མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་ཆོས་དཔོན་ཊུ་ཊུ་མཆོག་ལ་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༠/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༡༡ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་ཌེ་སི་མུན་ཊུ་ཊུ་(Archbishop Desmund Tutu) མཆོག་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གོ་ལའི་རིན་བྲལ་གྱི་གཟེངས་རྟགས་ཐོབ་པར་བརྙན་ལམ་བརྒྱུད་འཚམས་འདྲིའི་གསུང་འཕྲིན་སྩལ་འདུགགསུང་འཕྲིན་དེའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། བློས་ཐུབ་དང་གུས་བཀུར་ངོས་ཀྱི་གྲོགས་པོ་ཡེ་ཤུའི་ཆོས་དཔོན་ཌེ་སི་མུན་ཊུ་ཊུ་ (Archbishop Desmund Tutu) མཆོག་ལ་གཟེངས་རྟགས་དེ་ཐོབ་པར་ཐོག་མར་འཚམས་འདྲི་མཛད་རྗེས། ཡེ་ཤུའི་ཆོས་དཔོན་ཌེ་སི་མུན་ཊུ་ཊུ་མཆོག་གི་རྩེད་མཚར་ཅན་གྱི་རང་གཤིས་ལ་བརྟེན་ནས་ཕན་ཚུན་གྲོགས་མཆོག་ཏུ་གྱུར་སྐོར་དང་། ཁོང་ལ་འགྲོ་བ་མིའི་ཐོབ་ཐང་གི་གོ་ལའི་རིན་བྲལ་གྱི་གཟེངས་རྟགས་ (Human Rights Global Treasure Award) ཐོབ་པ་དང་། ཕྱི་ཟླ་ ༡༠ པའི་ནང་དགུང་གྲངས་ ༩༠ ཕེབས་ཀྱི་ཡོད་པ། འདས་པའི་ལོ་ངོ་ ༩༠ རིང་ཁོང་གིས་འགྲོ་བ་མིའི་རིགས་ལ་ཞབས་འདེགས་སྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་བཟུང་སྟེ། ཧུར་ཐག་གནང་པར་བསྔགས་བརྗོད་དང་། མུ་མཐུད་ཞབས་འདེགས་ཞུས་ཏེ་དགུང་གྲངས་ ༡༠༠ བར་སྐུ་འཚོ་བཞུགས་ཡོང་བའི་ཐུགས་སྨོན་ཡོད་པ། དེ་བཞིན་དབུ་འཁྲིད་རྣམ་གཉིས་སྐུ་ན་བགྲེས་རུ་ཕེབས་པར་བརྟེན། ཕན་ཚུན་ལ་འགྲུལ་བཞུད་གནང་རྒྱུར་དཀའ་ཁག་ཡོད་སྟབས་དངོས་སུ་མཇལ་འཕྲད་གནང་ཐུབ་ཀྱི་མེད་ནའང་། ནང་བསམ་བློའི་ཐོག་ནས་ཁ་འབྲལ་ཐབས་མེད་པར་མཉམ་དུ་གནས་ཡོད་སྐོར་གསུངས་འདུག

ཁ་སང་ཕྱི་ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན། (Article3.org) ཚོགས་པས། ཡེ་ཤུའི་ཆོས་དཔོན་ཌེ་སི་མུན་ཊུ་ཊུ་མཆོག་གིས་སྐུ་ཚེ་ཧྲིལ་བོ་ཞི་བདེ་དང་འདྲ་མཉམ། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་བཏང་གནང་བར་ངོས་འཛིན་གནང་ཆེད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གོ་ལའི་རིན་བྲལ་གྱི་གཟེངས་རྟགས་དེ་ཕུལ་བ་ཡིན་སྐོར་དང་། ཁོང་ནི་འཛམ་གླིང་གི་བྱམས་བརྩེ་ཆེ་ཤོས་གྲས་ཀྱི་དབུ་ཁྲིད་ཅིག་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་ཆེད་བློ་སེམས་གཡོ་བ་མེད་པ་ཞིག་ཡིན་སྐོར་བསྒྲགས་ཡོད་པ་རེད།༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཡེ་ཤུའི་ཆོས་དཔོན་ཌེ་སི་མུན་ཊུ་ཊུ་མཆོག་རྣམ་གཉིས་ནི་འཛམ་གླིང་ནང་གྲགས་ཆེ་བའི་ཆོས་ལུགས་ཀྱི་དབུ་ཁྲིད་གཉིས་ཡིན་པ་མ་ཟད། ཁོང་གཉིས་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་ཡོད་པ་རེད། ཁོང་རྣམ་གཉིས་ནས་ཕྱི་ལོ་ ༢༠༡༦ ལོར་ (The Book of Joy) ཞེས་པའི་ཕྱག་དེབ་ཅིག་བརྩམས་གནང་སྟེ་ཉེའུ་ཡོག་དུས་བབ་ཀྱི་དཔེ་དེབ་བྲིན་ཤོས་ཀྱི་གྲས་སུ་ཚུད་ཡོད་ལ། ཕྱག་དེབ་དེ་རྩོམ་སྒྲིག་གནང་ཕྱོགས་དང་འབྲེལ་ནས་ཕྱི་ལོ་ ༢༠༡༥ ལོར་ཡེ་ཤུའི་ཆོས་དཔོན་ཌེ་སི་མུན་ཊུ་ཊུ་མཆོག་བཞུགས་སྒར་དྷ་སར་ཕེབས་ཏེ་རྒྱལ་བའི་ཕོ་བྲང་དུ་ཉིན་གྲངས་ ༥ རིང་བཞུགས་ཡོད་པ་རེད།

ཕྱི་ལོ་ ༢༠༡༢ ལོར་ཡེ་ཤུའི་ཆོས་དཔོན་ཌེ་སི་མུན་ཊུ་ཊུ་མཆོག་བཞུགས་སྒར་དྷ་སར་ཕེབས་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་བཞུགས་སྒར་དུ་ཕེབས་སྐབས་ཁོང་གིས། ད་རེབ་ངའི་བརྩེ་བའི་ཆོས་གྲོགས་དང་ལྷན་དུ་མཉམ་འཛོམས་བྱུང་བར་དགའ་ཚོར་ཆེན་པོ་ཞེ་དྲགས་བྱུང་། མི་འགའ་ཤས་ཀྱི་བྱ་སྤྱོད་དང་ཕྱིའི་གནོན་ཤུགས་དབང་གིས་ཆོས་གྲོགས་ངེད་གཉིས་ཁ་བྲལ་གཏོང་ཐབས་བྱེད་བཞིན་ཡོད་ཀྱང་། ངེད་གཉིས་བར་ཕན་ཚུན་བརྩེ་བ་ཟབ་མོ་ཡོད་པ་མ་ཟད། འཛམ་གླིང་ཀུན་ཁྱབ་ལ་མཁོ་བའི་རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས་ད་ལྟ་དང་མ་འོངས་པར་མཇལ་རྒྱུའི་གོ་སྐབས་ཡོང་གི་རེད། ཅེས་གསུངས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese