མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་གྱི་ཕྱི་སྐྱོད་ལག་ཁྱེར་གསར་པ་དངོས་སུ་བཀྲམ།

བོད་ཀྱི་དུས་བབ།
༢༠༢༡/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༡ ཉིན་ཐའེ་ཝན་གཞུང་གིས་རྒྱལ་སྤྱིའི་སྟེང་རྒྱ་ནག་དང་ཐའེ་ཝན་གཉིས་མ་ནོར་བའི་ཆེད་དུ་བསྐྱར་བཅོས་བྱས་པའི་ཐའེ་ཝན་གྱི་ཕྱི་བསྐྱོད་ལག་ཁྱེར་གསར་པ་དེ་དངོས་སུ་འགྲེམས་སྤེལ་བྱས་ཡོད་པ་དང་རྒྱ་ནག་གཞུང་གིས་དེ་ནི་བྱབ་ཆུང་གི་བྱེད་སྟངས་ཡིན་སྐོར་སྐྱོན་བརྗོད་བྱས།ཐའེ་ཝན་གཞུང་གིས་འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་གསར་དུ་བཟོས་པའི་ལག་ཁྱེར་གསར་པ་དེའི་མདུན་ཤོག་སྟེང་། རྒྱ་ཡིག་ཐོག་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ (中華民國) ཞེས་པ་རང་སོར་བཞག་ཡོད་ཀྱང་། དབྱིན་ཡིག་གི་ཡིག་ཆེན་དུ་བཀོད་པའི་ Republic of China ཞེས་པ་མེད་པར་བཟོས་ཏེ། མདུན་ཤོག་དཀྱིལ་དུ་ཡོད་པའི་རྒྱལ་རྟགས་ཉི་མའི་དཀྱིལ་འཁོར་གྱི་མཐའ་རུ་ཡིག་ཆུང་ནང་བཀོད་ཡོད་པ་དང་། དེའི་གཤམ་འོག་ཏུ་བཀོད་པའི་དབྱིན་ཡིག་གི་ཐའེ་ཝན་ (Taiwan) ཞེས་པ་དེ་སྔར་ལས་ཡིག་གཟུགས་ཆེ་རུ་བཏང་སྟེ་མངོན་གསལ་དོད་པོ་བཟོས་ཡོད་སྟབས། དེ་ཉིད་ལག་དེབ་ངོས་ཀྱི་ཆེས་མངོན་པར་གསལ་བའི་མཚོན་རྟགས་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད།

ཐའེ་ཝན་གཞུང་གིས་འགྲེལ་བརྗོད་གནང་བ་ལྟར་ན། ཕྱི་བསྐྱོད་ལག་ཁྱེར་རྙིང་པའི་མདུན་ཤོག་སྟེང་དབྱིན་ཡིག་གི་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཅེས་པ་ཡིག་ཆེན་དུ་བཀོད་ཅིང་། ཐའེ་ཝན་ཞེས་པ་གཤམ་འོག་ཏུ་ཡིག་ཆུང་དུ་བཀོད་པའི་རྒྱུ་མཚན་གྱིས། ཐའེ་ཝན་གྱི་མི་སེར་རྣམས་རྒྱལ་སྤྱིའི་སྟེང་འགྲུལ་བཞུད་བྱེད་སྐབས། རྒྱ་ནག་གི་མི་སེར་དང་ནོར་བའི་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། ལྷག་པར་དུ་འདས་ལོར་མཚོན་ན། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འཛམ་གླིང་གི་རྒྱལ་ཁབ་མང་པོས་རྒྱ་ནག་གི་མི་སེར་རྣམས་རང་གི་རྒྱལ་ཁབ་ནང་ཡོང་རྒྱུར་བཀག་སྡོམ་བྱས་ཡོད་པ་ལྟར། ཐའེ་ཝན་གྱི་མི་སེར་རྣམས་ཀྱང་རྒྱ་ནག་གི་མི་སེར་དུ་ནོར་ནས་འགྲུལ་བཞུད་ལ་བཀག་སྡོམ་བྱས་པའི་གནད་དོན་ལྷགས་ཡོད་པས། ད་ཐེངས་ལག་དེབ་གསར་པ་དེས་འཁྲུལ་བ་དེ་ཉིད་སེལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་སྐོར་བཤད་འདུག

ཐའེ་ཝན་གཞུང་གིས་ལག་ཁྱེར་གསར་པ་འདོན་རྒྱུའི་གསལ་བསྒྲགས་བྱེད་སྐབས། རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པས་ཐའེ་ཝན་གཞུང་གི་བྱབ་ཆུང་གི་བྱེད་ཐབས་དེ་དག་གིས། ཐའེ་ཝན་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་དོན་དངོས་དེར་བསྒྱུར་བཅོས་གཏོང་ཐབས་མེད་སྐོར་སྐྱོན་བརྗོད་བྱས་ཡོད་པ་རེད།

རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འདིས་རྒྱ་ནག་གི་རྒྱལ་སྤྱིའི་སྟེང་གི་སྣང་བརྙན་ལ་དོ་ཕོག་ཆེན་པོ་ཐེབས་ཡོད་ཀྱང་། ཐའེ་ཝན་ལ་མཚོན་ན་གོ་སྐབས་གསར་པ་ཞིག་དང་། རྒྱལ་སྤྱིའི་སྟེང་ངོས་འཛིན་གསར་པ་ཞིག་ཐོབ་ཡོད་པ་རེད། སྤྱིར་རྒྱ་ནག་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་འོག་ནས་རྒྱལ་ཁབ་གཞན་གྱིས་ཐའེ་ཝན་དང་ཕྱི་འབྲེལ་འཛུགས་རྒྱུར་བཀག་འགོག་དང་། ལྷག་པར་དུ་ཐའེ་ཝན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལྟ་བུའི་རྒྱལ་སྤྱིའི་སྒྲིག་འཛུགས་ནང་ཞུགས་རྒྱུར་དགག་བྱ་ཤུགས་ཆེན་པོ་བྱེད་བཞིན་ཡོད་ནའང་། འདས་ལོར་འཛམ་གླིང་གི་མགོ་འཁྲིད་མི་ཉུང་བའི་ཁྲོད་ཐའེ་ཝན་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་སྒྲིག་འཛུགས་ནང་ཞུགས་དགོས་པའི་བསམ་ཚུལ་བཏོན་ཡོད་ལ། ཐའེ་ཝན་གྱི་སྲིད་འཛིན་ཚའེ་ཡེན་ཝུན་གྱིས་ཀྱང་རང་གི་སྲིད་འཛིན་ལས་ཡུན་གཉིས་པའི་སྲིད་ཇུས་གཙོ་བོའི་ཁྲོད། ཐའེ་ཝན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁོར་ཡུག་ནང་ཞུགས་ཐབས་དང་། ཐའེ་ཝན་དེ་ཉིད་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་བསྐྲུན་རྒྱུ་དེ་ཡིན་པ་རེད།

འདས་པའི་ལོ་གཅིག་ནང་རྒྱ་ནག་གི་གནོན་ཤུགས་དང་སྐྱོན་བརྗོད་སོགས་ལ་མ་འཛེམ་པར། ཨ་རིས་འདས་པའི་ལོ་ངོ་ ༥༠ ལྷག་གི་རིང་ཐེངས་དང་པོར་ཆེས་མཐོའི་གཞུང་འབྲེལ་སྐུ་ཚབ་དང་མི་སྣ་ཐའེ་ཝན་ལ་བསྐྱོད་པ་མ་ཟད། ཟླ་སྔོན་མའི་ཕྱི་ཚེས་ ༢༧ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཨ་རི་དང་ཐའེ་ཝན་དབར་གྱི་འབྲེལ་ལམ་གོང་འཕེལ་ལ་དམིགས་པའི་ཐའེ་ཝན་འགན་ལེན་ཁྲིམས་འཆར་ (Taiwan Assurance Act of 2020) ལ་མཚན་རྟགས་བསྐྱོན་ཡོད་ཅིང་། དེ་བཞིན་ཉེ་ཆར་ཕྱི་ཚེས་ ༩ ཉིན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་པེ་ (Mike Pompeo) མཆོག་གིས། ཨ་རིའི་གཞུང་དང་གཞུང་འབྲེལ་མི་སྣ་རྣམས་ཀྱིས་ཐའེ་ཝན་ལ་འབྲེལ་ལམ་འཛུགས་ཐབས་སྐོར་གྱི་བཀག་རྒྱ་རང་བཞིན་གྱི་ཁྲིམས་དེ་ཉིད་རྩིས་མེད་བཏང་སྟེ། འབྱུང་འགྱུར་ཨ་རིའི་གཞུང་འབྲེལ་མི་སྣ་རྣམས་ཀྱིས་ཁྲིམས་ཀྱི་བཀག་འགོག་མེད་པའི་ཐོག་ནས་གང་འདོད་དུ་ཐའེ་ཝན་ལ་འབྲེལ་ལམ་འཛུགས་ཆོག་པའི་ལམ་ཁ་བཤངས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese