མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་བུ་མོ་ཕུར་པ་ལྷ་མོའི་ཁྱིམ་ཚང་ལས་འཕྲོས་ཏེ་གཞིས་ཆགས་པ་གླེང་པ།

བོད་ཀྱི་དུས་བབ།
༢༠༢༡/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཀླུ་སྨྱོན་ཧེ་རུ་ཀ

ཁོ་བོར་མཚོན་ན་རྒྱ་གར་དང་བལ་ཡུལ་དུ་མ་བསླེབས་བར་གཞིས་ཆགས་པའི་སྐོར་ལ་ཆ་རྒྱུས་ཕྲན་བུ་ཙམ་ཡང་མེད། རང་ཉིད་ཀྱི་ཁུ་བོར་གཏོགས་པའི་གྲྭ་པ་ཆོས་མཛད་ཅེས་པ་ཞིག་༡༩༥༩ ལོའི་སྔོན་དུ་ལྷ་སར་བསྐྱོད་འདུག་ཅིང་། དེར་དགེ་འདུན་ཆོས་འཕེལ་གྱི་གྲོགས་པོ་ནང་མ་ཞིག་ཏུ་གྱུར་པ་དང་འབྲེལ་ལྷ་བྲིས་པ་ཞིག་ཏུ་ཡང་གྱུར་འདུག་པ་དང་། དེ་ནས་༡༩༥༩ ལོར་རྒྱ་གར་དུ་སོང་སྟེ་རྡོ་རྗེ་གླིང་དུ་གཞིས་ཆགས་པ་དང་། རྗེས་སུ་སྤྱི་ལོ་ ༡༩༨༢ ཡིན་ནམ་ཞིག་ལ་ཕྱིར་ཁོའི་ཕ་ཡུལ་བོད་མདོ་སྨད་དུ་ནང་མི་གཉེན་འཕྲད་ཀྱི་ཆེད་དུ་བསླེབས་སོང་། སྐབས་དེར་རང་ཉིད་ལོ་ན་ཧ་ཅང་ཆུང་བས་ཁོང་ལ་རྒྱ་གར་གྱི་སྐོར་སྐད་ཆ་འདྲི་རྒྱུའི་གོ་སྐབས་ཅི་ཡང་བྱུང་མ་སོང་ཡང་། ཁོང་གིས་གྱོན་པའི་རྐང་སྣམ་དཀར་པོ་དེ་དང་ཕ་ཡུལ་ཁྲི་ཀ་ནས་ཡིན་པའི་ཁོའི་བུ་མོའི་མག་པ་དེས་རྒྱ་གར་ནས་ཁྱེར་ཡོང་བའི་ཚོང་ཟོག་ཁག་ཅིག་ཚོང་ཁྲོམ་དུ་བཤམས་པ་དེ་རེད།

རྗེས་སུ་སྤྱི་ལོ་ ༡༩༩༤ ལོར་རང་ཉིད་ཧི་མ་ལ་ཡའི་རི་བརྒྱུད་བརྒལ་ནས་བཙན་བྱོལ་ལ་འབྱོར་བའི་སྐབས་སུ། ཆེས་ཐོག་མར་བལ་ཡུལ་སྣེ་ལེན་ཁང་གི་ལས་བྱེད་རྣམ་པ་དང་། དེ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སྣེ་ལེན་ཁང་གི་ལས་བྱེད་དང་བྷོ་དྷི་བྷི་ཡར་གནས་སྡོད་བོད་མི་ཚོའི་ཚོང་ཁྲོམ་དང་ཟ་ཁང་ཉུལ་ཏེ། བཙན་བྱོལ་བོད་མིའི་རིག་གཞུང་དང་འཚོ་བར་རྒྱུས་ལོན་བྱེད་པའི་གོ་སྐབས་ཤིག་ཐོབ་པ་དང་། དེ་ནས་རྒྱ་གར་ལྷོ་ཕྱོགས་སུ་འབྱོར་ཏེ་ལོ་གཅིག་དང་ཟླ་ཤས་རིང་དེར་བསྡད་པའི་རིང་དང་། གོང་ས་མཆོག་གི་གསུང་ཆོས་ཞུ་ཆེད་རྡ་རམ་ས་ལར་ཐེངས་ཁ་ཤས་བསྐྱོད་པའི་སྐབས། དེ་བཞིན་རྡོ་རྗེ་གདན་དང་ཝ་ར་ཎ་སི་སོགས་རྒྱ་གར་གནས་ཆེན་ཁག་ཏུ་གནས་མཇལ་ལ་བསྐྱོད་སྐབས། མཐའ་མར་བལ་ཡུལ་དུ་ལོ་དྲུག་གི་རིང་བསྡད་པའི་སྐབས་སུ་བཙན་བྱོལ་བོད་མིར་འབྲེལ་འདྲིས་བྱས་པའི་སྐབས་བཅས་སུ་རིམ་བཞིན་བཙན་བྱོལ་བོད་མིར་ཆ་རྒྱུས་ཆེ་ཙམ་ལེན་པའི་གོ་སྐབས་ཡག་པོ་ཞིག་བྱུང་།

རྩ་བའི་ཆ་ནས་རང་ཉིད་བོད་གངས་ཅན་པའི་ཆོས་རིག་དཔལ་འབྱོར་གྱི་ལྟེ་བ་མདོ་སྨད་རྟ་ཡི་ཆོལ་ཁ་ནས་འཚར་ལོངས་བྱུང་བ་དང་། ཁྱད་པར་དུ་རིག་གནས་གསར་བརྗེའི་རྗེས་ཀྱི་དུས་རབས་ཧ་ཅང་གལ་གནད་ཆེ་བ་ཞིག་སྟེ། བོད་ཀྱི་ཆོས་སྡེ་ཁག་ནས་ཡིན་པའི་མཁས་པ་སྐོར་ཞིག་ས་གནས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་རྒན་གྱི་ལས་གནས་སུ་ཞུགས་ཏེ། བོད་ཀྱི་མི་རབས་གསར་པའི་དཔུང་ཁག་ཅིག་ལ་གངས་ཅན་པའི་ཆོས་དང་རིག་གཞུང་ཤི་མ་གསོན་དེའི་ཚེ་སྲོག་ཕྲ་མོ་ཞིག་བརྒྱུད་སྤྲོད་བྱེད་བཞིན་པའི་དུས་སྐབས་སུ་འཚར་ལོངས་བྱུང་བ་ཞིག་ཡིན་པའི་ཆ་ནས། བོད་ཀྱི་ཆོས་དང་རིག་གཞུང་གི་བྲོ་བ་ཕྲན་བུ་ཞིག་མྱངས་རྗེས་བཙན་བྱོལ་དུ་འབྱོར་བ་དང་། རང་ཡུལ་ལ་མཚོན་ན་བོད་མི་རྒན་དར་གཞོན་གསུམ་གྱི་ཕལ་མོ་ཆེས་བོད་སྐད་བཤད་ཅིང་བོད་ཡིག་འབྲི་བའི་ཁོར་ཡུག་ཅིག་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པས། རྒྱ་གར་དང་བལ་ཡུལ་དུ་སྡོད་པའི་བོད་མི་བཙན་བྱོལ་བ་ཚོའི་འཚོ་བ་དང་རིག་གཞུང་དེ་བོད་ནང་གི་བོད་མི་ཚོའི་འཚོ་བ་དང་གཤིབ་བསྡུར་བྱེད་རྒྱུར་སྤྲོ་བ་ཆེ་བའི་བོད་མི་བཙན་བྱོལ་གསར་འབྱོར་བ་གཞན་དག་དང་མཚུངས་པ་ཞིག་ཡིན་ལ། བོད་ཕྱི་ནང་གི་རིག་གཞུང་དང་འཚོ་བ་གཤིབ་བསྡུར་བྱེད་ཐེངས་རེ་རེར། རང་ཉིད་ལ་མཚོན་ན་བོད་མི་གཞིས་ཆགས་པའི་ཕྱོགས་སུ་འདོད་བློ་མ་ཁེངས་པའི་སྐད་ཆ་ཐེངས་མང་བཤད་པ་དང་རྩོམ་ཡིག་རེ་ཟུང་བྲིས་ཡོད་པའི་ཆ་ནས། སྐབས་དེར་རང་ཉིད་ཀྱིས་བཙན་བྱོལ་བོད་མིའི་འཚོ་བའི་རྒྱབ་ལྗོངས་ལ་ཞིབ་འཇུག་བྱས་པ་མི་འདང་ཞིང་། བཙན་བྱོལ་བོད་མིར་འབྲེལ་འདྲིས་བྱས་པ་དེ་བས་ཀྱང་འདང་ངེས་ཤིག་བྱུང་མི་འདུག

རྗེས་སུ་རང་ཉིད་ནུབ་ཕྱོགས་ཨ་རིར་བསླེབས་ཤིང་། རྒྱ་གར་དང་བལ་ཡུལ་ཇི་བཞིན་ཨ་རིར་ཡང་བོད་པ་སྐྱབས་བཅོལ་བའི་སྤྱི་ཚོགས་ཤིག་ལ་འཕྲད་པ་དང་། དེ་ཚོའི་འཚོ་བ་དང་དེ་ཚོའི་བུ་ཕྲུག་ཚོའི་ནུབ་ཕྱོགས་རིག་གཞུང་གིས་བསླུས་ཟིན་པའི་ཉིན་རེའི་འཚོ་བ་དང་སེམས་ཁམས་སོགས་ལ་རྒྱུས་ལོན་ཆེ་ཙམ་བྱུང་རྗེས། གཞི་ནས་གཉིད་ལས་སད་པ་ལྟར་དུ་གྱུར་ཏེ། བོད་ནང་གི་བོད་མིའི་འཚོ་བ་དང་རིག་གཞུང་གི་ཤི་གསོན། རྒྱ་གར་དང་བལ་ཡུལ་གྱི་བོད་མིའི་འཚོ་བ་དང་རིག་གཞུང་གི་སྣང་ཚུལ། ནུབ་ཕྱོགས་སུ་ཡོད་པའི་བོད་མིའི་འཚོ་བ་དང་རིག་གཞུང་གི་འཕེལ་རིམ་གསུམ་གཤིབ་བསྡུར་བྱེད་ཐེངས་རེ་རེར། རང་ཉིད་ཀྱི་སེམས་གཏིང་དུ་འཇིགས་སྐྲག་གི་འདར་ཡོམ་ཆེན་པོ་རེ་རེ་དང་། སེམས་ཁྲལ་གྱི་གདུང་ཚོར་དྲག་པོ་སྐྱེས་པ་ལན་གཅིག་ག་ལ་ཡིན་ཏེ་མ་ཡིན་ནོ།།

ཁྱད་པར་དུ་ཉིན་ཤས་སྔོན་ངོ་དེབ་དང་ཁྲེ་ལི་སྒ་རམ་གཉིས་སུ་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་སུ་ཆུང་དུས་ནས་བོད་མི་དང་མཉམ་དུ་འཚོ་བ་བསྐྱལ་ཏེ་འཚར་ལོངས་བྱུང་བའི་རྒྱ་གར་བ་མི་ཚང་ཞིག་གི་གཏམ་རྒྱུད་ལ་ལྟ་ཉན་བྱས་རྗེས། ངའི་སེམས་ཁོང་དུ་ཚོར་བ་དྲག་པོ་ཞིག་མེ་ལྕེ་འབར་འབར་བྱས་སོང་། ངའི་ལག་སོར་གྱི་རྩེ་ནས་ཀ་ཁ་སུམ་ཅུ་རྟ་རྒོད་བརྒྱུགས་བརྒྱུགས་བྱས་སོང་། དེ་ནི་ངས་བོད་མི་གཞིས་ཆགས་པར་བཅངས་པའི་སྔོན་ཆད་ཀྱི་ལྟ་ཚུལ་ངན་པ་དེ་ཚོར་སེར་ཀ་ཆེན་པོ་ཞིག་གདངས་ཡོང་བས་རེད་ལ། དེ་ནི་ངས་རང་ཉིད་དང་ཤ་རུས་གདུང་རྒྱུད་གཅིག་པའི་བོད་མིར་བཟུང་བའི་དུང་ཞེན་གྱི་མདུད་པ་དམ་དུ་སོང་བའི་རྟགས་མཚན་ཞིག་ཀྱང་རེད།

དེ་ནི་འདི་ལྟ་སྟེ། ཕུར་པ་ལྷ་མོ་ཟེར་བའི་རྒྱ་གར་བུ་མོ་འདི་དང་མོའི་ཕ་མ་གཉིས། ད་དུང་མོའི་གཅུང་མོ་དེ་བཅས་ཀྱིས་བོད་སྐད་ཆུ་རྒྱུགས་པ་ལྟར་བཤད་པ་དང་། བོད་པའི་ཟ་མ་མོག་མོག་བཟོ་བ། ནང་དུ་བོད་པའི་མཆོད་བཤམ་བསྒྲིགས་ཏེ་བོད་ལུགས་གསོལ་བ་སྨོན་ལམ་འདོན་པ། གོང་ས་མཆོག་དང་བོད་མིར་ལྷག་བསམ་རྣམ་དག་གིས་དགའ་མོས་བྱེད་པ། བོད་ཡུལ་ལ་སྐྱིད་པའི་ཉི་མ་འཆར་བར་རེ་སྒུག་བྱེད་པ། བོད་མིའི་སྤྱི་ཚོགས་ཁྲོད་དུ་ཡང་རྒྱ་གར་མི་ཚང་དེར་ལྟ་སྟངས་ཧ་ཅང་ཡག་པོ་ཞིག་ཡོད་པས། ནང་གི་པ་ལགས་དེར་བོད་མིའི་གཞུང་སྒེར་གཉིས་ཀ་ནས་བསྔག་བརྗོད་བྱས་དང་བྱེད་བཞིན་པ་སོགས་ཏེ། མདོར་ན་བཙན་བྱོལ་བོད་མི་ཚོས་འདས་པའི་ལོ་ངོ་དྲུག་ཅུའི་ནང་། རང་ཉིད་ལས་གྲངས་འབོར་དེ་ལྡབས་ས་ཡ་བརྒྱ་ཕྲག་ལྷག་གིས་ཆེ་བའི་རྒྱ་གར་ཡུལ་མིའི་སྤྱི་ཚོགས་ཁྲོད་དུ། དཀའ་བ་ཁྱད་དུ་བསད་ཅིང་ངལ་བ་དང་དུ་བླངས་ཏེ་རང་ཉིད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཇི་ལྟར་བྱས་ཡོད་པའི་སྐོར་དེ་རེད།སྐབས་འདིར་སྔོན་ཆད་ཁོ་བོ་བལ་ཡུལ་དུ་སྡོད་སྐབས་ཀྱི་གནས་ཚུལ་ཞིག་ཀྱང་དྲན་སོས་ཡོང་བ་སྟེ། ཉིན་ཞིག བདག་གིས་སྐྱེས་ཡུལ་ཁམས་ཕྱོགས་ནས་ཡིན་པ་དང་། གནས་སྐབས་རིང་རྒྱ་གར་ལྷོ་ཕྱོགས་ཀྱི་གྲྭ་ས་ཞིག་ནས་བསྡད་རྗེས་བལ་ཡུལ་དུ་འབྱོར་བའི་ཁམས་པ་དར་མ་ཞིག་གིས་བཟོ་ཁང་ཆུང་ཆུང་ཞིག་གཉེར་ཡོད་པ་མཐོང་ཞིང་། ཁོའི་ཆུང་མ་མི་རིགས་རྒྱ་གར་ལྷོ་ཕྱོགས་པ་ཡིན་པ་དེས་བོད་སྐད་ཆུ་བཞུར་བཞུར་བཤད་ཤེས་པ་དང་། མོའི་ངོ་གདོང་ལ་མ་བལྟས་པར་རྒྱབ་ཕྱོགས་ནས་ཉན་ན་མོའི་བོད་སྐད་དེ་བོད་རིགས་གཙང་མ་གཙང་རྐྱང་ཞིག་གིས་བཤད་པའི་བོད་སྐད་དང་ཁྱད་པར་ཏིལ་འབྲུ་ཙམ་ཡང་མེད་པ་དེའོ།། གཞན་འདས་པའི་ལོ་ཤས་རིང་ངོ་དེབ་ནང་དུ་རྒྱ་གར་བ་གླ་འཁོར་གཏོང་མཁན་དང་ཚོང་ཙག་ཙིག་རྒྱག་མཁན་དེ་འདྲས་བོད་སྐད་ཆུ་བཞུར་བཞུར་བཤད་ཀྱིན་ཡོད་པ་མཐོང་མྱོང་བ་དང་། རྒྱ་གར་བ་དེ་ཚོས་དེ་ལྟར་ཁོ་ཚོ་དང་ཆོས་རིག་རིགས་གསུམ་ཁ་ཁ་ཡིན་པའི་མི་རིགས་ཤིག་གི་སྐད་དེ་ཧ་ཅང་འཁྲུག་ཆ་དོད་པོའི་སྒོ་ནས་བཤད་ཐུབ་པ་དེའི་རྒྱུ་རྐྱེན་གང་ཡིན་ནམ། དེ་ནི་བཙན་བྱོལ་བོད་པ་ཚོས་རང་གི་རླབས་ཆེ་བའི་བོད་སྐད་དེ་བྱེ་མ་ཆུ་སིམ་ལ་འགྲོ་རུ་མ་བཅུག་པར་མི་ཉམས་རྒྱུན་འཛིན་བྱས་པའི་འབྲས་རྟགས་བླ་ན་མེད་ཅིང་གཟེངས་སུ་མཐོ་བ་དེ་ལས་བྱུང་བ་ཞིག་ཡིན་པ་སྨྲོས་ཅི་དགོས།

ཕུར་པ་ལྷ་མོས་བཤད་པའི་བོད་སྐད་དང་མོའི་ཁྱིམ་མིའི་གནས་ཚུལ་དེ་མཐོང་ཐོས་བྱུང་རྗེས། ངའི་སེམས་ནང་རང་དབང་མེད་པར་ཨ་རི་དང་ཡོ་རོབ་ནང་འཚར་ལོངས་བྱུང་དང་འབྱུང་བཞིན་པའི་བོད་རིགས་ཀྱི་མི་རབས་གཉིས་པ་དང་གསུམ་པ་དེ་ཚོ་དྲན་ཡོང་ཞིང་། ཁོ་ཚོའི་ཁྲོད་ཀྱི་བརྒྱ་ཆ་དགུ་བཅུ་གོ་དགུ་དང་གྲངས་ཆུང་དགུ་ཡིས་བོད་ཡིག་ཀློག་མི་ཐུབ་ལ་བོད་སྐད་ཀྱང་བཤད་མི་ཐུབ་པ་མ་ཟད། བོད་ཀྱི་ཆོས་དད་དང་སེམས་ཁམས། ཁྲག་རྒྱུན་དང་ལྟ་སྤྱོད་གང་ཡང་རྒྱུན་འཛིན་བྱེད་རྒྱུའི་རེ་བ་ཡོངས་སུ་བྲལ་བ་ཞིག་རེད། འདི་ནི་ཁོ་བོར་མཚོན་ན་ཉལ་ན་གཉིད་མི་ཡོང་ཞིང་སད་ན་སེམས་མི་སྐྱིད་པའི་དོན་དག་ཛ་དྲག་ལ་ཉེན་ཆེ་བ་ཞིག་ཡིན་ཞིང་། རྩོམ་ཡིག་འདི་ཀློག་པ་པོ་ཁྱེད་ཅག་ལ་མཚོན་ན་ཡང་དེ་ལྟར་ཡིན་པ་ཐག་ཆོད་རེད། མ་རེད་དམ།

ད་འོ་ན་རྒྱ་གར་གཞིས་ཆགས་པ་ཚོ་སྟེ། རྒྱ་གར་གྱི་མི་འབོར་དུང་ཕྱུར་བཅུ་ཕྲག་བརྒལ་བ་དེའི་ནང་གི་བརྒྱ་ཆའི་ཀླད་གོར་ཀླད་གོར་ཀླད་གོར་ཙམ་ཡང་མི་ཟིན་པའི་སྤྱི་ཚོགས་ཧ་ཅང་ཆུང་ཆུང་ཞིག་གིས། ལོ་ངོ་དྲུག་ཅུའི་རིང་ལ་བོད་གངས་ཅན་པའི་སྐད་ཡིག་དེ་མི་རྒྱུན་འཛིན་ཇི་ལྟར་བྱེད་ཐུབ་སོང་བ་ཡིན་ནམ་ཞེ་ན། དེ་ནི་གཞན་གང་ཡང་མ་ཡིན་པར་གོང་ས་མཆོག་གི་རིན་ཐང་བྲལ་བའི་བཀའ་སློབ་ལམ་སྟོན་དང་། བོད་མི་གཞིས་ཆགས་པ་ཚོའི་མ་ཤི་བར་དུ་མི་གཏོང་བའི་དཀའ་སྤྱད་འབད་བརྩོན། བོད་མིའི་རྒྱབ་སྐྱོར་བ་ཚོའི་བླ་ན་མེད་པའི་ལྷག་བསམ་སོགས་དང་ཡོངས་སུ་འབྲེལ་བསྡད་ཡོད་པ་ཞིག་རེད་ལ། རྨང་གཞིའི་རྟེན་ས་ཉག་གཅིག་ནི་བོད་མི་གཞིས་ཆགས་པ་ཚོ་ས་གནས་གཅིག་ཏུ་འཚོ་སྡོད་བྱེད་སའི་གཞིས་ཆགས་གྲོང་སྡེ་མང་པོ་ཞིག་ཡོད་པས་རེད།

གོང་གསལ་རྒྱ་གར་བུ་མོ་ཕུར་པ་ལྷ་མོའི་ནང་མིའི་གཏམ་རྒྱུད་ངོ་མཚར་ལ་ཡིད་དབང་འཕྲོག་པ། སེམས་ཤུགས་བསྐྱེད་ཅིང་མིག་རྒྱ་བསྐྱེད་ཐུབ་པ་འདི་ལས་ང་ཚོས་ཅི་ཞིག་མཐོང་ཐུབ་བམ་ཞེ་ན། ད་ཆ་ཕལ་མོ་ཆེ་ཞིག་འཇིག་རྟེན་ཕྱི་མར་གཤེགས་ཟིན་པའི་བཙན་བྱོལ་བོད་མི་རྒན་རབས་པ་དེ་ཚོའི་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ང་ཚོས་ནམ་ཡང་བརྗེད་མི་རུང་ཞིང་། གོང་ས་མཆོག་གི་གསེར་ཞལ་དྲོན་མོའི་མདུན་ས་འདི་ཉིད་དུ། ང་ཚོས་སྲིད་སྤྱིའི་དོན་དག་ཆུང་ཆུང་འདི་ཙམ་ཞིག་གཞི་རྩར་བཞག་ནས་སྤུན་ཟླ་ནང་འཁྲུག་རྒྱག་མི་རུང་ལ། ང་ཚོས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་ཞེན་ཁོག་ཆུང་ཆུང་ཞིག་རྒྱབ་རྩར་དྲངས་ནས་མཐུན་སྒྲིལ་གཏོར་བཤིག་གཏོང་མི་རུང་བ་དེ་ཡང་ཡིན་ནོ།།

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༡༤ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༡༦ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 4

  1. ལ་རྒྱའི་གནམ་ལྕགས་མདུང་། says:
    ལོ་ 5 སྔོན།

    ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ་ཞུའོ།།

    Reply
  2. ལ་རྒྱའི་གནམ་ལྕགས་མདུང་། says:
    ལོ་ 5 སྔོན།

    གསར་འགྱུར་ཡག་པོ་འདུག

    Reply
  3. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 5 སྔོན།

    ཧ་ཅང་བཟང་གི་ཁ་དྲོ་ཁྱེད་ཀྱི་དཔྱད་རྩོམ་མང་པོ་མཇལ་མྱོང་ལ་
    དོན་སྙིང་དང་ལྡན་པ་། རོ་བཅུད་དང་ལྡན་པ་། ཞིམ་མངར་དང་ལྡན་པ་ཞིག་འདུག་ན་བཀྲིན་ཆེ་
    ཐུགས་རྗེ་ཆེ་།

    Reply
  4. བསྟན་འཛིན་རྣམ་དག says:
    ལོ་ 5 སྔོན།

    བཀའ་དྲིན་ཆེ་ཁྱེད་ཀྱིས་བོད་མི་རིགས་སྤྱི་ལ་ལྷག་བསམ་ལྷད་མེད་བཅང་བའི་བསླབ་བྱ་ལ་ནམ་ཡང་གུས། ???/:rose/:rose/:rose

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese