མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་སླར་ཡང་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་རྒྱལ་ཁབ་སྡུག་ཤོས་དེ་ཆགས།

བོད་ཀྱི་དུས་བབ།
༢༠༢༠/༡༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་གསར་འགོད་རང་དབང་ཐོག་དམ་དྲགས་ཤུགས་ཆེན་བྱེད་ཀྱི་ཡོད་པ་ལྟར་འདི་ལོ་རྒྱ་ནག་སླར་ཡང་འཛམ་གླིང་གི་གསར་འགོད་པ་འཛིན་བཟུང་བཀག་ཉར་དང་བཙོན་འཇུག་བྱེད་པའི་རྒྱལ་ཁབ་སྡུག་ཤོས་དེ་ཆགས་ཡོད་འདུགཁ་སང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ལོ་རེར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་འཛིན་བཟུང་བཙན་འཁྲིད་དང་བཀག་ཉར། དེ་བཞིན། བཙོན་འོག་ཏུ་ཡོད་པའི་གསར་འགོད་པའི་གནས་སྟངས་རྟོག་ཞིབ་ཀྱི་སྙན་ཐོ་ཞིག་འདོན་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༢༠ ལོར་འཛམ་གླིང་ཁྱོན་ཡོངས་སུ་གསར་འགོད་པ་ཁྱོན་ ༣༨༧ འཛིན་བཟུང་དང་གསར་འགོད་པ་ ༥༤ གཏའ་མར་བཟུང་བ། དེ་བཞིན། གསར་འགོད་པ་ ༤ གར་སོང་ཆ་མེད་དུ་གྱུར་བ་སོགས་འཛམ་གླིང་ནང་གསར་འགོད་རང་དབང་ལ་སྔར་བཞིན་རྡོག་རོལ་ཤུགས་ཆེན་ཐེབས་བཞིན་ཡོད་སྐོར་བརྗོད་འདུག་པ་མ་ཟད། འདི་ལོར་བུད་མེད་གསར་འགོད་པ་འཛིན་བཟུང་བྱས་པའི་གྲངས་འབོར་ཇེ་མང་དུ་ཕྱིན་ཡོད་འདུག

ཡང་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་མང་ཤོས་ཀྱི་རྒྱལ་ཁབ་ལྔ་ཐེར་འདོན་བྱས་ཡོད་སྐོར་ལ་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་འདི་ལོར་ཁྱོན་གསར་འགོད་པ་ ༡༡༧ བཙོན་འཇུག་བྱས་ཏེ་འཛམ་གླིང་གི་གསར་འགོད་པ་མང་ཤོས་བཙོན་འཇུག་བྱེད་པའི་རྒྱལ་ཁབ་སྡུག་ཤོས་དང་སོ་ཌའེ་ཨ་རབ་བྷེ་ཡའི་ནང་གསར་འགོད་པ་ཁྱོན་ ༣༤ བཙོན་འཇུག དེ་བཞིན། ཨི་ཇབ་ཊི་གཞུང་གིས་གསར་འགོད་པ་ཁྱོན་ ༣༠ དང་། ཝེ་ཏི་ནམ་གྱིས་གསར་འགོད་པ་ ༢༨ ། སི་རེ་ཡས་གསར་འགོད་པ་ ༢༧ བཅས་བཙོན་འཇུག་གིས་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་བྱེད་མཁན་མང་ཤོས་ཀྱི་རྒྱལ་ཁབ་སྡུག་ཤོས་ལྔ་དེ་ཡིན་པ་རེད།

དེ་བཞིན་སྙན་ཐོའི་ནང་། འདི་ལོར་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་དང་འབྲེལ་བའི་གནས་ཚུལ་ཕྱིར་བསྒྲགས་འོག་གསར་འགོད་པ་ཁྱོན་ ༤༥༠ ཙམ་གང་བྱུང་བཀག་ཉར་དང་དྲག་རྡུང་ཐེབས་ཡོད་པ་དང་། དེའི་ནང་དམིགས་བསལ་འདི་ལོའི་ཕྱི་ཟླ་ ༣ དང་ ༤ ་བར་གསར་འགོད་པ་མང་པོ་ཞིག་གིས་ཏོག་དབྱིབས་འགོས་ཁྱབ་ཀྱི་དཀའ་ངལ་དང་ཁྱིམ་སྡོད་བཀའ་རྒྱའི་སྐོར་གྱི་གནས་ཚུལ་ཕྱིར་བསྒྲགས་བྱས་པར་བརྟེན་ནས། རྒྱ་གར་ནང་ཁྱོན་གསར་འགོད་པ་ ༤༨ ཁྲིམས་གཏུགས་བྱས་ཏེ་གསར་འགོད་པ་ ༡༥ བདུན་ཕྲག་གཅིག་ནས་ཟླ་གཅིག་བར་འཛིན་བཟུང་བཀག་ཉར་བྱས་ཡོད་སྐོར་དང་། བཙོན་འཇུག་བྱས་པའི་གསར་འགོད་པའི་ཁྲོད། རྒྱ་ནག་ཝོ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་གནས་ཚུལ་ཕྱིར་བསྒྲགས་དང་རྒྱ་ནག་གཞུང་གིས་ཏོག་ནད་སྟངས་འཛིན་བྱེད་མ་ཐུབ་པའི་གནས་ཚུལ་སོགས་ཕྱི་བསྒྲགས་བྱས་པའི་ཉེས་མིང་འོག རྒྱ་རིགས་གསར་འགོད་པ་ཚའེ་ཝི་ (蔡伟) དང་ཁྲན་མེན་ (陈玫)་སོགས་ཆེས་ཉུང་མཐར་ཏོག་ནད་དང་འབྲེལ་ནས་གསར་འགོད་པ་ ༧ བཙོན་འཇུག་བྱས་ཡོད་སྐོར། དེ་བཞིན། དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཨེ་རན་དང་ཡ་མན། སི་རེ་ཡ་བཅས་ནི་གསར་འགོད་པ་གཏའ་མར་འཛིན་མཁན་ཆེ་ཤོས་ཡིན་སྐོར་སོགས་བརྗོད་འདུག

འདི་ལོའི་འཛམ་གླིང་ཁྱོན་ཡོངས་ཀྱི་གསར་འགོད་པ་བཙོན་འཇུག་གི་གྲངས་འབོར་ཁྱོན་ ༢༧༤ བྱུང་སྟེ་འདས་ལོ་དང་བསྡུར་ན་ཇེ་མང་དུ་ཕྱིན་ཡོད་པ་དང་། འདས་ལོར་འཛམ་གླིང་ནང་གསར་འགོད་པ་ཁྱོན་ ༢༥༠ ལྷག་སོ་སོའི་གསར་འགོད་ལས་རིགས་དང་འབྲེལ་ནས་བཙོན་འཇུག་བྱས་ཡོད་པ་རེད།

གཞན་ཡང་འདི་ལོར་ཨ་རིའི་སྲིད་འཛིན་ཊོམ་ཕུ་ལགས་ཀྱི་འཛིན་སྐྱོང་འོག་གནས་ཚུལ་རྫུན་བསྒྲགས་ཟེར་བའི་མིང་བྱང་འོག་ཨ་རིའི་ནང་ཁྱོན་གསར་འགོད་པ་ ༣༤ བཙན་འཇུག་བྱས་ཡོད་པར་བརྟེན། ཨ་རིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པས་བདམས་ཐོན་སྲིད་འཛིན་རྗོ་བྷའེ་ཌན་གཞུང་ནས་ཨ་རིའི་གསར་འགོད་རང་དབང་སླར་གསོ་དང་དམིགས་བསལ་ཕྱི་སྲིད་ལས་དོན་དང་འབྲེལ་བའི་གསར་འགོད་རང་དབང་སྲུང་སྐྱོབ། དེ་བཞིན། གསར་འགོད་རང་དབང་སྲུང་སྐྱོབ་ཡོང་བར་དམིགས་བསལ་སྐུ་ཚབ་ཅིག་བསྐོ་ཡོང་བར་འབོད་སྐུལ་ཞུས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༣ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese