མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཛའ་བརྩེ་མཚོན་པའི་ལྡེབས་རིས་ཆེན་པོ་ཞིག་ལེགས་པར་གྲུབ།

བོད་ཀྱི་དུས་བབ།
༢༠༢༡/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

བྱང་ཨར་ལན་ཌིའི་རྒྱལ་ས་རུ་བོད་ཀྱི་རྒྱལ་དར་རྒྱབ་ལྗོངས་བྱས་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་རི་ཆར་ཌི་མུར་ (Richard Moore) རྣམ་གཉིས་ནས་ཕན་ཚུན་དབུ་གཏུགས་པའི་སྐུ་པར་ཆེན་པོ་ཞིག་ལེགས་འགྲུབ་བྱུང་འདུག

ཁ་སང་ཕྱི་ཚེས་ ༢ ཉིན་བྱང་ཨར་ལན་ཌིའི་གསར་ཁང་ (Derry Now) གིས་སྤེལ་པའི་གནས་ཚུལ་ལྟར་ན། བྱང་ཨར་ལན་ཌིའི་རྒྱལ་ས་ཌི་རིའི་ (Derry) ནང་གི་ (Great James) སྲང་ལམ་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སྐུ་ཞབས་རི་ཆར་ཌི་མུར་ (Richard Moore)རྣམ་གཉིས་ཀྱི་མཛའ་བརྩེ་མཚོན་པའི་ལྡེབས་རིས་ཆེན་པོ་ཞིག་ལེགས་པར་གྲུབ་ཡོད་འདུག

མཐོ་ཚད་ལ་ཐོག་རྩེག་གཉིས་ལྷག་ཡོད་པའི་ལྡེབས་རིས་དེའི་ངོས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་རི་ཆར་ཌི་མུར་ (Richard Moore) རྣམ་གཉིས་ཀྱིས་དབུ་གཏུགས་པའི་སྐུ་པར་ཆེན་པོ་ཞིག་བཞག་འདུག་པ་མ་ཟད། རྒྱབ་ལྗོངས་སུ་བོད་ཀྱི་རྒྱལ་དར་ངོས་ཀྱི་ཉི་མ་སེར་པོ་དང་ལྷ་སྲུང་དམར་ནག་གཉིས་ཀྱིས་བསྟན་སྲིད་སྲུང་སྐྱོང་གི་འཕྲིན་ལས་གཡེལ་མེད་དུ་སྒྲུབ་པར་མཚོན་པའི་དམར་ནག་གཉིས་ཕྱོགས་ཡོངས་སུ་འཕྲོ་བ་ཞིག་བཟོས་འདུག ལྡེབས་རིས་དེ་ནི་སྐྱིད་པའི་ཁྱིམ་གཞིས་(Sweet Home)ཞེས་པའི་བརྙན་འཕྲིན་ཟློས་གར་གྱི་འཁྲབ་ཁྲིད་པ་ཇོ་ན་ལུམ་ལེ་ (Joanna Lumley) ཡིས་འཆར་གཞི་བཏོན་ཏེ། ས་གནས་ཀྱི་སྒྱུ་རྩལ་ཁང་ (UV Arts) གི་སྒྱུ་རྩལ་བ་ཀཱལ་པོ་ཊར་ (Karl Porter) གྱིས་བྲིས་པ་ཞིག་ཡིན་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༩ ཉིན་བརྙན་འཕྲིན་ཟློས་གར་སྐྱིད་པའི་ཁྱིམ་གཞིས་དང་འབྲེལ་ནས་ལེའུ་ཚན་ཞིག་ (Derry City) ནང་འཁྲབ་ཁྲིད་བྱེད་ཀྱི་ཡོད་འདུག

ལྡེབས་རིས་སྒྱུ་རྩལ་བ་ཀཱལ་པོ་ཊར་གྱིས།  ལྡེབས་རིས་དེར་ཞིབ་ལྟ་བྱས་ཚེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་དང་ཕྱག་གི་རྣམ་པ་ནི་སྙིང་དབྱིབས་ཤིག་ཡིན་པ་དང་། དེ་ཡིས་རླབས་ཆེན་གྱི་མི་སྣ་གཉིས་བར་གྱི་མཛའ་བརྩེ་མཚོན་གྱི་ཡོད་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཞབས་རི་ཆར་ཌི་མུར་མཆོག་ལ་གནང་བའི་མཛའ་བརྩེ་དང་ཡི་རང་མཚོན་གྱི་ཡོད་སྐོར་དང་། ལྡེབས་རིས་འབྲི་པའི་གོ་སྐབས་བྱུང་བ་ནི་ཧ་ཅང་དགའ་སྤོབས་སྐྱེས་འོས་པ་ཞིག་ཡིན་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༠ ལོར་སྐུ་ཞབས་རི་ཆར་ཌི་མུར་ (Richard Moore)ལགས་བཞུགས་སྒར་དྷ་སར་ཕེབས་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་མཇལ་ཁ་གནང་སྐབས། ༧གོང་ས་མཆོག་ནས་སྐུ་ཞབས་ཁོང་ནི་སྐུ་སྒེར་གྱི་དཔའ་བོ་ཞིག་ལ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་ཡོད་པ་རེད་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༠༠ ལོ་དང་ ༢༠༠༥ ལོ། དེ་བཞིན་ ༢༠༡༣ དང་ ༢༠༡༧ ལོ་སོ་སོར་བྱང་ཨར་ལན་ཌིའི་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་སྐུ་ཞབས་རི་ཆར་ཌི་མུར་ལགས་ཀྱིས་གསར་འཛུགས་བྱས་པའི་མེ་མཚམས་ཁུལ་གྱི་བྱིས་པའི་ཐེབས་རྩའི་ (Charity Children in Crossfire) མི་ལོ་ ༢༠ འཁོར་བའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་གསོལ་འདེབས་ཞུས་པ་ལྟར་ཕེབས་གནང་ཡོད་པ་རེད།

སྐུ་ཞབས་རི་ཆར་ཌི་མུར་ལགས་ནི་ཕྱི་ལོ་ ༡༩༦༢ ལོར་བྱང་ཨར་ལན་ཌིའི་ནང་སྐྱེས་ཤིང་། ཁོང་དགུང་གྲངས་ ༡༠ ཐོག་སློབ་གྲྭ་ནས་ཕྱིར་རང་ཁྱིམ་དུ་ལོག་སྐབས་ལམ་བར་དུ་དབྱིན་དམག་གིས་འགྱིག་མདེལ་གྱིས་གདོང་ལ་ཞུས་ཏེ་ལོང་བར་གྱུར་ཡོད་ནའང་མུ་མཐུད་རོལ་མོ་སྦྱངས་ཡོད་པ་དང་། ཕྱི་ལོ་ ༡༩༩༦ ལོར་འཛམ་གླིང་ཁྱོན་ཡོངས་ཀྱི་དམག་འཁྲུག་ཁྲོད་དུ་ལུས་པའི་བྱིས་པ་རྣམས་ཀྱི་ཆེད་དུ་བྱིས་པའི་ཐེབས་རྩ་ཁང་ཞིག་གསར་འཛུགས་གནང་ཏེ། མ་ལ་ཝི་ (Malawi) དང་ཏཱན་ཛ་ནི་ཡ་ (Tanzania) སོགས་དམག་འཁྲུག་ཆེ་བའི་རྒྱལ་ཁབ་གྲངས་ ༡༠ ཡི་ནང་བྱིས་པ་འབུམ་གཅིག་ལྷག་ལ་ཤེས་ཡོན་དང་འབྲེལ་བའི་རོགས་རམ་དང་། བྱིས་པ་སྟོང་གཉིས་ཙམ་ལ་སྐྲན་ནད་དང་འབྲེལ་ནས་སྨན་བཅོས། དེ་བཞིན་བྱིས་པ་ཁྲི་གཅིག་ཙམ་ལ་ཟས་བཅུད་དང་འབྲེལ་ནས་རོགས་རམ་གནང་དང་གནང་མུས་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese