མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བླ་མའི་ཡང་སྤྲུལ་དུ་ངོས་འཛིན་བྱས་པའི་རྒྱ་རྒན་ཞིག་ལ་ཁྲིམས་ཐག་ལོ་ ༢༥ བཅད།

བོད་ཀྱི་དུས་བབ།
༢༠༢༡/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཀོང་སྤྲུལ་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་བྱས་པའི་རྒྱ་རྒན་བློ་བཟང་བསྟན་འཛིན་རིན་པོ་ཆེ་ཞེས་པ་ཞིག་གིས་སློབ་ཚོགས་ལ་མགོ་སྐོར་བཏང་བ་དང་བཙན་གཡེམ་འཇིགས་སྐུལ་བྱས་པའི་ནག་ཉེས་འོག་ལོ་ ༢༥ ཡི་བཙོན་འཇུག་ཁྲིམས་ཆད་དང་བོད་རིགས་ཨ་སྤྲུལ་རིན་པོ་ཆེ་ཞེས་པ་ཞིག་ལའང་ལོ་ ༥ བཙོན་ཁྲིམས་ཐག་བཅད་འདུག

ཁ་སང་ཕྱི་ཚེས་ ༢ ཉིན་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་དུ། ཀོང་སྤྲུལ་རིན་པོ་ཆེའི་ཡང་སྤྲུལ་ཡིན་ཚུལ་གྱི་བློ་བཟང་བསྟན་འཛིན་རིན་པོ་ཆེར་འབོད་པའི་རྒྱ་མི་དངོས་མིང་ལ་ཝང་ཤིང་ཧྥུ་ (王兴夫)ཟེར་བ་ཞིག་གིས། འདས་པའི་ལོ་བཅུ་ལྷག་རིང་གཞན་ལ་མགོ་སྐོར་བཏང་སྟེ་རྒྱ་སྒོར་དུང་ཕྱུར་ ༢ མ་ཟིན་ཙམ་གྱི་དངུལ་དངོས་གཡོ་ལེན་དང་། སློབ་ཚོགས་ལ་འཇིགས་སྐུལ་དང་བུད་མེད་ལ་བཙན་གཡེམ་བྱས་པ། ལོག་ཆོས་རྩ་འཛུགས་བྱས་པ་སོགས་ཀྱི་ནག་ཉེས་འོག   ཅི་ནན་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཝང་ཤིང་ཧྥུ་ལ་ལོ་ ༢༥ ཡི་བཙོན་འཇུག་ཁྲིམས་ཆད་དང་། བོ་རོད་དགོན་གྱི་དགོན་བདག་ཨ་སྤྲུལ་རིན་པོ་ཆེ་ལ་རྒྱ་རྒན་དེས་རྒྱ་སྒོར་ས་ཡ་ ༥༠ ལྷག་སྤྲད་ཡོད་ལུགས་བརྗོད་དེ་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྐོར་བསྒྲགས་འདུག

བཙན་བྱོལ་ནང་དུ་ཡོད་པའི་འབྲེལ་ཡོད་ཅིག་གིས་འདི་གའི་གསར་འགོད་པར། ཕྱི་ལོ་ ༢༠༡༧ ལོར་ཨ་སྤྲུལ་རིན་པོ་ཆེ་རྒྱ་གར་ནང་ཡོང་སྟེ་གསུང་ཆོས་སོགས་ཞུས་ནས་ཕྱིར་ཕ་ཡུལ་དུ་འབྱོར་རྗེས། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་མ་ཟད། ཁོང་གི་སྤུན་མཆེད་སྤྲུལ་སྐུ་ཞིག་དང་ནང་མི་བཅས་གར་སོང་ཆ་མེད་དུ་གྱུར་ནས་ཡུན་རིང་ཕྱིན་ཡོད་ལ། རྒྱ་ནག་གཞུང་གིས་ཁ་གཡར་ས་ཙམ་བཙལ་བ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་། ད་ལན་རྒྱ་ནག་གཞུང་གིས་བསྒྲགས་པའི་གནས་ཚུལ་ནང་། རྒྱ་རྒན་དེས་ཨ་སྤྲུལ་རིན་པོ་ཆེ་ལ་སྔ་གཞུག་ཏུ་རྒྱ་སྒོར་ས་ཡ་ ༥༠ ལྷག་སྤྲད་ཡོད་སྐོར་དང་། ཁོང་གཉིས་ཁ་མཐུན་བྱས་ཏེ་དད་ལྡན་སློབ་ཚོགས་ལ་མགོ་སྐོར་བཏང་ཡོད་སྟབས། ཨ་སྤྲུལ་རིན་པོ་ཆེ་ལ་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཝང་ཤིང་ཧྥུ་ཕྱི་ལོ་ ༢༠༡༧ ལོར་ཅི་ནན་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་སྐོར་བརྗོད་འདུག

རྒྱ་གཞུང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༠༧ ཟླ་ ༧ པའི་ནང་རྒྱ་ནག་ཧྲན་ཏུང་ནས་ཡིན་པའི་རང་ལོ་ ༥༢ ཅན་གྱི་ཝང་ཤིང་ཧྥུ་ཟེར་བའི་རྒྱ་རྒན་དེས། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེལ་ཤུལ་རྫོང་ཁོངས་ཀྱི་བོ་རོད་དགོན་གྱི་དགོན་བདག་ཨ་སྤྲུལ་རིན་པོ་ཆེར་མཇལ་ཏེ། ཁོ་རང་གིས་ལོ་མང་རིང་བོད་ཁུལ་དུ་ནང་ཆོས་ཉམས་ལེན་བྱས་ཡོད་པ་དང་། ཨ་སྤྲུལ་རིན་པོ་ཆེའི་བླ་མ་ཀོང་སྤྲུལ་རིན་པོ་ཆེར་དད་པ་ཧ་ཅང་ཆེན་པོ་ཡོད་པས། དགོན་པ་དེར་ཁོས་ཆོས་འཆད་ཉན་བྱེད་འདོད་ཡོད་སྐོར་རེ་སྐུལ་ཐེངས་མང་བྱས་པ་མ་ཟད། བོ་རོད་དགོན་གྱི་ལས་དོན་ཆེ་ཆུང་མང་པོར་རྒྱ་སྒོར་ཁྲི་བཅུ་ཕྲག་གི་ཞལ་འདེབས་ཕུལ་བ་སོགས་བྱས་ཏེ་ལོ་ཕྱེད་ཙམ་ཕྱིན་རྗེས། ཨ་སྤྲུལ་རིན་པོ་ཆེ་དང་ཝང་ཤིང་ཧྥུ་གཉིས་བླ་སློབ་ཏུ་གྱུར་བ་མ་ཟད། ཨ་སྤྲུལ་རིན་པོ་ཆེ་ནི་སེལ་ཤུལ་རྫོང་སྲིད་གྲོས་ཀྱི་རྒྱུན་ལས་ཚོགས་གཙོ་ཡིན་པ་དང་། ཁོའི་ནུ་བོ་ཞིག་ཀྱང་རྫོང་མི་མང་འཐུས་མི་ལྷན་ཚོགས་ཀྱི་ཚོགས་གཞོན་ཡིན་ལ། ཁོང་གཉིས་ཀྱི་ཕ་རྒན་ཡང་སེལ་ཤུལ་རྫོང་གི་རྫོང་དཔོན་ཞིག་ཡིན་སྟབས། ཝང་ཤིང་ཧྥུ་ལ་བོད་རིགས་ཀྱི་ཐོབ་ཐང་ལག་ཁྱེར་བཟོས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༨ ཉིན་ཝང་ཤིང་ཧྥུ་ཟེར་བའི་རྒྱ་རྒན་དེ་ཀོང་སྤྲུལ་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་བྱས་ཏེ་བོ་རོད་དགོན་དུ་ཁྲི་འདོན་བྱས་ཡོད་པ་མ་ཟད། ཝང་ལ་ཁྲི་གསོལ་དཔང་ཡིག་ཀྱང་བཟོས་ཡོད་འདུག

རྒྱ་རྒན་དེ་ཁྲི་འདོན་བྱས་རྗེས་བོད་ཁུལ་གཙོ་བོར་གྱུར་བའི་སི་ཁྲོན་ཁྲིན་ཏུའུ་དང་ཅི་ནན། ཧྲིན་ཡང་སོགས་རྒྱ་ནག་གི་ས་ཁུལ་མང་པོར་ཕྱིན་ཏེ། ཆོས་ཚོགས་ཆེ་ཁག་ ༨ དང་ཡན་ལག་ཁང་ ༢༠ ལྷག་བཙུགས་ཏེ། ཚོང་པ་དང་ཕྱུག་བདག་གཙོ་བོར་གྱུར་བའི་སློབ་མ་ ༣༠༠༠ བརྒལ་བ་བསྡུས་ཡོད་པ་དང་། སློབ་ཚོགས་ནས་ཁོ་ལ་དད་པ་དང་ཡིད་ཆེས་རྩེ་གཅིག་ཏུ་བྱས་ཏེ། ཆོས་འཆད་ཉན་གྱི་གླ་ཡོན་ཕུལ་བ་དང་བླ་མའི་བྱིན་ཅན་དངོས་རྫས་ཉོས་པ། དེ་བཞིན་བོད་ཁུལ་དུ་དགོན་པ་འཛུགས་སྐྲུན་དང་ཉམ་ཐག་ལ་རོགས་རམ་སོགས་ཀྱི་མིང་ཐོག་ལ་རྒྱ་སྒོར་མང་པོ་ཞལ་འདེབས་སུ་སྤྲད་ཡོད་འདུག་ལ། སྒ་སྐྱེ་རྒུ་མདོར་ས་ཡོམ་གོད་ཆག་བྱུང་སྐབས། བློ་བཟང་བསྟན་འཛིན་དཀར་མཛེས་ཁུལ་གྱི་མགོ་འཁྲིད་དང་ལྷན་དུ་གནོད་ཐེབས་ས་ཁུལ་དུ་ཕྱིན་ནས་རོགས་དངུལ་ཡང་སྤྲད་ཡོད་འདུག

ཝང་ཤིང་ཧྥུ་ཟེར་བའི་རྒྱ་རྒན་དེ་ཕྱི་ལོ་ ༡༩༥༥ ལོར་རྒྱ་ནག་ཧྲན་ཏུང་ཞིང་ཆེན་དུ་སྐྱེས་ཤིང་། དམར་དམག་ནང་འཛུལ་ཞུགས་བྱས་ཏེ་ཕྱིས་སུ་བཙོན་རའི་སྲུང་དམག་གི་ཆེད་ལས་པ་ཞིག་ཏུ་གྱུར། ཡིན་ཡང་། རྩལ་རླུང་སྦྱོང་བརྡར་བྱས་ཏེ་ཡུན་རིང་ལས་ཞུགས་མ་བྱས་པའི་རྐྱེན་གྱིས་གཞུང་ཞབས་ནས་གནས་དབྱུང་བཏང་ཡོད་འདུག དེ་ནས་ཁོས་རྒྱ་ནག་ནང་དུ་ཕེབས་བཞིན་པའི་བོད་ཀྱི་བླ་མ་གང་ཙམ་ཞིག་ངོ་ཤེས་ཡོད་པ་མ་ཟད། རིམ་གྱིས་བོད་ཁུལ་དུ་ཡོང་སྟེ་ནང་ཆོས་དོན་གཉེར་གྱི་ལས་ལ་ཞུགས་པའི་ཐབས་ལམ་རྙེད་པ་དང་། མཐར་བོད་ཀྱི་དགོན་པ་ཞིག་གི་དབུ་བླ་དང་སློབ་ཚོགས་སྟོང་ཕྲག་མང་པོའི་སྐྱབས་ཡུལ་དུ་གྱུར་བའི་བརྒྱུད་རིམ་ཁྲོད། པདྨའི་མེ་ཏོག་གི་འདབ་བརྒྱའི་སྟེང་བཞུགས་ཤིང་དབུ་འཇའ་འོད་ཀྱིས་བསྐོར་བར་བྱས་པའི་ཁོ་རང་གི་འདྲ་པར་བཅས་ནང་ཆོས་འཆད་འཁྲིད་བྱས་པའི་ཆེད་སྡེར་དང་ཐང་ག་ཁྲི་ཕྲག་མང་པོ་ཚོང་འགྲེམས་བྱས་ཏེ། དད་ལྡན་སློབ་ཚོགས་ནས་རྒྱ་སྒོར་ས་ཡ་མང་པོ་བཟོས་ཡོད་སྐོར་བསྒྲགས་པ་དང་འབྲེལ། བོད་བརྒྱུད་ནང་བསྟན་གྱི་དད་ལྡན་དོན་གཉེར་ཅན་ཚོར་བླ་མ་དང་རྩ་བའི་བླ་མ་ཡང་དག་ཅིག་འཐོབ་འདོད་ཡོད་ན། རྒྱ་ནག་གཞུང་གིས་བཟོས་པའི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཟེར་བ་དེའི་ནང་སོང་ནས་འཚོལ་དགོས་པ་དང་། གལ་སྲིད་མ་ལག་དེའི་ནང་དུ་མེད་ན་བླ་མ་ཡིན་ཟེར་མཁན་ཚང་མ་རྫུན་མ་ཡིན་སྐོར་ཡང་བསྒྲགས་འདུག

གསར་འགོད་པ་བསྟན་འཛིན་ཕུར་བུ་དང་རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༣ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 2

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    ད་བླ་མའི་མིང་གི་འོག་ནས་ཞབས་འདྲེན་ཞུ་མཁན་མང་དུ་མང་དུ་རེད་འདུག་།

    Reply
  2. བསྟན་ཆོས། says:
    ལོ་ 5 སྔོན།

    གསར་འགོད་པ་ལ་ཕྱོགས་སུ་ལྷོང་བའི་རྟགས་མངོན་མི་རུང་བས་ན་རྒྱ་རྒན་་་ཞེས་པའི་ཐ་སྙད་འདི་བཀོད་པ་འོས་མཚམས་ཤིག་ཏུ་མ་མཐོང་ངོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese