མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་རྒྱལ་སྤྱིའི་འཐུས་ཚབ་ཀྱིས་མཇལ་འཕྲད་ཞུ་རུ་འཇུག་དགོས།

བོད་ཀྱི་དུས་བབ།
༢༠༢༡/༠༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་སྐོར་གྱི་སྙན་ཐོ་ཤོག་གྲངས་ ༣༧༠ ལྷག་ཅན་ཞིག་བཏོན་ཏེ་རྒྱ་ནག་གཞུང་གིས་དེ་སྔ་ལྟར་འདས་ལོར་ཡང་བོད་རྒྱ་འབྲེལ་མོལ་ཡོང་ཐབས་ཐད་འབད་བརྩོན་བྱས་མེད་པ་མ་ཟད་མུ་མཐུད་ནས་བོད་ནང་གི་བོད་མི་ཚོའི་ཆོད་དད་རང་དབང་སྨྲ་བརྗོད་རང་དབང་བཅས་པར་དམ་དྲག་བྱེད་བཞིན་ཡོད་སྐོར་བརྗོད་འདུགཁ་སང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་སྐོར་གྱི་ཚོགས་ཆུང་ (Congressional-Executive Commission on China) གིས། ཕྱི་ལོ་ ༢༠༢༠ ལོའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ཀྱི་དབང་བསྒྱུར་སྐོར་གྱི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་བོད་དང་འབྲེལ་ཏེ། རྒྱ་ནག་གཞུང་གིས་དེ་སྔ་ལྟར་འདས་ལོ་ཡང་བོད་རྒྱ་འབྲེལ་མོལ་ཡོང་ཐབས་ཐད་འབད་བརྩོན་བྱས་མེད་པ་དང་། རྒྱ་ནག་གཞུང་གིས་མུ་མཐུད་ནས་བོད་ནང་གི་བོད་མི་ཚོའི་ཆོད་དད་རང་དབང་། སྨྲ་བརྗོད་རང་དབང་བཅས་པར་དམ་དྲག་བྱེད་བཞིན་ཡོད་སྐོར་དང་། ༧པཎ་ཆེན་རིན་པོ་ཆེ་མཆོག་དང་འབྲེལ་ཨ་རིའི་གཞུང་ངོས་ནས་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་སྒྲིག་འཛུགས་གཅིག་གི་འཐུས་ཚབ་ཅིག་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་མཇལ་འཕྲད་ཞུ་རྒྱུར་མགྲོན་འབོད་དགོས་པའི་འབོད་སྐུལ་ཞུ་དགོས་སྐོར་བཀོད་ཡོད་འདུག

འདི་ལོའི་སྙན་ཐོ་དང་འབྲེལ་གྲོས་ཚོགས་ཀྱི་ཚོགས་ཆུང་དེའི་ཚོགས་གཙོ་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་ཀྱིས། འདས་པའི་ལོའི་ནང་རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ཀྱི་དབང་བསྒྱུར་ལ་སྔར་མེད་ཀྱི་དམ་དྲག་ཤུགས་ཆེན་པོ་བྱས་ཡོད། ཨ་རིའི་གཞུང་ངོས་ནས་རྒྱ་ནག་གི་མི་མང་ཚོའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་ཐོག་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་གདོང་ལེན་བྱ་རྒྱུའི་མཉམ་འབྲེལ་ནུས་པ་མཐོར་འདེགས་དང་སྣེ་ཁྲིད་བྱེད་དགོས་པ་མ་ཟད། ཨ་རིའི་གྲོས་ཚོགས་དང་བདམས་ཐོན་སྲིད་འཛིན་བྷའེ་ཌིན་གྱི་སྲིད་གཞུང་གསར་པས་སྙན་ཐོ་འདིའི་ནང་མཚམས་སྦྱོར་བྱས་པའི་ཐབས་ཇུས་དག་ལག་བསྟར་བྱ་དགོས་ཤིང་། ཨ་རྒྱའི་འབྲེལ་ལམ་ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ཀྱི་དབང་བསྒྱུར་གཉིས་གཙིགས་ཆེར་འཛིན་དགོས་པ་ཡིན། ཞེས་གསུངས་འདུག་ལ། དེ་བཞིན་ཚོགས་གཙོ་རུ་བྷིའོ་ (Marco Rubio) ལགས་ཀྱིས་ཀྱང་། ཨ་རིའི་གྲོས་ཚོགས་ཀྱིས་བཞག་པའི་ཧོང་ཀོང་དང་། བོད། ཤིན་ཅང་བཅས་དང་འབྲེལ་བའི་ཁྲིམས་ཡིག་དེ་དག་གིས་ཨ་རིའི་སྲིད་ཇུས་དེ་བཟང་ཕྱོགས་སུ་བསྒྱུར་ཡོད་ཀྱང་། འབྱུང་འགྱུར་ཨ་རིའི་ངོས་ནས་རྒྱ་ནག་གཞུང་གིས་རྒྱ་ནག་དེ་དོགས་ཟོན་ལྟ་རྟོག་འོག་གི་རྒྱལ་ཁབ་ཅིག་ཏུ་བསྒྱུར་བཞིན་པའི་གནད་དོན་དེ་གླེང་སློང་བྱ་དགོས་སྐོར་གསུངས་ཡོད་འདུག

སྙན་ཐོ་འདི་ནི་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༧ ཚེས་ ༡ ནས་འདས་ལོའི་ཕྱི་ཟླ་ ༧ ཚེས་ ༡ བར་གྱི་གནས་ཚུལ་ལ་གཞིར་བཟུང་པ་ཞིག་དང་། ཁྱོན་ཤོག་གྲངས་ ༣༧༠ ལྷག་ཡོད་པའི་ཁྲོད་བོད་དང་འབྲེལ་ནས། འདས་ལོར་རྒྱ་ནག་གཞུང་གི་བོད་བརྒྱུད་ནང་བསྟན་ལྷན་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་དབུ་འཁྲིད་ངོས་འཛིན་བྱེད་ཕྱོགས་དང་། བོད་བརྒྱུད་ནང་བསྟན་གྱི་ལྟེ་གནས་ཁག་ཏུ་མགོ་འཁྲིད་འདེམས་ཕྱོགས་ཀྱི་ཁྲིམས་སྒྲིག་བསྐྱར་བཅོས་བྱས་པ་དང་། བོད་མི་སྒེར་ལ་ཆོས་ལུགས་ཀྱི་དུས་ཆེན་སྲུང་གཙི་བྱ་རྒྱུར་བཀག་འགོག་བྱས་པ་སོགས་བོད་མིའི་ཆོས་དད་ལ་སྟངས་འཛིན་བཀག་སྡོམ་བྱས་པའི་གནས་ཚུལ་སྐོར་དང་། དེ་བཞིན་རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་གྱི་ལམ་ལུགས་ནང་ཐེ་གཏོགས་བྱས་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བས་མི་རིགས་མཐུན་སྒྲིལ་སྲོལ་ཡིག་ཅེས་པ་ལག་བསྟར་བྱས་ཏེ། བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ནང་དམར་ཤོག་ཚོགས་པའི་ལྟ་བ་ལངས་ཕྱོགས་སྲ་བརྟན་གོང་འཕེལ་གཏོང་ཐབས་བྱས་ཡོད་པ་དང་། སྤྱིར་བོད་ནང་དེ་སྔ་དང་བསྡུར་ན་རང་ལུས་མེར་སྲེག་གཏོང་མཁན་ཇེ་ཉུང་དུ་སོང་ཡོད་ཀྱང་། ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༡༡ པའི་ནང་རང་ལོ་ ༢༤ ལ་སོན་པའི་བོད་མི་ཡོན་ཏན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ། ཕྱི་ལོ་ ༢༠༠༩ ནས་ད་བར་ཁྱོན་བོད་མི་ ༡༥༠ ལྷག་གིས་རང་ལུས་མེར་བསྲེགས་ཡོད་པ་དང་། ཕྱོགས་ཡོངས་ནས་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་དང་། གཞུང་ལ་སྐྱོན་བརྗོད་བྱ་རྒྱུས་མཚོན་པའི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་མཁན་ཚོར་ཁྲིམས་ཆད་བཅད་ཡོད་སྐོར་སོགས་བཀོད་ཡོད་འདུག

གཞན་ཡང་། ཚོགས་ཆུང་གིས་བོད་དང་འབྲེལ་ནས་ཨ་རིའི་གཞུང་དང་གྲོས་ཚོགས་ཀྱིས་ལག་བསྟར་བྱ་དགོས་པའི་སྲིད་བྱུས་མཚམས་སྦྱོར་ནང་། བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་གཏན་འབེབ་བྱས་ཏེ། ཨ་རིས་བོད་ནང་གི་ཆོད་དད་རང་དབང་དང་བོད་མིའི་ཐུན་མིན་ངོ་བོ་སྲུང་སྐྱོང་སོགས་ལ་མུ་མཐུད་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་དེ་༧གོང་ས་མཆོག་སྐུ་ཉིད་དང་བོད་བརྒྱུད་ནང་བསྟན་གྱི་མགོ་འཁྲིད། བོད་མི་ཁོ་ནས་ཐག་གཅོད་བྱ་རྒྱུའི་གནད་དོན་ཞིག་ཡིན་པ་ཨ་རིའི་སྲིད་ཇུས་སུ་འགོད་དགོས་པ་དང་། ཨ་རིའི་འཛིན་སྐྱོང་ངོས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དེ་དྲུང་ལས་ (under secretary) དང་དེའི་ཡན་གྱི་གནས་རིམ་ཅན་ཞིག་བསྐོ་དགོས་པ། རྒྱ་ནག་གཞུང་ལ་༧གོང་ས་མཆོག་བདེ་འཇགས་ཀྱི་ཉེན་ཁ་ཞིག་ཏུ་ངོས་འཛིན་བྱེད་བཞིན་པ་མཚམས་འཇོག་བྱས་ཏེ། ཕྱོགས་གཉིས་བར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་མིང་དོན་མཚུངས་པའི་གྲོས་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་བྱེད་ཐབས་དང་། ཨ་རིའི་གཞུང་འབྲེལ་དཔོན་རིགས་དང་མི་སྣ་ཚོས་རྒྱ་ནག་གཞུང་གི་མི་སྣ་དང་ཐུག་འཕྲད་བྱེད་སྐབས། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་དགོས་པ་དང་། རྒྱ་ནག་གཞུང་གིས་བོད་མི་གང་བྱུང་བཙོན་འཇུག་དང་གཅར་རྡུང་། གར་སོང་ཆ་མེད་དུ་གཏོང་ཐབས་ཀྱི་དྲག་གནོན་རིགས་མཚམས་འཇོག་དགོས་པའི་སྐུལ་འདེད་བྱ་དགོས་སྐོར་བཀོད་ཡོད་འདུག

དེ་བཞིན་ཐེངས་འདིའི་སྙན་ཐོའི་ནང་། འདས་ལོར་རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཐོག་དྲག་གནོན་བྱེད་བཞིན་པའི་བདེན་དཔང་གསར་པ་མི་ཉུང་བ་ཞིག་ཐོན་པ་གཞིར་བཟུང་ན། རྒྱ་ནག་གཞུང་གིས་ཤར་ཊུར་ཀི་སི་ཐན་(ཤིན་ཅང་)ཁུལ་གྱི་ཡུ་གུར་གཙོས་པའི་ཁ་ཆེ་གྲངས་ཉུང་མི་རིགས་རྩ་མེད་ (genocide) གཏོང་བཞིན་ཡོད་སྲིད་སྐོར་བརྗོད་འདུག་པ་མ་ཟད། ཨ་རིའི་གཞུང་ངོས་ནས་གཞུང་འབྲེལ་གྱི་ཐོག་ནས་ཤིན་ཅང་ཁུལ་དུ་གཏུམ་སྤྱོད་སྤེལ་ཡོད་མེད་ཐག་གཅོད་བྱེད་སྐོར་རེ་སྐུལ་ཞུས་ཡོད་འདུག ཉེ་ལམ་རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྣམས་བཀག་སྐྱིལ་ཁང་དུ་བཅུག་སྟེ། རྒྱའི་བཟོ་གྲྭ་ཁག་ཏུ་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པ་མ་ཟད། ཡུ་གུར་གྱི་བུད་མེད་རྣམས་ཀྱི་སྐྱེ་སྒོ་འགོག་གི་ཡོད་པའི་གནས་ཚུལ་ཐོན་བཞིན་པར་བརྟེན། ཨ་རི་གཙོས་པའི་དབྱིན་ཡུལ་དང་། ཁ་ན་ཌ་བཅས་ནས་ཤིན་ཅང་ནས་ཐོན་སྐྱེད་བྱས་པའི་སྲིན་བལ་སོགས་དངོས་ཟོག་རྣམས་བཀག་འགོག་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese