མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མགོ་ལོག་དར་ལག་རྫོང་གི་བོད་མི་ཞིག་བཀག་ཉར་འོག་བཞག་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཏོག་དབྱིབས་གཉན་རིགས་འགོས་ཁྱབ་འོག་མི་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བསྒྲགས་པའི་ཉེས་མིང་འོག་བོད་མི་ཞིག་འཛིན་བཟུང་བྱས་ཏེ་བཀག་ཉར་འོག་བཞག་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་སྲིད་གཞུང་གིས་ཚེ་མིང་ཅན་གྱི་བོད་མི་ཞིག་གིས་ཏོག་དབྱིབས་གཉན་རིམས་སྐོར་གྱི་གནས་ཚུལ་རྫུན་བསྒྲགས་བྱས་ཏེ། སྤྱི་ཚོགས་ཟང་ཟིང་བཟོ་ཡི་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་བཀག་ཉར་འོག་བཞག་ཡོད་སྐོར་བསྒྲགས་འདུག

རྒྱ་ནག་གཞུང་འབྲེལ་མི་དམངས་ཉིན་རེའི་ཚགས་པར་གྱིས་བསྒྲགས་པའི་གནས་ཚུལ་ནང་། ས་གནས་ཉེན་རྟོག་ལས་ཁུངས་ཀྱིས་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས་དོན་ཚན་ ༢༥ ཟེར་བའི་ནང་དོན་ལྟར། བོད་མི་ཚེ་མིང་ཅན་ཞིག་ལ་ཉིན་ ༨ ཀྱི་བཀག་ཉར་ཆད་པ་བཅད་པ་དང་ཆབས་ཅིག དཀྲོག་གཏམ་བརྙན་ཐུང་ཁྱབ་སྤེལ་དང་བརྒྱུད་སྐུལ་བྱེད་གྲངས་ཞིབ་བསྡུར་བྱེད་བཞིན་ཡོད་དང་། ཚེ་མིང་ཅན་དེས་དཀྲོག་གཏམ་སྣ་ཚོགས་བཟོས་ཏེ་སྤྱི་ཚོགས་ཟང་ཟིང་བཟོས་པ་ངོས་ལེན་བྱས་ཡོད་སྐོར་སོགས་བརྗོད་འདུག

སྲིད་གཞུང་གི་གནས་ཚུལ་དེའི་ནང་དུ། ཚེ་མིང་ཅན་དེས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ཁུལ་གྱི་སྐད་འཕྲིན་ཚོགས་པ་དང་གྲོགས་ཚོམས་ཁ་ཤས་ནང་།  ཉེ་ཆར་མགོ་ལོག་དར་ལག་རྫོང་དུ་མཚོ་ལྷོ་ནས་ཡིན་པའི་མི་གཉིས་ཀྱིས་ཁྱེར་ཡོང་བའི་སྐམ་ཤ་ལ་ནད་དུག་འགོས་ཡོད་པར་མ་ཟད། དེ་ཟོས་ནས་མི་འདས་གྲོངས་སུ་ཕྱིན་ཡོད། ཅེས་བརྙན་ལམ་ནས་བརྒྱུད་སྐུལ་བྱས་ཡོད་ཀྱང་། མི་ག་ཚོད་ཅིག་རྐྱེན་འདས་སུ་ཕྱིན་པ་སོགས་གང་ཡང་ཁ་གསལ་བརྗོད་མེད་སྐོར་བྲིས་འདུག

ཟླ་འདིའི་ཕྱི་ཚེས་ ༦ ཉིན་བོད་ནང་གི་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་དང་དགའ་སྐྱེ་རྒུ་མདོའི་ཁུལ། ཀན་ལྷོ་ཁུལ་གྱི་བླ་བྲང་དང་རྨ་ཆུ། དེ་བཞིན་ཀླུ་ཆུ་སོགས་བོད་ཁུལ་གྱི་ས་ཆ་ཁག་ཅིག་ལ་ཨར་ཇན་ཊའེ་ནཱ་ནས་ནང་འདྲེན་བྱས་པའི་ཏོག་ནད་འགོས་པའི་ནོར་ཤ་ཚོང་འགྲེམས་བྱས་པའི་གནས་ཚུལ་ཞིག་རྒྱ་ནག་གཞུང་ཕྱོགས་ནས་སྤེལ་ཏེ། ས་གནས་དེ་དག་ནང་ནོར་ཤ་ཉོ་ཚོང་མཚམས་འཇོག་བྱས་ཡོད་པ་མ་ཟད། ནང་འདྲེན་བྱས་པའི་ནོར་ཤ་མང་པོ་སྡེབ་གཅིག་ཏུ་མེར་སྲེག་བཏང་ཡོད་འདུག

ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ཚོགས་ཆུང་གི་གནས་ཚུལ་ལྟར་ན། ད་སྔ་བར་བོད་ནང་ཏོག་དབྱིབས་ནད་པ་ཁྱོན་ ༡༠༧ བྱུང་བའི་ཁྲོད་མི་ ༡ རྐྱེན་འདས་སུ་ཕྱིན་པ་དང་། མི་ ༡༠༦ དྲག་སྐྱེད་བྱུང་ཡོད་སྐོར་བསྒྲགས་ཡོད་ཀྱང་། ཉམས་ཞིབ་པ་མང་པོས་བོད་ནང་ཏོག་དབྱིབས་ནད་པ་དེ་ལས་མང་བ་བྱུང་ཡོད་ནའང་གསང་བ་བྱས་ཏེ་ཕྱིར་གྱར་དུ་བཅུག་མེད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༣།༢༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

སྐར་མ ༤༦ སྔོན་ལ།
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
Mobile App

བོད་ལྗོངས་དམངས་འཐུས་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་ཞུ་གཏུག་བྱས།

ཆུ་ཚོད་ ༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༢༣ སྔོན་ལ།
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

༢༠༢༦/༠༢/༢༤
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese