས་སུ་གྱང་རྭ་སྐོར་རྒྱུ་མི་བཤད་པར་གཞིས་ཆགས་ནང་འདྲེན་གྱི་ཁྲིམས་སྲོལ་བཏོད་ཡོད། ཨ་མེ་རི་ཀ་གཅིག་པོ་ཨང་དང་པོར་མི་འཇོག་པར་འཛམ་གླིང་ཡོངས་རྫོགས་མཉམ་འབྲེལ་བྱེད་དགོས་པའི་འདུན་པ་ཡོད་མཁན་ཞིག་ཡིན། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་ལ་དོ་སྣང་ཆེན་པོ་བྱེད་པ་དང་། གནད་དོན་དེ་གཙོར་བཟུང་ཐོག་རྒྱ་ནག་ལ་སྐྱོན་ཞིབ་བྱེད། སྐྱེས་རྒྱུན་གཅོད་པའི་སྐོར་ལ་ཇཱོ་ཡིས་བུད་མེད་ལ་དབང་ཆ་ཡོད་པས་སྐྱེས་རྒྱུན་གཅོད་པར་མོས་མཐུན་ཡོད། ཁོང་གི་འབོད་ཚིག་ནི། ང་ཚོས་མཉམ་དུ་ཁྲོན་ཐེངས་གཅིག་ལ་མ་གཏོགས་བསྡད་མ་ཐུབ་པ་བཟོ་དགོས། མི་རིགས་ཤིག་གི་བླ་སྲོག་གི་ཆེད་དུ་འཐབ་འཛིང་བྱེད། ཅེས་པ་སོགས་ཡིན། དེ་བཞིན་དུ་ཨ་རིའི་ཚོང་ལས་ཕྱིར་འདྲེན་དང་ནང་འདྲེན་ལ་ཤུགས་སྣོན་བརྒྱབ་ཏེ་ཨ་རིའི་མི་དམངས་ཀྱི་ལས་ཀ་བཀོད་སྒྲིག་བྱེད་རྒྱུ་ནི་ཁོང་གཉིས་ཀའི་ཐུན་མོང་གི་འདོད་ཚུལ་ཡིན།

ཁོང་གཉིས་ཀྱི་རྒྱབ་ལོགས་ཀྱི་ཆབ་སྲིད་ཚོགས་པ།

དུས་རབས་བཅོ་བརྒྱད་པ་ནས་བཟུང་ཨ་རི་ལ་ཆབ་སྲིད་ཀྱི་ཚོགས་པ་འཛུགས་པའི་རྨང་གཞི་བཏིང་། ཨ་རི་ལ་ཆབ་སྲིད་ཀྱི་ཚོགས་པ་ཁ་ཤས་ཡོད་མོད་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ནི། ཨ་རིའི་ནང་གི་ཆབ་སྲིད་ཚོགས་པ་ཆེས་ཤོས་གཉིས་ཡིན། ཆབ་སྲིད་ཚོགས་པ་འདི་གཉིས་ལ་ཨ་རིའི་རྩ་ཁྲིམས་ནང་དམིགས་བསལ་གྱི་མཛུབ་སྟོན་གང་ཡང་མེད་ཀྱང་། ཚོགས་པ་རང་རང་གི་ཁྲིམས་ལུགས་གཏན་འབེབ་ཁ་གསལ་བཟོས་ཡོད།

དམངས་གཙོ་ཚོགས་པ་ནི་གཡོན་གྱི་ཆབ་སྲིད་ཀྱི་ལྟ་བ་འཛིན་མཁན་རྐྱང་བ་ཡིན། དམངས་གཙོ་ཚོགས་པས་ཨ་རིའི་དེ་སྔ་གཏན་ལ་ཕབས་པའི་སྤྱི་ཚོགས་ལམ་ལུགས་གཞིར་བཟུང་སྟེ། མི་སྒེར་དང་སྤྱི་བའི་བར་གྱི་འགལ་བ་བཏང་སྙོམས་སུ་གཏོང་རྒྱུ་དང་། ཕྱུག་པོ་དང་མེད་པོའི་བར་གྱི་འབྲེལ་བ་ཐག་ཇེ་ཉེ་རུ་བཏང་སྟེ། ཚང་མར་འདྲ་མཉམ་གྱི་ཐོབ་ཐང་ཡོང་པར་འབད་བརྩོན་བྱེད། དེ་བཞིན་དུ་མང་ཚོགས་ལ་རོགས་རམ་བྱེད་རྒྱུ་ནི་སྤྱི་ཚོགས་ཤིག་དང་རྒྱལ་ཁབ་ཅིག་གིས་སྒྲུབ་དགོས་བའི་ལས་འགན་ཡིན་པར་བཤད། ཨ་མེ་རི་ཀའི་ས་ཁྱོན་གྱི་མཐའ་གཉིས་སྟེ། ནུབ་ཕྱོགས་ཀྱི་རྒྱ་མཚོ་དང་ཤར་ཕྱོགས་ཀྱི་རྒྱ་མཚོའི་འགྲམ་གཉིས་ན་དམངས་གཙོ་ཚོགས་པའི་མི་སྣ་རྣམས་འདུས་སྡོད་བྱས་ཡོད། ཁོང་ཚོའི་མཚོན་རྟགས་བོང་བུ་ཞིག་དང་། ཁ་དོག་སྔོན་པོ་རེད། ཇོ་དཔལ་ལྡན་ལགས་ནི་ཚོགས་པ་འདིས་རྒྱབ་སྐྱོར་ཐོབ་པའི་སྲིད་འཛིན་གྱི་འོས་མི་ཡིན།

སྤྱི་མཐུན་ཚོགས་པ་ལ་མཚོན་ན།

སྤྱི་མཐུན་ཚོགས་པ་ནི་གཡས་ཀྱི་ཆབ་སྲིད་ཀྱི་ལྟ་བ་ཡོད་མཁན་ཤ་སྟག་ཡིན། ཁོང་ཚོས་ཡེ་ཤུའི་ཆོས་ལུགས་ཀྱི་རིན་ཐང་གཙོ་བོར་འཇོག ཚོང་འབྲེལ་དང་རྒྱལ་སྲུང་ལ་དོ་འཁུར་ཆེར་བྱེད་པ་དང་། ནུབ་བྱང་གི་ལེགས་བྱང་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་དམར་པོའི་ལྟ་བ་དང་། སྤྱི་ཚོགས་རིང་ལུགས་ལ་ཆེས་ཆེར་སྡང་བ་ཡིན། ཁོང་ཚོ་ཨ་རིའི་ས་ཁྱོན་གྱི་དཀྱིལ་ན་ཡོད་པ་དང་། ཚོགས་པའི་མཚོན་རྟགས་གླང་ཆེན་དང་། ཚོན་མདོག་དམར་པོ་ཡིན། སྲིད་འཛིན་ཁྲོན་ནི་ཚོགས་པ་འདིས་རྒྱབ་སྐྱོར་ཐོབ་པའི་སྲིད་འཛིན་གྱི་འོས་མི་ཡིན། སྲིད་འཛིན་ཁྲོན་གྱིས་སྐྱེས་རྒྱུན་གཅོད་པར་བཀག་འགོག་བྱེད་པ་ཡང་། ཡེ་ཤུའི་ཆོས་ལུགས་དང་ཚོགས་པའི་ལངས་ཕྱོགས་ཤིག་གི་ཆ་ནས་དེ་ལྟར་བྱེད་བཞིན་ཡོད།

བོད་དང་ཨ་རིའི་ཆབ་སྲིད་ཀྱི་དགོས་མཁོ།

སྤྱིར་བོད་ཀྱི་གནད་དོན་ལ་མཚོན་ན་ཨ་རིའི་གཞུང་གི་ཕྱི་འབྲེལ་དང་འབྲེལ་བ་ཆགས་ཡོད་ལ། དེའི་ནང་ནས་ཀྱང་། འགྲོ་བ་མིའི་རང་དབང་དང་། ཁོར་ཡུག་སྲུང་སྐྱོབ། ཆོས་ལུགས་དད་མོས་རང་དབང་སོགས་དང་འབྲེལ་བ་ཆགས་ཡོད། ཨ་རིའི་སྲིད་དོན་པ་ཚོས་ཕྱི་འབྲེལ་གྱི་གནས་བབ་ཡར་རྒྱས་དང་། ཆོས་ལུགས། འགྲོ་བ་མིའི་རང་དབང་སྲུང་སྐྱོབ་བྱས་ཏེ། ཆབ་སྲིད་ཀྱི་སྡིངས་ཆ་ལས་རང་གི་ངོ་སོ་ཞིག་ལེན་བསམ་ན། བོད་ཀྱི་གནད་དོན་ནི་ཁོང་ཚོའི་ལས་དོན་བྱེད་ཡུལ་གྱི་གོ་སྐབས་ཡག་ཤོས་དེ་ཆགས་ཡོད། རྒྱུ་མཚན་ནི་བོད་ཀྱི་གནད་དོན་དེ་དངོས་ཡོད་དང་། དྲང་བདེན། མངོན་སུམ་དོད་པོ་བཅས་ཡིན་པའི་རྐྱེན་གྱིས་ཡིན། དེ་བཞིན་དུ་བོད་ཀྱི་གནད་དོན་ཡར་རྒྱས་སུ་གཏོང་དགོས་ན་རྒྱ་ནག་དང་ཐད་ཀར་འབྲེལ་བ་ཆགས་ཡོད་ཙང་། ཨ་རིའི་གཞུང་ནས་རྒྱ་ནག་ལ་དཀའ་ངལ་སྣོན་མ་ཞིག་ཡོང་གིན་ཡོད་པ་འདི། སྐབས་སྐབས་སུ་བོད་ཀྱི་གནད་དོན་དང་འབྲེལ་ནས་ཡོང་གི་ཡོད་པ་གསལ་བོ་ཡིན། ཡང་གཅིག་བཤད་ན། བོད་ཀྱི་གནད་དོན་འདི་ཨ་རི་རྒྱལ་ཡོངས་ཀྱི་ཕྱི་འབྲེལ་གྱི་གནད་དོན་ཞིག་དང་། ཡང་ན་ཆབ་སྲིད་ཚོགས་པ་ཐུན་མོང་གི་ལྟ་གྲུབ་ཞིག་དང་འབྲེལ་བ་ཆགས་བཞིན་ཡོད་པ་ལས། བྱེ་བྲག་གི་ཆབ་སྲིད་ཚོགས་པ་ཞིག་དང་སྲིད་འཛིན་འོས་མི་སྒེར་བའི་ལས་དོན་བྱེད་ཕྱོགས་ཤིག་དང་འབྲེལ་བ་དེ་ཙམ་ཆགས་བཞིན་ཡོད་པར་མི་སྣང་། དེ་བཞིན་དུ་ད་ལྟའི་བར་བོད་ཀྱི་གནད་དོན་ཐད་བཞག་པའི་ཨ་རིའི་གཞུང་གི་ཁྲིམས་འཆར་དང་། ༧གོང་ས་མཆོག་ལ་མཇལ་འཕྲད་གནང་བའི་ཨ་རིའི་སྲིད་འཛིན་རིམ་བྱུང་ཚང་མ་ཆབ་སྲིད་ཚོགས་པ་འདི་གཉིས་ཀ་ནས་ཡོང་གིན་ཡོད་པ་ཞིག་ཡིན།

༧གོང་ས་མཆོག་གི་དགོངས་དོན།

བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་མཆོག་ཡིན་པ་གང་ཞིག་ལ། བོད་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཀྱང་༧གོང་ས་མཆོག་གི་མཛུབ་སྟོན་ལ་བསྟུན་ནས་བགྲོད་རྒྱུ་ནི་བོད་པ་ཚོའི་བསོད་ནམས་དང་གཟི་བརྗིད་ཡིན། ༧གོང་ས་མཆོག་དང་ཇཱོ་དཔལ་ལྡན་རྣམ་གཉིས་དེ་སྔ་མཇལ་མྱོང་ཡོད་པ་དང་། ཇཱོ་དཔལ་ལྡན་ཨ་རིའི་སྲིད་འཛིན་ལ་མང་མོས་རྒྱལ་ཁ་ཐོབ་མ་ཐག ༧གོང་ས་མཆོག་གིས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད།

སྲིད་འཛིན་ཁྲོན་ལ ༧གོང་ས་མཆོག་གིས་ཐུགས་སྣང་དེ་ལྟར་གནང་མྱོང་མེད་པར་མ་ཟད། ཁྲོན་ནི་ཀུན་སྤྱོད་ཀྱི་རྩ་དོན་མི་འདང་བའི་མི་ཞིག་ཡིན་པར་གསུངས་མྱོང་ཡོད། ལོ་རབས་དགུ་བཅུ་བ་ནས་བཟུང་༧གོང་ས་མཆོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཆིབས་སྒྱུར་བསྐྱངས་ནས། ཨ་རིའི་སྲིད་འཛིན་རིམ་བྱོན་ལ་མཇལ་འཕྲད་གནང་བའི་མཛད་རིམ་ཞིག་ཡོད་མོད། སྲིད་འཛིན་ཁྲོན་ལ་མཇལ་འཕྲལ་གནང་ཡོད་པ་མ་རེད།

མདོར་ན། 

ང་ཚོ་བོད་པའི་གནས་སྟངས་ལ་མཚོན་ན་ཤར་ཕྱོགས་རིག་གཞུང་གིས་གྲུབ་ཅིང་། འདྲ་མཉམ་གྱི་ཐོབ་ཐང་དང་རྒྱལ་ཁབ་ཀྱི་བདག་སྐྱོང་དང་འབྲེལ་བ་ཡོད། དེ་བཞིན་ཏུ་ཨ་རིར་གནས་སྡོད་བྱེད་པའི་བོད་པ་མང་ཆེ་བ་ནི་ཨ་རིའི་མཐའ་གཉིས་སུ་སྡོད་པ་ལས། དཀྱིལ་ན་སྡོད་མཁན་མང་པོ་མེད་ཙང་། ཁོང་ཚོ་ཚང་མ་རང་བཞིན་གྱིས་དམངས་གཙོ་ཚོགས་པའི་ཁོངས་སུ་ཚུད་འགྲོ་བ་ཡིན། ཡིན་ནའང་སྲིད་འཛིན་ཁྲོན་ལ་རྒྱབ་སྐྱོར་བྱེད་མཁན་བོད་པའི་ནང་ནའང་གང་ལ་གང་འཚམ་ཡོད་ཀྱང་། མང་སྣེ་ཉུང་གིས་མ་ལྕོག་པར་འོས་ཤོག་དེ་དམངས་གཙོ་ཚོགས་པའི་འོས་མིས་འཕྲོག་འགྲོ་བ་ཡིན།

ཡང་གཅིག་བཤད་ན། བོད་ཀྱི་གནད་དོན་འདི་ཨ་མེ་རི་ཀའི་ཆབ་སྲིད་ཚོགས་པ་གཉིས་ག་ལ་ཐུན་མོང་ཐོག་འབྲེལ་བ་ཡོད་པ་ཞིག་ཡིན་པ་གསལ་བོ་ཡིན་ཞིང་། ཆབ་སྲིད་ཚོགས་པ་གཉིས་ཀྱི་ལྟ་གྲུབ་དང་། སྲིད་འཛིན་འོས་མི་འདི་གཉིས་ཀའི་མི་གཤིས་བཅས་ལ་བལྟས་ན། དམངས་གཙོ་ཚོགས་པ་དང་། འདེམས་ཐོན་བྱུང་བའི་སྲིད་འཛིན་འོས་མི་ཇཱོ་དཔལ་ལྡན་ནི་ང་ཚོ་བོད་པ་དང་། ཅུང་ཐག་ཉེ་ཞིང་ཁོང་གིས་འགྲོ་བ་མིའི་ཐོབ་ཐང་དང་། ཁོར་ཡུག་སྲུང་སྐྱོབ། འཛམ་གླིང་ཡོངས་རྫོགས་མཉམ་འབྲེལ་བྱེད་རྒྱུའི་འདུན་པ་ཡོད་པ་འདི་དག་ཚང་མ་ང་ཚོ་བོད་པའི་གནས་སྟངས་དང་ཐད་ཀར་འབྲེལ་བ་ཆགས་ཡོད། དེ་བས་ཁོང་ནི་ང་ཚོའི་སྐྱིད་སྡུག་ལ་དོ་འཁུར་བྱེད་མཁན་མི་ཐག་ཉེ་ཤོས་དེ་ཡིན་ཞེས་བཤད་ཆོག

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. དམར་ཁ་ཚ། says:
    ལོ་ 5 སྔོན།

    དུས་བབ་ཚང་གི་གསར་འགྱུར་དུའང་ཇོ་དཔལ་ལྡན་ཟེར་བ་ལྟ་བུ་མ་འོངས་ལོ་རྒྱུ་ཡིག་ཚགས་སུ་འཁྲུལ་གཞི་ཡོང་བའི་མིང་འདི་འདྲ་མ་བཀོལ་ན་བཟང་། དབྱིན་མིང་ཡིན་ན་མིང་དེ་སྒྲ་དང་དག་ཐོབ་རང་སར་འཇོལ་དགོས་པ་རེད། འདི་རིགས་ལ་གསར་ཁང་ཚད་ལྡན་ཚོས་ཧ་ཅང་གཟབ་ཀྱི་ཡོད་ལ། མང་ཚོགས་ཀྱིས་ཀྱང་གསར་ཁང་ཆེ་གྲས་ཚད་འཛིན་བྱེད་དགོས་པས། གཟབ་པར་འཚལ།

    Reply
  2. Sonam Gyaltsen says:
    ལོ་ 5 སྔོན།

    ༼ཨ་རིའི་སྲིད་འཛིན་ཇཱོ་དཔལ་ལྡན་དང་ཁྲོན་ཕུ་གཉིས་ལས་བོད་ཀྱི་གནས་སྟངས་ལ་བལྟ་བ།༽ ཁོང་ཚོ་ཡལ་ག་རེད། རྩ་བ་དུག་རེད། རེ་བ་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese