མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་སྲིད་དབང་མངོན་འདོད་འགྲུབ་ཕྱིར་ཐ་ཤལ་གྱི་བྱ་སྤྱོད་འདི་སྤེལ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

མ་ཎི་ཤ་ཤུག་ལཱ་(Manish Shukla)ཡིས་སྤེལ།

སྐལ་ལྡན་གྱིས་བསྒྱུར།

ཏོག་དབྱིབས་གཉན་རིམས་ཀྱི་དུས་ངན་རྫོགས་ལ་ཉེ་བའི་མཚམས་འདིར། སྲིད་འཛིན་ཞི་ཅིན་ཕིང་གིས་ཉེ་ཆར་རྒྱ་ནག་གིས་གསར་སྐྲུན་བྱེད་བཞིན་པའི་ཏོག་དབྱིབས་གཉན་རིམས་འགོག་ཁབ་དེ་གོ་ལའི་མང་ཚོགས་ཀྱི་རྒྱུ་དངོས་སུ་འགྱུར་ངེས་ཚུལ་བསྒྲགས་ཡོད། རྒྱ་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོར་དམིགས་ཏེ་ནད་ཡམས་འགོག་ཁབ་མཁོ་འདོན་བྱེད་རྒྱུར་སྔ་ས་ནས་འབད་རྩོལ་བྱེད་བཞིན་པ་ལྟར། ཨེ་ཤི་ཡ་དང་། ཨབ་རི་ཀ  ལཱ་ཊིན་ཨ་མི་རི་ཀ་སོགས་རྒྱལ་ཁབ་སྐྱོ་བ་རྣམས་ལ་གང་མགྱོགས་མཁོ་སྤྲོད་བྱེད་པའི་ཁས་ལེན་བྱས་ཡོད།

རྒྱ་ནག་གཞུང་གིས་ཉེ་བའི་ཆར་གོ་ལ་ཡོངས་ཀྱི་འཕྲོད་བསྟེན་ཐོག་དོ་ཁུར་ཆེ་མདོག་བྱེད་པ་དེ་ནི་དོན་དངོས་ཐོག་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་དང་། དེ་འགོག་སྲུང་བྱེད་སྟངས་ཐོག་གི་སྐྱོན་བརྗོད་དང་ཁ་རྡུང་ལས་གཡོལ་ཐབས་ཤིག་ཡིན་པ་རེད།

སྔ་ལོའི་ཕྱི་ཟླ་ ༡༢ ཀྱི་ཟླ་འཇུག་ཙམ་ལ་གཉན་རིམས་དེ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་རྗེས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊྲམ་གཙོས་རྒྱལ་ཁབ་མང་པོའི་དབུ་ཁྲིད་ཚོས། ཏོག་དབྱིབས་གཉན་རིམས་ལ་རྒྱ་ནད་ཅེས་མིང་འདོགས་བཏགས་པ་དང་། རིམ་བཞིན་རྒྱ་གཞུང་གིས་གཉན་རིམས་འགོག་སྲུང་ནན་པོ་མ་བྱས་པར་ཕྱོགས་གང་སར་ཁྱབ་གདལ་དང་། གཉན་རིམས་དང་འབྲེལ་བའི་གནས་ཚུལ་གསང་རྒྱ་བྱས་ཏེ་དེ་བས་གོད་ཆག་ཆེ་བ་བཟོས་པ་སོགས་ལ་བརྟེན། ཡུལ་གྲུ་གང་ས་ནས་སྐྱོན་བརྗོད་དང་ཁ་རྡུང་ཕོགས་པ་རེད།

ཧ་ཅང་འགོ་ཉེན་ཆེ་བའི་ནད་རིམས་ཀྱི་སྐོར་ཉེན་བརྡ་གཏོང་མཁན་སྨན་པ་ལཱི་ཝན་ལིང་ལྟ་བུ་གང་ཟག་སྒེར་ཁ་གྲག་རྒྱུ་མེད་པ་བཟོས་པར་ཡང་རྒྱ་གཞུང་ལ་སྐྱོན་བརྗོད་ནན་པོ་བྱས་ཡོད། སྨན་པ་ལཱི་ལ་སྲིད་གཞུང་གིས་མ་ཉེས་ཁ་གཡོག་བྱས་པ་དེས་ཁོང་མི་མང་གི་དཔའ་རྒོད་དུ་གྱུར་བ་དང་། ཁོང་ཁ་གྲག་རྒྱུ་མེད་པ་བཟོས་པའི་གནད་དོན་དེ་ཏོག་དབྱིབས་གཉན་རིམས་རྒྱ་ནག་གི་ཆེ་མཐོང་ལ་གནོད་པའི་གཞི་རྟེན་གཅིག་ཏུ་གྱུར་བ་རེད།

ཨོ་སི་ཊྲོ་ལི་ཡ་གཞུང་གིས་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་ཐད་རང་དབང་ལྡན་པའི་ཞིབ་དཔྱོད་དགོས་ཚུལ་བརྗོད་པར་ཡང་རྒྱ་གཞུང་གིས་ཡུལ་དེ་དང་ཕྱི་འབྲེལ་ཇེ་ཞན་དུ་བཏང་བ་མ་ཟད། ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་བའི་རྒྱ་གཞུང་གིས་ཐ་ན་ཨོ་སི་ཊྲོ་ལི་ཡ་གཞུང་ལ་ཚོང་དོན་ཉེས་ཆད་བཏང་བ་རེད། ཨོ་སི་ཊྲོ་ལི་ཡར་ཡ་ལན་སྤྲོད་སྟངས་དེར་བལྟས་ན་གཉན་སྲིན་བཟོ་སྐྲུན་དང་ཁྱབ་གདལ་འགྲོ་ཕྱོགས་ཐད་རྒྱ་གཞུང་ལ་ཧ་ལམ་ཐེ་ཇུས་ཡོད་པ་བསྟན་པ་དང་། རིག་པའི་གཞུང་ལུགས་དང་འགལ་ཞིང་ཐལ་ཆ་ཆེ་བའི་བྱེད་སྟངས་དེས་རྒྱ་གཞུང་གིས་འཛམ་གླིང་ལ་གནད་དོན་ཅི་ཞིག་གསང་རྒྱ་བྱེད་ཀྱི་ཡོད་པའི་དྲི་བ་ཆགས་ཡོད།

རྒྱལ་སྤྱིའི་ཁོར་ཡུག་ཟང་ཟིང་དུ་གྱུར་བའི་དུས་སྐབས་འདིར། རྒྱ་གཞུང་གིས་གཉན་རིམས་འགོག་ཁབ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་ཀྱིས་རང་ཉིད་ལ་ཁ་རྡུང་དང་སྐྱོན་འཛུགས་བྱེད་པའི་ཁ་ཕྱོགས་སྒྱུར་ཐབས་བྱེད་པ་ཙམ་དུ་མ་ཟད། རང་ཉིད་ཀྱི་ཁེ་ཕན་སྒྲུབ་རྒྱུར་འབད་བརྩོན་བྱེད་ཀྱིན་ཡོད། རྒྱ་གཞུང་གིས་འགོག་ཁབ་ཐོག་འཛིན་པའི་བྱ་ཐབས་ཀྱང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ལངས་ཕྱོགས་དང་ཡོངས་སུ་རྒྱབ་འགལ་དུ་ཕྱིན་ཡོད།

ཨ་མི་རི་ཀ་ལྟ་བུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་འགོག་ཁབ་གང་མགྱོགས་གསར་བཟོའི་ཆེད་དུ་མ་དངུལ་ཐེར་འབུམ་མང་པོའི་འགྲོ་གྲོན་བཏང་ཡོད་ཀྱང་། རྒྱ་གཞུང་གིས་ཀོ་ཝཀ་སེ་ (COVAX) ནང་མཉམ་ཞུགས་བྱས་པ་རེད། ཀོ་ཝཀ་སི་ནི་རྒྱལ་ཁབ་མཉམ་སྦྲེལ་ཐོག་དཔལ་འབྱོར་ཞན་པའི་ཡུལ་གྲུར་དམིགས་ཏེ་རིན་གོང་ཆག་ཡང་ཐོག་འགོག་ཁབ་བཟོ་སྐྲུན་གྱི་ལས་གཞི་ཞིག་རེད།

རྒྱ་གཞུང་གིས་བཟོ་སྐྲུན་བྱེད་བཞིན་པའི་འགོག་ཁབ་ཀྱི་ཚོད་ལྟའི་ལས་གཞིའི་ཁྲོད་ཡུལ་གྲུ་འགའ་ཞིག་གི་རོགས་རམ་ཡང་བླངས་ཡོད། ད་ལྟའི་ཆར་རྒྱ་ནག་རྒྱལ་ཡོངས་སྐྱེ་ལྡན་ (China National Biotech Group) བཟོ་ལས་ཚན་པས་ཨར་ཇན་ཊི་ཎ་དང་། བྷེ་རན། ཨི་ཇེབ་ཊ། ཇོར་ཌན། མོ་རོ་ཀོ པ་ཀི་སི་ཐན། ཕེ་རུ། ཡུ་ཨེ་ཨི་བཅས་སུ་འགོག་ཁབ་མི་འདྲ་བ་གཉིས་ཚོད་ལྟ་བྱེད་བཞིན་ཡོད་པ་དང་། སི་ནོ་ཝཱ་ (Sinovae) ཞེས་པའི་རྒྱ་གཞུང་གི་སྨན་སྦྱོར་བཟོ་གྲྭ་གཞན་ཞིག་གིས་བྷེ་ར་ཛིལ་དང་། ཆི་ལི། ཨིན་ཌོ་ན་ཤི་ཡ། ཊར་ཀི་བཅས་སུ་ཚོད་ལྟ་བྱེད་ཀྱིན་ཡོད།

རྒྱ་གཞུང་གི་འགོག་ཁབ་ཚོད་ལྟའི་རིམ་པར་མཉམ་ཞུགས་བྱེད་པའི་ཡུལ་གྲུ་དེ་དག་གིས་འགོག་ཁབ་ཉོ་སྒྲུབ་ཀྱི་ཆོད་གན་ཡང་བཞག་ཟིན་པ་རེད། ཨིན་ཌོ་ན་ཤི་ཡས་འགོག་ཁབ་ཐུན་ས་ཡ་ ༥༠ དང་། ཊར་ཀི་ཡིས་ཐུན་ས་ཡ་ ༢༠ ཉོ་སྒྲུབ་བྱེད་རྒྱུའི་གན་རྒྱ་བཞག་ཡོད། དཔལ་འབྱོར་ཞན་པའི་ཡུལ་གྲུར་འགོག་ཁབ་རིན་གོང་དམའ་པོས་ཚོང་འགྲེམ་བྱེད་རྒྱུའི་ཁས་ལེན་བྱས་པ་དེ་ནི་རྒྱ་གཞུང་གིས་འགོག་ཁབ་ཀྱི་ཁྲོམ་ར་དབང་སྒྱུར་བྱེད་པའི་ཐབས་ཇུས་ཤིག་རེད། སྤུས་ཚད་ལྡན་པའི་འགོག་ཁབ་བཟོ་སྐྲུན་བྱེད་རྒྱུ་ནི་རྒྱ་ནག་ལ་མཚོན་ན་ཡུལ་བབ་སྲིད་ཇུས་ཀྱི་ཐོག་ནས་གལ་འགངས་ཆེན་པོ་ཆགས་ཡོད།

རྒྱ་གཞུང་གིས་ལཱ་ཊིན་ཨ་མི་རི་ཀ་དང་ཀ་རི་བྷིན་ཡུལ་གྲུ་རྣམས་ལ་འགོག་ཁབ་ཉོ་སྒྲུབ་ཆེད་ཨ་སྒོར་ཐེར་འབུམ་གཅིག་ཙམ་བུན་གཡར་བྱས་ཡོད། དབྱེ་ཞིབ་པ་ཚོས་བྱ་སྤྱོད་དེ་ནི་ཡུལ་གྲུ་དེ་དག་བུ་ལོན་གྱི་འོག་ཏུ་ཚུད་དེ་རྒྱ་གཞུང་ལ་མི་བརྟེན་ཐབས་མེད་བཟོ་ཐབས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ནག་གིས་ལག་བསྟར་བྱེད་བཞིན་པའི་འགོག་ཁབ་སྲིད་ཇུས་དེ་ནི་རྒྱ་གཞུང་རང་ཉིད་ལ་ཉེན་ཁ་ཆེ་བའི་རྒྱན་རྩེད་ཅིག་ཆགས་ཡོད། འགོག་ཁབ་སྲིད་དོན་གྱི་ལག་ཆར་བེད་སྤྱོད་ཀྱིས་སྐྱོན་བརྗོད་དང་ཁ་རྡུང་གི་ཁ་ཕྱོགས་སྒྱུར་ཐབས་བྱེད་པ་དེ་ནི་རྒྱ་གཞུང་ལ་དེ་བས་གནོད་སྐྱོན་ཆེ་བ་ཐེབས་རྒྱུའི་ཉེན་ཁ་ཆགས་ཡོད།

རྒྱ་ནག་གི་འགོག་ཁབ་བཟོ་ཚོང་སྲིད་ཇུས་དེ་ནི། ཏོག་དབྱིབས་གཉན་རིམས་ཁྱབ་གདལ་བྱུང་མཚམས་ངོ་ཁེབ་ཚོང་འགྲེམས་ཀྱི་སྲིད་ཇུས་དང་འདྲ་པོ་ཆགས་ཡོད། སྐབས་དེར་རང་ཉིད་ཀྱི་གས་ཆག་ཤོར་བའི་སྣང་བརྙན་བསྐྱར་གསོའི་ཆེད་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ལ་ངོ་ཁེབ་དང་འཕྲོད་བསྟེན་ཡོས་ཆས་ཁག་མཁོ་སྤྲོད་དང་སྐྱེལ་འདྲེན་བྱས་པ་རེད། འོན་ཀྱང་མཁོ་སྤྲོད་བྱས་པའི་ངོ་ཁེབ་དང་ཚོད་ལྟའི་ཡོ་ཆས་སྤུས་ཚད་ཞན་དྲགས་པས་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོས་སྐྱོན་བརྗོད་དང་ཕྱིར་སློག་བྱས་ཡོད། གནད་དོན་གཞན་ཞིག་གླེང་ན། ཧོ་ལན་ཌིའི་ནང་གཉན་རིམས་འགོག་སྲུང་ཞབས་ཞུ་བར་བགོ་བགྲེམས་བྱས་ཟིན་པའི་ངོ་ཁེབ་འབུམ་དྲུག་ཕྱིར་བསྡུ་བྱེད་དགོས་པ་བྱུང་བ་རེད། རྒྱ་གཞུང་གི་བྱ་སྤྱོད་དེར་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་འགན་འཛིན་སྐུ་ཞབས་ཇོ་སེབ་བྷོ་རེལ་ (Joseph Borrell) གྱིས་གཏོང་ཕོད་ཆེ་བའི་ཆབ་སྲིད་ཅེས་མིང་བཏགས་ཡོད།

དེ་སྔ་ངོ་ཁེབ་སྲིད་ཇུས་དང་ད་ཆ་འགོག་ཁབ་སྲིད་ཇུས་གཉིས་ཀ་པེ་ཅིན་སྲིད་གཞུང་གིས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གནད་དོན་ཁ་ལོ་སྒྱུར་ཐབས་ཤིག་རེད། ཉེ་བའི་ཆར་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་གང་ཡིན་ཐད་གཞི་མེད་རྙོག་གླེང་ཞིག་ཨུ་ཚུགས་མཐའ་སྐྱེལ་བྱེད་བཞིན་ཡོད། སྤྱིར་རྒྱ་གཞུང་གི་བརྒྱུད་ལམ་ཁག་གིས་གཉན་རིམས་ཀྱི་འབྱུང་ཁུངས་ཨ་མི་རི་ཀ་ཡིན་ཚུལ་དང་། ཡང་ན་ཡོ་རོབ་ནས་ནང་འདྲེན་བྱས་པའི་ཟས་རིགས་ནས་བྱུང་ཚུལ་སོགས་ཁ་ཕྱོགས་སྒྱུར་ཐབས་ཐེངས་འགའ་ཞིག་བྱས་པ་རེད།

ཆེས་ཉེ་དུས་རྒྱ་གཞུང་གིས་སྙན་གྲགས་ཆེ་བའི་ཇར་མན་གྱི་ཚན་རིག་པ་སྐུ་ཞབས་ཨེ་ལཀ་ཛན་ཌར་ཀེ་ཀུལ་ (Alexandar Kekule) གྱི་ཉམས་ཞིབ་ཀྱི་ནང་དོན་འགྲེལ་བཤད་ལོག་པར་བརྒྱབས་ཏེ། གཉན་རིམས་ཀྱི་འབྱུང་རྩ་ཨི་ཊཱ་ལི་ཡིན་པ་ལས་རྒྱ་ནག་མིན་ཚུལ་རྫུན་གཏམ་སྤེལ་ཐབས་བྱས་པ་དེ་རེད། ཁོང་རྒྱ་གཞུང་གི་བརྒྱུད་ལམ་ཁག་ཏུ་དཔའ་རྒོད་ཀྱི་སྣང་བརྙན་ཞིག་ཏུ་གྱུར་བ་མ་ཟད། ཁོང་གི་འདྲ་པར་རྒྱ་ནག་གི་བརྒྱུད་ལམ་གང་སར་མཐོང་རྒྱུ་ཡོད་པ་ཞིག་བཟོས་པ་རེད། འོན་ཀྱང་ཁོང་གིས་ཡང་ནས་ཡང་དུ་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་རྒྱ་ནག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་། རྒྱ་གཞུང་གིས་ཁོང་གི་ཉམས་ཞིབ་གྲུབ་དོན་དེ་དྲིལ་བསྒྲགས་ཁོ་ནའི་ཆེད་དུ་བེད་སྤྱོད་བྱེད་ཀྱིི་ཡོད་སྐོར་བརྗོད་ཡོད།

རྒྱ་ནག་གི་འཆར་སྒོ་གཞན་ཞིག་ནི་ཕྱི་ལོ་ ༢༠༡༥ ལོར་འགོ་འཛུགས་བྱས་པའི་འཕྲོད་བསྟེན་དར་གོས་ལམ་བུ་ (Health Silk Road) དེ་རེད། ཏོག་དབྱིབས་གཉན་རིམས་ཀྱིས་ཐལ་བའི་རྡུལ་དུ་བརླགས་པའི་འཛམ་གླིང་འདིར་འཆར་སྒོ་དེར་མིང་གསར་པ་ཞིག་ཐོབ་ཡོད། ཏོག་དབྱིབས་གཉན་རིམས་ཀྱིས་ཚོང་འབྲེལ་དང་འགྲིམ་འགྲུལ་ཐོག་ཤུགས་རྐྱེན་ཐེབས་པར་བརྟེན། རྒྱ་གཞུང་གི་རྒྱུད་གཅིག་ལམ་གཅིག་ (Belt and Road Initiative) གི་འཛུགས་སྐྲུན་ལ་མཁོ་བའི་ལས་མི་དང་ཡོ་ཆས་རྣམས་དེ་མུར་ས་ཐོག་ཏུ་ལུས་པ་རེད།

འཕྲོད་བསྟེན་དར་གོས་ལམ་བུ་ནི་རྒྱ་གཞུང་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཐོག་གོམ་སྟབས་སྤོ་བའི་མཚོན་རྟགས་དེ་ཡིན་པ་དང་། མཐར་ཐུག་གི་དམིགས་ཡུལ་ཡང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་གཅིག་མཚུངས་རེད། དེ་ནི་རྒྱ་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་སུ་ར་སྤྲོད་བྱེད་པའི་དམིགས་འདུན་ངོ་མ་དེ་རེད།

སྔ་ལོ་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་གཉེན་རིམས་ཁྱབ་གདལ་འགྲོ་སྐབས་སྟངས་འཛིན་བྱེད་སྟངས་དང་། གཉན་སྲིན་གྱི་འབྱུང་ཁུངས་གསང་རྒྱ་བྱས་པར་བརྟེན་ཕྱོགས་ཡོངས་ནས་རྒྱ་གཞུང་ལ་སྐྱོན་བརྗོད་དང་ཁ་རྡུང་དྲག་པོ་བཏང་བ་མ་ཟད། འདི་ལོའི་ཕྱི་ཟླ་དང་པོར་སྨན་པ་ལཱི་ལགས་གྲོངས་པས་ཁ་རྡུང་གི་རྦ་རླབས་དེ་བས་ཕྱུར་བ་རེད། དེའི་ལན་དུ་རྒྱ་ནག་དམར་པོའི་གཞུང་གིས་བརྒྱུད་ལམ་ཁག་གི་སྐྱོན་བརྗོད་ལ་ཞིབ་བཤེར་དང་དམ་བསྒྲགས་ཇེ་ཆེར་བཏང་བ་མ་ཟད། ཞི་ཅིན་ཕིང་གིས་སྐྱོན་བརྗོད་དེ་དག་དམར་ཤོག་ཚོགས་པར་དོ་ཕོག་འགྲོ་གཞིར་ངོས་འཛིན་བྱས་པ་དང་། རྒྱ་གཞུང་གིས་རང་ཉིད་ཀྱི་ནོར་འཁྲུལ་དང་ཞན་ཆ་ཡོངས་གྲགས་སུ་ཁས་ལེན་བྱེད་པ་ནི་ཉིན་མོའི་སྐར་མ་ལྟ་བུ་རེད། དེ་སྔ་རྒྱ་གཞུང་གིས་ཡུལ་གྲུ་གཞན་ལ་མ་ཉེས་ཁག་གཡོགས་ཀྱིས་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་རྩ་ཡུལ་གྲུ་དེ་དག་ཡིན་པ་ལས་རྒྱ་ནག་མིན་ཚུལ་གཞི་མེད་རྫུན་གཏམ་སྤེལ་བ་དང་། ཞི་ཅིན་ཕིང་གིས་ཀྱང་དམར་པོའི་སྲིད་གཞུང་ལ་དགའ་ཞེན་གྱི་བསམ་པ་གོང་མཐོར་གཏོང་ཕྱིར། སྲིད་གཞུང་གིས་ཏོག་དབྱིབས་གཉན་རིམས་འགོག་སྲུང་ཐད་ནུས་པ་ཇི་ལྟར་བཏོན་པ་དེས་དམར་པོའི་སྲིད་གཞུང་ཁྱད་དུ་འཕགས་པ་ཡིན་ཚུལ་བརྗོད་ཡོད། ཞི་ཡིས་རྒྱལ་གཅེས་ཀྱི་བསམ་པ་གོང་མཐོར་གཏོང་ཐབས་ཀྱི་དམིགས་ཡུལ་གཞན་ཞིག་ནི་རྒྱལ་ནང་དུ་དཔལ་འབྱོར་དོ་མཉམ་མེད་པའི་དཀའ་ངལ་དང་རྙོག་འཛིང་ཆེ་བའི་གནད་དོན་ཁག་ལས་གཡོལ་ཕྱིར་རེད།

དེ་བཞིན་ངོ་ཁེབ་སྲིད་ཇུས་དང་འགོག་ཁབ་སྲིད་ཇུས་གཉིས་ཀྱང་། ཞི་ཡིས་འཛམ་གླིང་གི་གར་སྟེགས་སུ་རྒྱ་གཞུང་གི་སྣང་བརྙན་སླར་གསོ་དང་མང་ཚོགས་ཀྱི་བསམ་བློའི་ཁ་ལོ་སྒྱུར་བའི་ཟློས་གར་ཞིག་ཡིན་པ་དང་། ཡུལ་གྲུ་སྐྱོ་བ་རྣམས་ལ་རིན་གོང་ཆག་ཡང་གིས་འགོག་ཁབ་མཁོ་སྤྲོད་བྱེད་རྒྱུའི་ཁས་ལེན་དམ་བཅའ་དེ་ཡང་གོ་ལའི་འཕྲོད་བསྟེན་དང་བུ་ལོན་གཡར་གཏོང་ཐད་སྣེ་ཁྲིད་ཀྱིས་རྒྱ་ནག་གི་འགོག་ཁབ་འཚོང་འགྲེམ་དང་། ཡུལ་གྲུ་དེ་དག་རྒྱ་ནག་ལ་མི་བསྟུན་ཐབས་མེད་ཀྱིས་མཐར་དབང་སྒྱུར་བྱེད་རྒྱུ་དེ་ཡིན་པ་རེད།

མ་རྩོམ་གྱི་འབྲེལ་ཐག https://zeenews.india.com/world/china-stoops-to-a-new-low-plans-this-move-to-achieve-its-political-ambitions-2331174.html

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

ཆུ་ཚོད་ ༡༥ སྔོན་ལ།
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese