མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་ཐབས་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་མཛོད་དགེ་ཕྱོགས་ཀྱི་དགོན་སྡེ་ཁག་ནང་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་ཏུ་སྒྱུར་ཐབས་ཀྱི་ལས་འགུལ་སྤེལ་ཏེ་ཚོགས་འདུ་རིམ་པར་ཚོགས་བཞིན་ཡོད་འདུགདེ་རིང་འདི་གར་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་རྔ་བ་དང་མཛོད་དགེ་ཕྱོགས་ཀྱི་དགོན་སྡེ་ཁག་ནང་། འདི་ལོའི་ཕྱི་ཟླ་ ༨ ནང་རྒྱ་ནག་མགོ་ཁྲིད་ཞི་ཅིན་ཕིན་ནས་བོད་སྐོར་གྱི་ལས་དོན་ཚོགས་འདུ་ཟེར་བའི་སྟེང་། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་མཐའ་གཅིག་ཏུ་རྒྱ་ནག་ཅན་དང་སྤྱི་ཚོགས་རིང་ལུགས་ཅན་དུ་བསྒྱུར་དགོས་སྐོར་བརྗོད་པ་དེར། དགོན་སྡེ་ཁག་གི་གྲྭ་བཙུན་ཚོས་སློབ་སྦྱོང་ནན་ཏན་དགོས་སྐོར་བརྗོད་ནས་རྒྱ་ནག་གི་ཆབ་སྲིད་ལངས་ཕྱོགས་དང་། ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་དགོས་པའི་དྲིལ་བསྒྲགས་ལས་འགུལ་ཤུགས་ཆེར་སྤེལ་བཞིན་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་སྤྱིར་ན་ནམ་རྒྱུན་སྲིད་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་ལྟ་བུ་རྒྱུན་ལྡན་དུ་ཡོད་ན་ཡང་། འདི་ལོ་ནས་དགོན་པ་ཁག་གི་ནང་ཞི་ཅིན་ཕིན་གྱི་བོད་སྐོར་ཚོགས་འདུ་དང་འབྲེལ་བའི་གཏམ་བཤད་ལ་སློབ་སྦྱོང་དགོས་སྐོར་བརྗོད་ནས་ལས་འགུལ་སྣ་ཚོགས་ཤིག་སྤེལ་ཡོང་གི་ཡོད་པ་དང་། ཉིན་ཤས་སྔོན་མཛོད་དགེ་རྫོང་གི་ནང་བསྟན་ཐུན་ཚོགས་ཀྱི་ཚོགས་འདུ་ཟེར་བ་ཞིག་བསྡུས་ཏེ། ཚོགས་འདུའི་སྟེང་དགོན་སྡེ་ཁག་གིས་ཆོས་ལུགས་བྱེད་སྒོའི་ཁྲོད་རྒྱ་ནག་གི་རྩ་ཁྲིམས་དང་ཆབ་སྲིད་ལ་སློབ་སྦྱོང་བྱ་དགོས་སྐོར་དང་།  གྲྭ་བཙུན་ཚོས་འགན་ཁུར་ནས་སྤྱི་ཚོགས་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་རིགས་མི་ཡོང་བར་ཡུན་རིང་བརྟན་བརླིང་དགོས་སྐོར་བཤད་ཡོད་སྐོར་བརྗོད་བྱུང་།ཡང་ཁོས་མུ་མཐུད། ཕྱི་ཚེས་ ༢༤ ཉིན་མཛོད་དགེ་རྫོང་གི་དམར་ཤོག་མགོ་ཁྲིད་ལུའུ་ཕང་ཟེར་བ་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་ཡོང་སྟེ། རྒྱ་ནག་གཞུང་གིས་ཆེད་འཛུགས་བྱས་པའི་དགོན་པ་དོ་དམ་ཁང་ཟེར་བའི་ནང་ཚོགས་འདུ་ཚོགས་ཏེ། གྲྭ་བཙུན་ཚོས་དུས་རབས་དང་བསྟུན་ནས་ལམ་ལུགས་སྲོལ་གསར་པ་ལ་སློབ་གཉེར་བྱས་ཏེ། ལངས་ཕྱོགས་བརྟན་པོའི་ངང་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བར་རྒྱུན་འཁྱོངས་དགོས་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ལས་དོན་དང་འབྲེལ་བའི་ཚོགས་འདུ་དེ་ནི། ད་བར་བོད་དང་འབྲེལ་བའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཞིག་ཡིན་པ་མ་ཟད། བོད་རང་སྐྱོང་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ལས་དོན་གལ་ཆེན་ཞིག་ཆགས་ཡོད་པས། ཞི་ཅིན་ཕིན་གྱི་གཏམ་བཤད་དེ་མ་འོངས་པར་བོད་དང་འབྲེལ་བའི་ཁ་ཕྱོགས་གསལ་སྟོན་བྱེད་ཐབས་ཤིག་དང་།  ཆོས་ལུགས་ལས་དོན་གྱི་རིག་པའི་གཞུང་ལུགས་གསར་པ་ཞིག་ཏུ་འགྱུར་རྒྱུ་ཡིན་སྐོར་བཤད་སོང་ཞེས་བརྗོད་བྱུང་།

འདི་ལོར་ཞི་ཅིན་ཕིན་གྱིས་བོད་ཀྱི་ལས་དོན་སྟེང་དཔལ་འབྱོར་ཡར་རྒྱས་ཤུགས་ཆེར་བཏང་སྟེ། ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་དགོས་སྐོར་བརྗོད་པ་ནས་བཟུང་། བོད་ཀྱི་རྒྱལ་ས་ལྷ་ས་གཙོའི་བོད་ཁུལ་ཡོངས་སུ་ཆོས་ལུགས་སྐོར་གྱི་ཆབ་སྲིད་དྲིལ་སྒྲོག་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། དགོན་སྡེ་ཁག་རེ་རེ་བྱས་ཏེ་ཞི་ཅིན་ཕིན་གྱི་ཆོས་ལུགས་སྐོར་གྱི་གཏམ་བཤད་དེར་སློབ་སྦྱོང་དགོས་སྐོར་གྱི་ཚོགས་འདུ་སྣ་བསྡུ་བཞིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་རྒྱ་ནག་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་དང་། རྒྱ་ནག་བོད་བརྒྱུད་ནང་བསྟན་ཐུན་ཚོགས་ཟེར་བ་གཉིས་མཉམ་འབྲེལ་ཐོག་བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་དཔྱད་གླེང་ཚོགས་འདུ་ཟེར་བ་ཞིག་ཚོགས་ཏེ། ཚོགས་འདུའི་སྟེང་བོད་བརྒྱུད་ནང་བསྟན་ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུར་ཐབས་རྐྱང་གི་སྒང་ལ་བགྲོ་གླེང་བྱས་ཡོད་པ་རེད། དེ་བཞིན་བོད་ཕྱི་ཟླ་ ༡༠ ནང་བོད་ལྷོ་ཁ་སོགས་ཀྱི་དགོན་སྡེ་མང་པོའི་ནང་ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུར་ཐབས་ཀྱི་ལས་འགུལ་བསྟུན་མར་སྤེལ་ཡོད་འདུག

རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་བོད་ཀྱི་དགོན་སྡེ་ཁག་ནང་མིང་དང་ཐ་སྙད་འདྲ་མིན་འོག་ཆོས་ལུགས་བྱེད་སྒོ་དང་། གྲྭ་བཙུན་ཚོའི་འགྲོ་འདུག་སྤྱོད་གསུམ་དང་བསམ་བློའི་འཁྱེར་ཕྱོགས་སོགས་ནས་རྒྱ་ནག་གི་ཆབ་སྲིད་དྲིལ་བསྒྲགས་ལ་སྒྱུར་ཐབས་སྣ་ཚོགས་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་བའི་རྒྱ་རྒོལ་ལས་འགུལ་བྱུང་བ་ནས། བོད་ཀྱི་དགོན་སྡེ་ཁག་ཚང་མའི་ནང་རྒྱལ་གཅེས་ཆོས་གཅེས་དང་། གྲྭ་བཙུན་རྣམ་དག་མེས་རྒྱལ་བརྟན་བརླིང་སྲུང་སྐྱོབ་སོགས་ཀྱི་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྟེང་རྒྱ་ནག་གི་བྱེད་སྤྱོད་དེ་དག་ནི་མི་རིགས་དང་རིག་གཞུང་རྩ་གཏོར་ལ་དམིགས་པའི་སྲིད་བྱུས་ལག་བསྟར་གྱི་བྱེད་ཐབས་ཤིག་ཡིན་པ་ཤེས་རྟོགས་བྱུང་སྟེ། རྒྱལ་ཚོགས་ཀྱི་ཚོགས་འདུ་གཙོའི་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༡ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༢ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༢༣ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese