མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་གི་ས་ཁང་ཚོང་སྒྱུར་བྱེད་མཁན་བོད་མི་ ༡༩ ཡིས་ཉེས་ཆད་གཅིག་ཀྱང་ཕུལ་མི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་བྱང་ཕྱོགས་ལྡེ་ར་རྡུན་ཚེ་རིང་དོན་ལྡན་གཞིས་གྲོང་དང་རཱཇ་པུར་མཉམ་ལས་བཟོ་གྲྭའི་བོད་མི་ ༡༩ ཡིས་བོད་མིའི་སྒྲིག་འཛུགས་ཀྱི་ས་ཁང་སྒྲིག་གཞི་དང་འགལ་ཏེ་ས་ཁང་ཚོང་སྒྱུར་བྱས་ཡོད་ཀྱང་དུས་བཅད་ནང་ཉེས་ཆད་འབུལ་མཁན་གཅིག་ཀྱང་བྱུང་མེད་སྟབས་ནང་སྲིད་ལས་ཁུངས་ལ་དེ་བཞིན་སྙན་གསེང་ཞུ་འཆར་འདུག

ཕྱི་ལོ་ ༢༠༡༧ ལོར་ལྡེ་ར་རྡུན་ཚེ་རིང་དོན་ལྡན་གཞིས་གྲོང་རྩིས་བཞེས་སྐབས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་འགལ་ཏེ། རཱཇ་པུར་མཉམ་ལས་བཟོ་གྲྭའི་མི་ ༨ དང་ཚེ་རིང་དོན་ལྡན་གཞིས་གྲོང་གི་མི་ ༡༡ གིས། གཞུང་གི་ས་ཁང་ཚོང་སྒྱུར་བྱས་པའི་ཉེས་ཆད་འབུལ་བའི་ཉིན་མཐའ་མ་དེ་ཕྱི་ཟླ་ ༡ ཚེས་ ༣༡ ཡིན་སྟབས། དེ་རིང་ཕྱི་ཟླ་ ༢ ཚེས་ ༡ ཉིན་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བདེ་སྐྱིད་གླིང་ས་གནས་གཞིས་མགོ་ནོར་བུ་ལགས་སུ་ཉེས་ཆད་འབུལ་མཁན་བྱུང་ཡོད་མེད་དྲིས་པར་ཁོང་གིས། ད་ལྟ་བར་མི་གཅིག་ཀྱང་བྱུང་མ་སོང་། ཕྱི་ཚེས་ ༣༡ ཉིན་དུས་བཀག་གི་ཉིན་མཐའ་མ་དེ་རེད།  དེ་རིང་ང་ཚོས་སྒུག་གི་ཡིན། སང་ཉིན་ནས་ང་ཚོས་ནང་སྲིད་ལས་ཁུངས་ལ་སྙན་གསེང་ཞུས་ཏེ། མི་ ༡༩ ཡིས་དུས་བཀག་ནང་ཉེས་ཆད་སྤྲད་མ་བྱུང་ཞེས་ཞུ་རྒྱུ་ཡིན། ཞེས་བརྗོད་བྱུང་།

ཕྱི་ཟླ་ ༡ ཚེས་ ༧  དང་ ༨ བཅས་ཉིན་གྲངས་ ༢ རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་གཉིས་ལས་གྲུབ་པའི་ཞིབ་འཇུག་ཚོགས་ཆུང་ཞིག་ས་གནས་སུ་ཞིབ་འཇུག་ཆེད་ཕྱིན་པ་བཅས། ད་བར་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དང་ས་གནས་མགོ་འཛིན་ལས་ཁུངས་བཅས་དབུས་ས་གཉིས་ནས་གནད་དོན་དེར་ཞིབ་འཇུག་ཐེངས་གཉིས་བྱས་ཡོད་ཀྱང་། གཞིས་མགོ་ནོར་བུ་ལགས་ཀྱིས་བརྗོད་པ་ལྟར་ན། ཁང་པ་ཚོང་སྒྱུར་བྱེད་མཁན་ ༡༩ ནང་ནས་མི་ ༡༡ མ་གཏོགས་གཞན་༨ སུ་ཡིན་མིན་དང་གང་དུ་ཡོད་མེད་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། ཁང་པ་ཉོ་མཁན་རྣམས་བརྒྱུད་ཁོ་ཚོར་བརྡ་ལན་སྤྲོད་རོགས་ཞུས་ཡོད་འདུག  ས་ཁང་ཚོང་སྒྱུར་བྱེད་མཁན་ཚོས་ས་ཁང་ལ་ཧིན་སྒོར་འབུམ་གཅིག་དང་ཕྱེད་ཀ་ནས་འབུམ་ ༡༣  བར་བྱས་ཏེ་བཙོང་ཡོད་འདུག

བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༦ ནང་གསེས་དང་པོའི་ནང་། སྤྱིའི་བདེ་རྩའི་ཆེད་གཞུང་འབུལ་རིགས་ཕུད། དེ་མིན་གཞིས་མི་སུས་ཀྱང་ས་ཁང་མི་གཞན་ལ་ཕུལ་སྦྱིན་དང༌། ཚོང་བསྒྱུར། ཕྱི་མི་ལ་ཁང་གླ་གཏོང་བའི་རིགས་གཏན་ནས་མི་ཆོག ཅེས་འཁོད་ཡོད་པ་ལྟར། ནང་སྲིད་ལས་ཁུངས་ངོས་ནས་མི་དེ་དག་གིས་ས་ཁང་ཚོང་སྒྱུར་སྐབས་ཀྱི་དངུལ་འབབ་གཞིར་བཟུང་ཉེས་ཆད་དུ་ཧིན་སྒོར་འབུམ་ ༡ ནས་ ༡༣ བར་ཡས་མས་ཀྱི་ཉེས་ཆད་བཅད་ཡོད་འདུག

ཕྱི་ཟླ་ ༡ ཚེས་ ༡༤ ཉིན་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་རྡེ་ར་ལྡུན་བདེ་སྐྱིད་གླིང་གི་གཞིས་མགོ་ནོར་བུ་ལགས་སུ་དེ་འབྲེལ་གྱི་གནད་དོན་ཐད་སྐད་ཆ་དྲིས་པར་ཁོང་གིས། རྡེ་ར་ལྡུན་ཚེ་རིང་དོན་ལྡན་གཞིས་གྲོང་དེ་ནང་སྲིད་ལས་ཁུངས་ཀྱི་ཁོངས་སུ་རྩིས་བཞེས་བྱས་ཟིན་པ་རེད།  དེའི་ཁོངས་ཀྱི་མི་གྲངས་  ༡༩ ཡིས་ས་ཁང་ཚོང་སྒྱུར་བྱས་འདུག ང་ཚོའི་ས་ཁང་སྒྲིག་གཞི་ལྟར་ན་ས་ཁང་ཉོ་ཚོང་བྱས་མི་ཆོག་པ་རེད། བོད་མིའི་སྒྲིག་འཛུགས་ངོས་ནས་དགོངས་པ་ཆེར་བཞེས་ཀྱིས། ཁང་པ་ཉོ་མཁན་རྣམས་ལ་ཉེས་པ་གང་ཡང་བཏང་ཡོད་པ་མ་རེད། འོན་ཀྱང་། ཕྱི་ལོ་ ༢༠༡༧ ནས་ས་ཁང་བཙོང་མཁན་རྣམས་ལ་སོ་སོའི་ཁང་པ་བཙོང་སྐབས་ཁང་རིན་གྱི་བརྒྱ་ཆ་གཞིར་བཟུང་གིས་ཉེས་ཆད་བཏང་ཡོད། ཁོ་ཚོས་ ༢༠༡༧ ནས་ད་བར་ཉེས་ཆད་ཀྱི་དངུལ་ཕུལ་མེད་པ་རེད། ཅེས་བརྗོད་བྱུང་།

གྲོང་མི་ཁག་ཅིག་གིས་རྐང་པ་གཉིས་འཛུགས་བྱས་ཡོད་སྐོར་ལ་གཞིས་མགོ་ནོར་བུ་ལགས་ཀྱིས། ཕྱོགས་གཅིག་ནས་མི་མང་གིས་ཁང་པ་མི་འདུག་ཟེར་གྱི་ཡོད་པ་དང་རོགས་ཚོགས་བརྒྱུད་ཁང་པ་རག་རྗེས་ས་ཁང་བཙོང་གི་ཡོད་པ་དང་།  ཁོ་ཚོའི་གྲས་སུ་རཱཇ་པུར་བུད་མེད་མཉམ་ལས་བཟོ་གྲྭའི་ནང་ཁང་པ་ཡོད་པ་དང་ཚེ་རིང་དོན་ལྡན་གཞིས་ཆགས་ནང་ཁང་པ་ཡོད་པའི་རིགས་ཀྱང་ཡོད་སྟབས། མི་གཅིག་གིས་ས་ཁང་གཉིས་བདག་བཟུང་གིས། རྐང་པ་གཉིས་འཛུགས་མཁན་ཀྱང་བྱུང་ཡོད་སྐོར་བརྗོད་བྱུང་།

རཱཇ་པུར་མཉམ་ལས་བཟོ་གྲྭ་ནི་ཕྱི་ལོ་ ༡༩༦༥ ལོ་གསར་འཛུགས་གནང་ཡོད་པ་དང་། མི་ཡིས་མ་འདང་བ་སོགས་ཀྱིས་ཕྱི་ལོ་ ༢༠༡༤ ལོ་ནས་སྲ་བརྟན་མ་ཐུབ་པའི་གནས་སྟངས་གང་མང་ཞིག་གི་འོག ནང་སྲིད་ལས་ཁུངས་ལ་སྙན་ཞུ་རབ་དང་རིམ་པ་ཕུལ་ཏེ། ནང་སྲིད་ནས་བཀའ་ཤག་ལ་སྙན་གསེང་ཞུས་པ་བརྒྱུད། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡ ཉིན་ནས་བཟོ་བཞེས་ཀྱི་ངོ་བོར་བསྒྱུར་ཡོད་པ་དང་། མཉམ་ལས་བཟོ་གྲྭའི་ལས་བྱེད་ཚོར་རྒས་ཡོལ་མ་ཕྱིན་བར་དང་ཡང་ན་ལས་མཚམས་མ་བཞག་བར་དུ་ཁང་པའི་ཐོབ་ཐང་ཡོད་འདུག

སྤྱིར་བཏང་རྡེ་ར་ལྡུན་བདེ་སྐྱིད་གླིང་ས་གནས་གཞིས་མགོའི་ཁྱབ་ཁོངས་ཀྱི་གཞིས་གྲོང་གསར་པ་ཚེ་རིང་དོན་ལྡན་ནི་ཕྱི་ལོ་ ༢༠༠༥  ལོར་གསར་འཛུགས་གནང་ཞིང་། ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ཀྱི་ཁྱབ་ཁོངས་སུ་རྩིས་བཞེས་གནང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༣།༢༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

སྐར་མ ༤༥ སྔོན་ལ།
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
Mobile App

བོད་ལྗོངས་དམངས་འཐུས་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་ཞུ་གཏུག་བྱས།

ཆུ་ཚོད་ ༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༢༣ སྔོན་ལ།
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

༢༠༢༦/༠༢/༢༤
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣

མཆན། 3

  1. སྟན་ཆོས། says:
    ལོ་ 5 སྔོན།

    འདི་ན་གསལ་ཁ་བཏོད་དགོས་ངེས་ཀྱི་གདན་དན་ཞིག་འདུག ༢༠༡༧ ལོའི་ཡར་སྔོན་དུ་བཙོང་ཟིན་ཡོད་ན། ས་ཁང་སྒྲིག་གཞིས་ཁྱབ་ཐུབ་ཀི་ཨེ་ཡོད་ལ་སྙམ།

    Reply
  2. rabs says:
    ལོ་ 5 སྔོན།

    བཀྲིས་བདེ་ལེགས།

    Reply
  3. བཀྲ་སྒྲོལ says:
    ལོ་ 5 སྔོན།

    ད་བཙན་བྱོལ་སྒྲིག་འཛུགས་ཀྱིས་ཞེ་དྲག་མ་ལབ་ན་ཡག་པོ་ཡོག་རེད།གལ་ཏེ་བུ་ལོན་སྤྲད་ཤོག་ཟེར་ལབ་ན།མི་19དེ་ཚོའི་གཞུང་ལ་ངོ་རྒོལ་བྱེད་ཡོང།ད་ད་དུང་གཟབ་གཟབ་མ་བྱེད་ན་ཆེས་མཐོ་ཁྲིམས་ཞིབ་ཁང་དུ་ཁ་མཆུ་བཙུགས་ཡོང།ཡང་བསྐྱར་0སྤྲད་ཡོང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese