མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀྲིན་རྗེས་དྲན་གྱི་དག་སྣང་རྔ་བོ་ཆེ་ཡོངས་སུ་གྲགས་པ།

བོད་ཀྱི་དུས་བབ།
༢༠༢༡/༠༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

༄ཆོས་གྲོགས་ན་གཞོན་དོ་སྣང་ཅན་རྣམས་ལ་ཞུ་རྒྱུར། འདི་ལོ་༧རྒྱལ་བའི་བཀྲིན་རྗེས་དྲན་གྱི་སྲུང་བརྩི་རང་གཞུང་ནས་གཏན་འབེབས་གནང་ཡོད་པ་ཚང་མས་མཁྱེན་གསལ་དང་ངོས་ནས་ཀྱང་བཀྲིན་རྗེས་དྲན་གྱི་མཛད་རྣམ་སྙིང་བསྡུས་ཚིགས་བཅད་བཅུ་གཉིས་ཅན་ཞིག་རྩོམ་སྒྲིག་ཞུས་ཡོད་པས་ཁྱེད་རྣམས་ལ་ཐུགས་ཕན་གསོ་བ་དང་གོ་བདེ་ཡོང་ངེས་རེ་བ་བཅས་དོ་སྣང་ཅན་གཞན་རྣམས་ལའང་དཔར་སྐྲུན་འགྲེམས་སྤེལ་གནང་སྐྱོང་དགོངས་འཇགས་ཞུ།

༡༽ – ༢༽  སྐུ་འཁྲུངས་ཚུལ།

༣༽ བོད་ཀྱི་ཆབ་སྲིད་ཐུགས་འགན་བཞེས་གནང་མཛད།

༤༽ སེར་འབྲས་དགའ་གསུམ་དུ་དགེ་བཤེས་ལྷ་རམས་མཚན་བཞེས་དམ་འཇོག་མཛད།

༥༽ ལྷ་ལྡན་ནས་འཕགས་ཡུལ་དུ་བཙན་བྱོལ་ལ་ཕེབས།

༦༽ འཕགས་ཡུལ་དུ་ཐོག་མར་སློབ་གྲྭ་དང་ནང་རིག་བསྟི་གནས་དང་གཞིས་ཆགས་གསུམ་གསར་བཙུགས་མཛད།

༧༽ དགེ་བཤེས་མའི་སློབ་གཉེར་གསར་གཏོད་གནང་།

༨༽ འཛམ་གླིང་ཞི་བདེའི་གཟེངས་རྟགས་སོགས་འབུལ་བཞེས་གནང་བ།

༩༽ མང་གཙོའི་ལམ་སྲོལ་གསར་གཏོད་གནང་།

༡༠༽ རྒྱལ་སྤྱིའི་སྡིངས་སྟེང་དུ་ནང་ཆོས་དང་ཚན་རིག་མཉམ་ལྕོགས་མཛད།

༡༡༽ འཛམ་གླིང་ཞི་བདེ་སོགས་ལ་དམིགས་པའི་ཐུགས་བསྐྱེད་བཞིའི་སྐོར།

༡༢༽ སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས།

༄༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་ཚེ་མི་ཤིགས་ཡུན་དུ་བརྟན་པའི་གསོལ་བ་འདེབས་པ་ “བཀའ་དྲིན་རྗེས་དྲན་གྱི་དག་སྣང་རྔ་བོ་ཆེ་ཡོངས་སུ་གྲགས་པ་”ཞེས་བྱ་བ་བཞུགས་སོ།།

 

༄༅། །ཨོཾ་སྭསྟི། འཕགས་མཆོག་ཕྱག་ན་པད་མོར་ཕྱག་འཚལ་ལོ།

༡༽ དད་པའི་ས་གཞིར་ཚུལ་ཁྲིམས་ས་བོན་བརྟེན།

བྱམས་པའི་མྱུ་གུ་ཏིང་འཛིན་ཆུས་བརླན་པའི།

རྩ་བ་སྙིང་རྗེ་ཆུ་བ་བྱང་ཆུབ་སེམས།

ཡལ་ག་ཕར་ཕྱིན་ལོ་མ་བསྡུ་བའི་དངོས།

མེ་ཏོག་ནོར་བདུན་འབྲས་བུ་རྗེས་དྲན་དྲུག

དགེ་བཅུའི་དྲིས་ཁྱབ་སློབ་མའི་བྱ་ཚོགས་འདུ།

ཤིང་མཆོག་དེ་འདྲའི་བྱང་ཆུབ་སེམས་དཔའ་ནི།

ལྟག་མཚེར་འཁྲུངས་པའི་བསྟན་འཛིན་རྒྱ་མཚོའི་ཞབས།

སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ།།

 

༢༽  འཕྲིན་ལས་བཟང་པོས་གངས་ལྗོངས་ཡུལ་དུ་འཁྲུངས།

སྐྱེ་བ་བཟང་པོ་༧་རྒྱལ་བའི་རིགས་སུ་འཁྲུངས།

རིགས་བརྒྱུད་བཟང་པོ་ཐེག་ཆེན་རིགས་སུ་འཁྲུངས།

སྨོན་ལམ་བཟང་པོས་སངས་རྒྱས་སྲས་སུ་འཁྲུངས།

དེ་འདྲའི་བླ་མ་བྱང་ཆུབ་སེམས་དཔའ་སྟེ།

གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ལ།

སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ།།

 

༣༽  ལྷག་པར་བོད་ཀྱི་བསྟན་སྲིད་འཇིག་ཉེན་ཚེ།

ལྷ་མི་ཀུན་གྱིས་གསོལ་འདེབས་མགྲིན་གཅིག་གིས།

སྟག་བྲག་གདོང་ལྔའི་ཁྲི་ལ་མངོན་པར་འཕགས།

ཞུམ་པ་མེད་པར་བསྟན་སྲིད་བདག་གིར་བཞེས།

རིགས་ཀྱི་ཅོད་པན་གཙུག་གི་ནོར་བུ་རུ།

སྙན་པའི་བ་དན་འཛམ་གླིིང་ཡོངས་སུ་གྲགས།

བཀའ་དྲིན་ཆེ་འོ་བསྟན་འཛིན་རྒྱ་མཚོ་ལ།

སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ།།

 

༤༽  ས་ཕག་སྨོན་ལམ་ཆེན་མོར་འདུས་པའི་ཚོགས།

མཁས་མང་ཁྲི་ཕྲག་བརྒལ་བའི་དཀྱིལ་འཁོར་དབུས།

གཞུང་ཆེན་ལྔ་ལ་བརྒལ་བརྟག་འབྲུག་སྒྲ་བཞིན།

ལྷག་པར་དབུ་མའི་ལྟ་བ་ལམ་བཟང་དགྱེས།

ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་ཁྱོད།

འཛམ་གླིང་ཡོངས་ལ་དམ་པའི་བདུད་རྩི་སྤེལ།

བཀའ་དྲིན་ཆེ་འོ་བསྟན་འཛིན་རྒྱ་མཚོ་ལ།

སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ།།

 

༥༽  རྒྱ་དམར་གཏུམ་སྤྱོད་མེ་སྒྱོགས་དྲག་མཚོན་ལས།

བཟུར་ནས་ལྷ་ལྡན་ཞི་བའི་རྒྱལ་ས་ནས།

བསྟན་འགྲོའི་དོན་དུ་རེ་ཞིག་འཕགས་ཡུལ་ཕེབས།

རྒྱ་གར་ས་གནས་གྲོང་ཁྱེར་ཏེ་ཇི་པུར།

འཛམ་གླིང་ཡོངས་ཀྱི་གསར་འགོད་བཅུ་ཕྲག་བརྒྱད།

ཆེད་བཅར་དབུས་སུ་བོད་རྒྱའི་གནས་ཚུལ་སོགས།

འཕགས་པའི་ཡུལ་ནས་ཐོག་མར་གསལ་བསྒྲགས་མཛད།

བཀའ་དྲིན་ཆེ་འོ་བསྟན་འཛིན་རྒྱ་མཚོ་ལ།

སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ།།

 

༦༽  མ་འོངས་གངས་ལྗོངས་རང་དབང་གསར་པའི་དཔལ།

ཁ་བ་ཅན་པའི་རིགས་མྱུག་སྐྱེད་སྲིང་ཆེད།

འཕྲལ་དུ་འཚོ་ཚིས་འདུ་འགོད་དང་པོར་མཛད།

བོད་ཀྱི་གཅེས་ནོར་ནང་ཆོས་སློབ་གཉེར་ཆེད།

ས་དགེ་བཀའ་རྙིང་འདུ་འགོད་གཉིས་པར་མཛད།

ཕུགས་ཀྱི་བྱེས་འབྱོར་ཡོངས་ཀྱི་འཚོ་ཐབས་ལ།

གཞིས་ཆགས་རིམ་བཞིན་འཛུགས་སྒྲིག་གསུམ་པར་མཛད།

འཕགས་པའི་ཡུལ་དུ་དགོངས་བཞེས་དེ་ལྟར་བགྱིས།

བཀའ་དྲིན་ཆེ་འོ་བསྟན་འཛིན་རྒྱ་མཚོ་ལ།

སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ།

 

༧༽  དེང་དུས་ཤེས་ཡོན་གཅེས་ནོར་ནང་རིག་སོགས།

ཐབས་ལམ་སྣ་ཚོགས་གནང་བའི་དགོངས་བཞེད་ལ།

དགེ་བཤེས་མ་ཡི་སློབ་གཉེར་གསར་གཏོད་མཛད།

དུས་སུ་བབས་པའི་བདེན་གཏམ་རྔ་བོ་ཆེ།

འཛམ་གླིང་ས་ཡི་ཁྱོན་འདིར་བརྡུངས་པ་ན།

ཁྲི་ཕྲག་གཟུར་གནས་བཙུན་མ་ཚོགས་ཀུན་གྱིས།

མཐུན་འགྱུར་དབྱངས་ཀྱིས་ང་རོ་གསང་མཐོར་བསྒྲགས།

བཀའ་དྲིན་ཆེ་འོ་བསྟན་འཛིན་རྒྱ་མཚོ་ལ།

སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ།

 

༨༽   རྒྱ་དམར་གཞུང་གིས་བཙན་གནོན་ཇི་བྱས་ཀྱང་།

སྙིང་རྗེའི་འོད་འབར་ཞི་བའི་ཐབས་ལམ་ནས།

འབྲེལ་ལམ་རྒྱུན་བསྲིངས་གནང་བའི་མངོན་བསྟོད་ལ།

འཛམ་གླིང་སྤྱི་ཡི་དེད་དཔོན་ཡོངས་སུ་གྲགས།

བོད་ཀྱི་བདེན་མཐའ་དབུ་འཕང་གུང་ལ་སྙེག

བཀའ་དྲིན་ཆེ་འོ་བསྟན་འཛིན་རྒྱ་མཚོ་ལ།

སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ།།

 

༩༽   གཞིས་བྱེས་བདེ་སྐྱིད་དཔལ་ཡོན་དགའ་སྟོན་ཆེད།

ལུགས་གཉིས་མང་གཙོའི་ལམ་སྲོལ་གསར་གཏོད་བསྐྱངས།

ཆོལ་གསུམ་མཐུན་ལམ་རྡོག་རྩའི་རྔ་བོ་ཆེས།

བོད་ཅེས་བྱ་བ་ཞི་བའི་བསྟི་གནས་འགྱུར།

བཀའ་དྲིན་ཆེ་འོ་བསྟན་འཛིན་རྒྱ་མཚོ་ལ།

སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ།།

 

༡༠༽ ཆེད་གཏད་དབུ་ཚད་རིགས་པའི་གཞུང་ལུགས་སོགས།

ཆེས་ཟབ་ནང་པའི་ལྟ་གྲུབ་ཚན་རིག་མཉམ།

རིགས་པའི་སྲང་ལ་བསྐྱོན་ནས་བགྲོ་གླེང་གིས།

རྒྱལ་སྤྱིའི་རིགས་པའི་སྡིངས་སྟེང་མཉམ་ལྕོགས་མཛད།

གཟུར་གནས་མཁས་མཛངས་ཡོངས་ཀྱིས་ངོ་མཚར་བརྟས།

བཀའ་དྲིན་ཆེ་འོ་བསྟན་འཛིན་རྒྱ་མཚོ་ལ།

སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ།།

 

༡༡༽ འཛམ་གླིང་ཞི་བདེར་དམིགས་ཏེ་ཐུགས་བསྐྱེད་བཞི།

ཀ༽  དུང་ཕྱུར་བདུན་ཅུའི་ཁྱིམ་ཚང་ཆེན་པོའི་ནང་།

ཆོས་ཀྱི་ལྟ་གྲུབ་ཡིད་ཆེས་མ་ལྟོས་པར།

ཡ་རབས་བཟང་སྤྱོད་ཡོངས་སུ་སྤེལ་ཐབས་ནི།

མགོན་པོ་གང་གི་ཐུགས་བསྐྱེད་དང་པོའོ།

ཁ༽  འཛམ་གླིང་ཆོས་ལུགས་ཐ་དད་ཡོད་པ་རྣམས།

ཕན་ཚུན་མི་འགལ་བྱམས་བརྩེས་དག་སྣང་སྤེལ།

མཛའ་ཕྱོགས་མཐུན་འབྲེལ་བཟང་པོའི་ལམ་སྟོན་དེ།

འདི་ནི་མགོན་པོའི་ཐུགས་བསྐྱེད་གཉིས་པའོ།

ག༽  བོད་ཀྱི་རི་མཐོན་གངས་རི་ཆུ་རྒྱུན་གྱིས།

ཨེ་ཤེའི་མི་རིགས་ས་ཡ་མང་པོ་ལ།

ལོངས་སུ་སྤྱོད་ཅིང་ཕན་འདོགས་ཆེན་པོ་དེ།

སྦགས་འདྲེས་མེད་ཅིང་ཁོར་ཡུག་གཙང་གལ་ཆེ།

དེ་ནི་མགོན་པོའི་ཐུགས་བསྐྱེད་གསུམ་པའོ།

ལྷག་པར་བོད་ཀྱི་ཆོས་རིག་སྲུང་སྐྱོབ་ཐད།

དེང་དུས་མགོན་པོ་འཚོ་བཞིན་བཞུགས་མེད་ན།

བོད་ཅེས་མིང་ལྷག་ཙམ་དུ་འགྱུར་ངེས་ལ།

མགོན་ཁྱོད་མཛད་འཕྲིན་འཛམ་གླིང་ཀུན་དུའང་།

བོད་ཀྱི་ཏྭ་ལའི་བླ་མར་མངོན་བསྟོད་དེ།

བོད་དང་བོད་མིའི་མིང་ཡང་ཁྱད་པར་འཕགས།

བཀའ་དྲིན་ཆེ་འོ་བསྟན་འཛིན་རྒྱ་མཚོ་ལ།

སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ།

ང༽  རྒྱལ་བསྟན་ཡོངས་རྫོགས་བོད་བརྒྱུད་ནང་བསྟན་འདི།

དཔལ་ལྡན་ནཱ་ལན་དྲ་ཡི་བཞེད་སྲོལ་དུ།

དྲི་མེད་རིགས་པས་ལམ་ནས་བསྟན་པར་མཛད།

འཕགས་པའི་ཡུལ་དུ་དེ་དག་ཉམས་བསྡད་པ།

གནའ་བོའི་རིག་གཞུང་སླར་གསོ་གནང་ཐབས་མཛད།

འདི་ནི་མགོན་པོའི་ཐུགས་བསྐྱེད་བཞི་པའོ།

བཀའ་དྲིན་ཆེ་འོ་བསྟན་འཛིན་རྒྱ་མཚོ་ལ།

སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ།

 

༡༢༽ གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་མཆོག

བསྟན་འགྲོ་སྤྱི་དང་ཁྱད་པར་བོད་མི་ལ།

ཐུགས་བསྐྱེད་མི་ལྷོད་བཀྲིན་བླ་མེད་ཆེ།

འགྲོ་བའི་གདུང་སེལ་ཆེན་པོར་ཞབས་བརྟན་ཤོག

རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་།

རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་།

ལྷག་བསམ་རྣམ་པར་དག་པའི་བདེན་སྟོབས་ཀྱིས།

རྣམ་དག་སྨོན་པའི་དོན་ཀུན་མྱུར་འགྲུབ་ཤོག

ཅེས་༧་གོང་ས་ལྷ་མིའི་རྣམ་འདྲེན་༧་སྐྱབས་མགོན་༧་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ། བདག་གི་དགེ་སློང་གི་མཁན་སློབ་སྦྲགས་མ། དོན་གྱི་སླད་དུ་མཚན་ནས་སྨྲོས་ན། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག འཛམ་གླིང་སྤྱི་དང་ཁྱད་པར་བོད་གངས་ལྗོངས་དུས་ཟིང་གཉན་འཕྲང་འདི་ལྟ་བུའི་སྐབས་བཀའ་དྲིན་བླ་མེད་དུ་ཆེ་ཞིང་། བདག་ཅག་གངས་ཅན་པ་རྣམས་ཀྱི་དོན་དུ་སྐུ་ཚེ་མི་ཤིགས་ཡུན་དུ་བརྟན་པའི་གསོལ་བ་འདེབས་པ་  “བཀྲིན་རྗེས་དྲན་གྱི་དག་སྣང་རྔ་བོ་ཆེ་ཡོངས་སུ་གྲགས་པ་” ཞེས་པ་འདི་ཡང་། སྐྱབས་འོག་པ་མཛད་རྣམ་ལས་བྱེད་ཟུར་པ་དད་ལྡན་པདྨ་རིག་འཛིན་གྱིས་ལག་གཉིས་སོར་མོ་སྙིང་ཁར་བཀོད་དེ་སྤྲོ་བ་ཆེན་པོས་སྦྱར་བ་དགེའོ།།    །།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༧ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese