མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་བྱེད་དགོས་དོན་ཅི།

བོད་ཀྱི་དུས་བབ།
༢༠༢༠/༡༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཀ་ལོ་ཌི། ཨར་པི་(Cloude Arpi)ཡིས་བྲིས།
སྐལ་ལྡན་གྱིས་བསྒྱུར།

ཕྱི་ཟླ་ ༡༡ ཚེས་ ༢༠ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སྤོབས་པ་ཆེན་པོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕོ་བྲང་དཀར་པོར་གདན་ཞུ་བྱས་པའི་སྐོར་ཁྱབ་བསྒྲགས་བྱས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཞིག་ཐེངས་དང་པོར་ཕོ་བྲང་དཀར་པོར་གདན་ཞུ་བྱས་པ་ནི། ལོ་རྒྱུས་རང་བཞིན་ལྡན་པའི་གནད་དོན་ཞིག་ཡིན་ཞེས་བསྒྲགས་ཡོད།

སྲིད་སྐྱོང་བློ་བཟང་སེང་མཆོག་ཉེ་བའི་ཆར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་རོ་བྷ་ཊེ་ཌེ་སེ་ཊོ་རོ(Robet Destro)ལགས་དང་ལྷན་མཇལ་འཕྲད་ཆེད་འགྲོན་འབོད་བྱས་ཡོད། ད་ལྟའི་མཇལ་འཕྲད་གནང་ཡུལ་ནི་ཕོ་བྲང་དཀར་པོ་མ་ཡིན་པར་ཕོ་བྲང་དཀར་པོའི་ཉེ་འཁྲིས་ཀྱི་ཨེ་སན་ཧོ་ཝར་(Eisenhower)གཞུང་དོན་ཁང་ཡིན་པ་རེད།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ད་ཕན་རྒྱལ་ཁབ་གང་གིས་ཀྱང་ངོས་འཛིན་བྱས་མེད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱིས་ཨ་མེ་རི་ཀའི་གཞུང་དོན་ཁང་དུ་དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱི་མི་སྣ་ཆེད་འབོད་མི་བྱེད་ཀྱང་། ད་རེས་མགྲོན་འབོད་བྱས་པ་དེས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་ལུགས་དང་དེའི་ཆབ་སྲིད་ཀྱི་གཙོ་འཛིན་གཉིས་ཀ་ངོས་འཛིན་བྱས་པ་མཚོན་གྱི་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད།

ཨ་རིའི་གཞུང་གིས་དོན་དམ་པར་བོད་མིའི་སྒྲིག་འཛུགས་ངོས་འཛིན་བྱེད་ཀྱི་ཡོད་མེད་དེ་རྩོད་གཞི་ཞིག་ཡིན་རུང་། དུས་ཡུན་རྫོགས་ལ་ཉེ་བའི་ཨ་རིའི་སྲིད་འཛིན་གྱིས་འབྱུང་འགྱུར་གྱི་སྲིད་འཛིན་གསར་པར་འཇུག་སྐྱོང་བྱེད་དགོས་པའི་ལས་གཞི་མང་དག་ཅིག་འཇོག་གི་ཡོད་པ་གསལ་པོ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཨ་རིར་གདན་ཞུ་བྱས་པ་དེས་བོད་དོན་ཐོག་འགྱུར་བ་གང་འདྲ་ཞིག་འགྲོ་མིན་ཕྱིས་སུ་ཤེས་རྟོགས་ཐུབ་པ་ཞིག་རེད། འོན་ཀྱང་རྒྱ་གར་གཞུང་གིས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་མི་སྣར་ཡང་ནས་ཡང་དུ་མཇལ་འཕྲད་གནང་རྒྱུ་ནི་འབྱུང་འགྱུར་བོད་ཀྱི་གནད་དོན་ཐད་དོན་སྙིང་ལྡན་པ་ཡོང་རྒྱུ་རེད། ཕྱི་ཟླ་༧ནང་ཕྱི་སྲིད་དྲུང་ཆེ་ཧར་ཤ་ཝར་དྷན་(Harsh Vardhan Shringla)རྡ་རམ་ས་ལར་ཕེབས་དོན་གསང་རྒྱ་དེ་ཙམ་བྱེད་དོན་གང་ཡིན་ནམ། ས་གནས་ཀྱི་གསར་འགོད་པ་ཚོར་འདྲ་པར་ཡང་ཁྱབ་སྤེལ་བྱེད་དུ་བཅུག་མེད། དོན་མེད་དེ་འདྲ་བྱེད་དགོས་དོན་ཅི་ཡོད།

སྲིད་སྐྱོང་བློ་བཟང་སེང་གེ་ཕོ་བྲང་དཀར་པོར་མ་ཕེབས་གོང་གི་ཉིན་ཤས་སྔོན། ཨ་རིའི་གྲོས་ཚོགས་འོག་མས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་འོག་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ཞི་བདེ་དང་མཆམ་མཐུན་ལ་སྨན་པའི་མཛད་བཟང་ཁག་ལ་གལ་ཆེའི་ངོས་འཛིན་ཞུ་བའི་གྲོས་ཆོད་ཅིག་སྤྱི་མོས་གཏན་འབེབས་བྱས་ཡོད། གྲོས་ཆོད་ནང་༸གོང་ས་མཆོག་དང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མི་ཐུན་མོང་ཐོག་རྒྱལ་སྤྱིའི་དཀའ་རྙོག་ཁག་ཞི་བའི་ལམ་ནས་སེལ་ཐབས་ཐོག་གྲོས་བསྡུར་ཞུ་རྒྱུའི་སྐོར་ཡང་བཀོད་ཡོད།

ཕྱི་ཟླ་༡༡ཚེས་༡༨ཉིན་གྲོས་ཆོད་ཐོག་བགྲོ་གླེང་བྱེད་སྐབས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊེ་ཌེ་ཡོ་འོ་(Ted Yoho)ལགས་ཀྱིས་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་རྡོག་རོལ་དང་། བོད་ཀྱི་ཆོས་དང་རིག་གཞུང་དམར་པོའི་སྲིད་གཞུང་གི་དབང་སྒྲུར་བྱེད་པའི་ཁ་གཏད་དུ་ངོས་འཛིན་བྱེད་པར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད།

ཨ་རིའི་ཁྲིམས་འཆར་འགའ་ཞིག་གིས་རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་བྱེད་པའི་རྐྱེན་ནམ་བརྡ་ལན་ཆགས་དགོས་པ་རེད། དཔེ་མཚོན་ལྟ་བུར་བརྗོད་ན། ཨ་རིའི་གཞུང་གིས་༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཐོག་འཛིན་པའི་སྲིད་བྱུས་ལྟ་བུ་རེད། ༸གོང་ས་སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་དང་བསླབ་སྡོམ་འབུལ་ཕྱོགས་གང་ཅི་༸གོང་ས་སྐུ་ཕྲེང་བཅུ་བཞི་པས་ཡིག་ངག་གང་རུང་གིས་ལམ་སྟོན་ནམ་ཁོང་གི་དགོངས་གཞི་གཙོ་བཟུང་གིས་ངོས་འཛིན་ཐུགས་ཐག་གཅོད་རྒྱུ་དེ་རེད།

ལྡི་ལིའི་སྲིད་གཞུང་གིས་ཡང་སྲིད་ངོས་འཛིན་ཐད་༸གོང་ས་མཆོག་གིས་ཐུགས་ཐག་གང་བཅད་ལ་རྒྱབ་སྐྱོར་ཞུས་ཏེ། སྐུ་ཕྲེང་བཅོ་ལྔ་པ་རྒྱ་གར་གྱི་གལ་ཆེའི་སྐུ་མགྲོན་དུ་གདན་འདྲེན་ཞུ་མི་ཐུབ་པ་གང་ཡོད་དམ། ཨ་མི་རི་ཀ་བཞིན་གནད་དོན་ཞིབ་ཕྲ་འགྲོ་དགོས་དོན་མེད།

བོད་ནང་གི་རང་བྱུང་ཁོར་ཡུག་དང་ཆུ་མཛོད་སྲུང་སྐྱོབ་ཐོག་ཨ་རིས་བོད་ཀྱི་འཁྱགས་རོམ་དང་། ཆུ་མཛོད། རྩ་ཐང་སོགས་ནི་འགྲོ་བ་མི་ཐེར་འབུམ་༡.༨ཙམ་གྱི་ཞིང་ལས་དང་རྩི་ཤིང་སྐྱེ་འཕེལ་སོགས་ཀྱི་ཆུ་བོའི་འབྱུང་ཁུངས་གལ་ཆེར་ངོས་འཛིན་བྱས་ཡོད། ཨ་མི་རི་ཀ་ནི་བོད་ནས་ས་ཐག་རིང་བའི་རྒྱལ་ཁབ་ཅིག་རེད། འོན་ཀྱང་འཛམ་གླིང་གི་སྣེ་མོ་གསུམ་པའི་ཚ་དྲོད་མི་མཉམ་པ་དང་། འཛམ་གླིང་ཡང་རྩེར་གཞི་རྒྱ་ཆེ་བའི་ཆུ་རགས་འཛུགས་སྐྲུན་བྱས་དང་བྱེད་མུས་ཀྱིས་གྱོང་གུན་ཐེབས་ས་རྒྱ་གར་ཆགས་ཡོད། ལྡི་ལི་སྲིད་གཞུང་གིས་གནད་དོན་དེ་དག་ཐོག་མི་སྨྲ་བའི་རྟུལ་ཞུགས་འཛིན་པ་ནི་ཧ་ཅང་ཡ་ང་དགོས་པ་ཞིག་རེད།

ཨ་མི་རི་ཀའི་སྲིད་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་བྱས་པ་དེ་ནི་རྒྱ་གར་ལ་མཚོན་ན་བསམ་གཞིགས་བྱེད་རིན་ཡོད་པ་ཞིག་རེད། གོ་གནས་དེ་བཞིན་མིང་དོན་མཚུངས་པ་ཞིག་ཡོང་བར་འགན་འཛིན་དེར་ཕྱི་སྲིད་ཀྱི་གནད་དོན་ཁོ་ན་མ་ཡིན་པར། བོད་དོན་སྲིད་བྱུས་གསར་པ་དང་འབྲེལ་མཐུད་ཐུབ་ཕྱིར། ནང་སྲིད་དང་། རིག་གཞུང་། བདེ་སྲུང་། ཤེས་ཡོན་སོགས་ཕྱོགས་ཡོངས་ཀྱི་ནུས་པ་ལྡན་པ་ཞིག་དགོས་པ་རེད།

ཨ་རིའི་ཁྲིམས་འཆར་(section 618)ནང་ཨ་མི་རི་ཀའི་མི་སེར་བོད་ནང་འགྲོ་འོང་དང་། བོད་ནང་གི་ཆབ་དཔལ་རིག་གསུམ་འཕོ་འགྱུར་ཞིབ་བཤེར་ཆེད་དུ་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་དོན་གཅོད་གསར་འཛུགས་དགོས་འདུན་བཀོད་ཡོད། རྒྱ་གར་ལ་ཡང་དེ་ལྟ་བུའི་ཁྲིམས་འཆར་དགོས་རྒྱུ་ཧ་ཅང་གལ་ཆེ་ཆགས་ཡོད།

ཕྱི་ལོ་༡༩༤༧རྒྱ་གར་གཞུང་གིས་ཨིན་ཇིའི་སྲིད་གཞུང་ནས་བརྒྱུད་པའི་ལྷ་སའི་གཞུང་ཚབ་ཤུལ་འཛིན་བྱས་ཏེ། སྐུ་ཞབས་ཧག་རི་ཅ་ཌེ་སན་(Hugh Richardson)རྒྱ་གར་གྱི་གཞུང་ཚབ་དང་པོར་བསྐོ་བཞག་བྱས་པ་རེད། འོན་ཀྱང་ཕྱི་ལོ་༡༩༥༠ལོའི་ཕྱི་ཟླ་༨ཁོང་གི་ཚབ་ཏུ་ཆེས་མཐོའི་དཔོན་རིགས་ན་གཞོན་རྒྱ་མིའི་སྐད་ཤེས་མཁན་སྐུ་ཞབས་སུ་མུལ་སིང་ཧཱ་(IFS officer Sumul Sinha)བསྐོ་བཞག་བྱས་ཡོད། ཐབས་སྐྱོ་བ་ཞིག་ལ་སྲིད་བློན་མཆོག་གིས་ཕྱི་ལོ་༡༩༥༢ལོར་གཞུང་ཚབ་ཀྱི་གནས་རིམ་བཅག་སྟེ་ཕྱི་ལོ་༡༩༦༢ལོའི་ཟླ་༡༢བར་ལས་གནས་མ་ཐུབ་པ་རེད། དེ་རྗེས་ལྡི་ལི་སྲིད་གཞུང་གིས་རྒྱུ་རྐྱེན་གང་ལ་བརྟེན་ནས་གཞུང་ཚབ་སྒོ་བརྒྱབ་པ་གསལ་པོ་མི་འདུག ངས་ལོ་ཤས་རིང་རྒྱུ་རྐྱེན་འཚོལ་སྒྲུབ་བྱས་ཀྱང་ད་བར་ལན་ཞིག་རྙེད་མ་བྱུང་། གཅིག་བྱས་ན་གླེན་རྟགས་དང་ཡང་ན་སྐྲག་སྣང་གིས་དེ་ལྟར་བྱེད་དགོས་བྱུང་བ་འདྲ།

རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་རྒྱ་དཀར་ནག་གཉིས་ཀྱི་དམག་འཁྲུག་མ་བྱུང་གོང་གི་ལོ་གཉིས་རིང་གི་གལ་ཆེའི་གནད་དོན་མི་མང་ལ་གསང་རྒྱ་བྱས་པ་དེས། ཕྱི་ལོ་༡༩༦༢ལོའི་ཟླ་༡༠གོང་གི་ཟླ་ཤས་རིང་དོན་དངོས་གནས་ཚུལ་གང་ཞིག་བྱུང་བ་ཤེས་རྟོགས་ཐུབ་ཐབས་མེད་པ་རེད། དཔེར་ན། ལྷ་སའི་རྒྱ་གར་དོན་གཅོད་དོན་དངོས་ས་མཚམས་དམག་འཁྲུག་གི་སྔ་ཕྱིར་ཁྱོན་ཟླ་བ་༡༣ཙམ་བཀག་ཉར་བྱས་པ་རྒྱ་གར་ནང་ཤེས་མཁན་མེད་པ་རེད།

གནད་དོན་དེར་རྒྱ་གར་གཞུང་གིས་རྒྱ་མིར་འཁོན་ལན་སློག་རྒྱུ་ཕར་བཞག་ཞུ་གཏུགས་ཙམ་ཞིག་ཀྱང་བྱས་མེད་པ་རེད། དཔེ་མཚོན་གཞན་ཞིག་ནི་རྒྱ་གར་གྱི་གཞུང་ཚབ་མི་སྣ་མཐའ་མ་ལྷ་སར་སྡོད་པའི་དུས་ཡུན་རིང་ཕོ་བྲང་པོ་ཏ་ལར་མཇལ་ཁར་བཅར་ཐུབ་མེད་པ་རེད། སྐུ་ཞབས་བྷ་ནར་ཇི(Dr. PK Banerjee)ཡིས་དེའི་རྒྱུ་རྐྱེན་ནི་ཀ་ལི་ཀ་ཏ་དང་བྷོམ་བྷེ་རྒྱ་ནག་གཞུང་ཚབ་ཀྱིས་སུན་གཙེར་བཟོས་པའི་རྐྱེན་གྱིས་ཡིན་ཚུལ་བརྗོད་འདུག འོན་ཀྱང་དེ་རྒྱུ་མཚན་ཡང་དག་གཅིག་ག་ལ་ཡིན།

ལྷ་སར་རྒྱ་གར་གྱི་གཞུང་ཚབ་མུ་མཐུད་གནས་ཡོད་པའི་དབང་དུ་བཏང་ན། རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་རྒྱ་གར་གྱི་དམག་མི་༤༠༠༠རང་ཡུལ་དུ་ཕྱིར་སློག་བྱེད་པར་སྐུལ་འདེད་བྱེད་ཐུབ་པ་བྱུང་ཡོད་ལ། མ་མཐར་ཡང་ཁོ་ཚོ་གློད་གྲོལ་གཏོང་བར་རྒྱ་གཞུང་ལ་གནོན་ཤུགས་ཅུང་ཟད་སྤྲོད་ཐུབ་པ་བྱུང་ཡོད། འོན་ཀྱང་ལྡི་ལི་སྲིད་གཞུང་གིས་དེར་དོ་སྣང་ཅང་བྱས་ཡོད་དམ།

ལོ་ངོ་བཅུ་ཕྲག་འགའ་ཞིག་གི་རྗེས་སུ་རྒྱ་གར་གཞུང་གིས་ལྷ་སར་གཞུང་ཚབ་སླར་གསོ་བྱེད་ཐབས་བྱས་ཡོད་ཀྱང་གྲུབ་འབྲས་མ་ཐོན་པ་རེད། ཕྱི་ལོ་༢༠༠༠ཙམ་ནང་དེ་སྔ་པེ་ཅིང་རྒྱ་གར་གཞུང་ཚབ་དང་ཕྱི་སྲིད་དྲུང་ཆེ་གནང་མྱོང་མཁན་སྐུ་ཞབས་ཤིབ་ཤང་ཀར་མི་ནོན་(Shivshankar Menon)གྱིས་ལྷ་སར་རྒྱ་གར་གཞུང་ཚབ་བསྐོ་བཞག་བྱེད་པར་ཤུགས་སྣོན་བརྒྱབ་ཡོད་རེད་ཟེར། གང་ལྟར་གཞུང་ཚབ་སླར་གསོ་བྱེད་རྒྱུ་དེ་ལས་ཕྱི་ལོ་༡༩༦༢ལོར་གང་མགྱོགས་སྒོ་བརྒྱབ་པ་དེ་ལས་སླ་བ་བྱུང་འདུག ཡ་མཚན་པ་ཞིག་ལ་ལྷ་སར་བལ་པོའི་གཞུང་ཚབ་ད་ལྟའང་ཡོད་མུས་རེད།

ཨ་མེ་རི་ཀར་མིག་དཔེ་ལྟ་མི་དགོས་པར། རྒྱ་གར་དང་གངས་ཅན་བོད་ལོ་རྒྱུས་ཐོག་ཆོས་དང་། རིག་གཞུང་གང་ཅིར་མཛའ་བརྩེ་དམ་ཟབ་ཡོད་པས་ལྡི་ལི་སྲིད་གཞུང་གིས་དེ་དོན་ཤུགས་སྣོན་རྒྱག་དགོས་པ་ཞིག་རེད།

མ་རྩོམ་འབྲེལ་ཐགhttp://www.indiandefencereview.com/why-india-needs-to-rethink-its-tibet-policy-if-theres-one/

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༥ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢༢ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༢༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢༣ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢༣ སྔོན་ལ།

མཆན། 1

  1. Lobsang Khenrap says:
    ལོ་ 4 སྔོན།

    Nehru was considered the smartest politician in those days and according to him, his decision needs no discussion with other senior leaders. Every foreign policy of Nehru with China now proves blunder mistakes. Does it hurt Tibet that is already dead if not who will be the next to regret it? According to most Indian senior politicians, Tibet is already dead, and let’s see what we get from China. Thus BJP Prime Minister Atal Ji formerly accepted Tibet as a part of China expecting that China would in return recognize Sikkim (‘bres ljongs) and Mon for India. But India did not get what she wants even today. Karma is the great factor that will play its own drama without seeing by both.

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese