མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་སར་རྒྱལ་སྤྱིའི་འབྲས་ནད་ཉིན་མོ་སྲུང་གཙི་གནང་གི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་འབྲས་ནད་ཚོགས་པས་བཞུགས་སྒར་ཁུལ་གྱི་མི་མང་གི་ཕོ་བའི་ནང་ནད་འབུ་ཡོད་མེད་བརྟག་དཔྱད་དང་འབྲེལ་མི་མང་གི་མཚན་རྟགས་བསྡུ་རུབ་ཀྱི་ལམ་ནས་འབྲས་ནད་སྐོར་ལ་གོ་རྟོགས་དང་རྒྱལ་སྤྱིའི་འབྲས་ནད་ཉིན་མོ་སྲུང་གཙི་གནང་གི་འདུག

དེ་རིང་རྒྱལ་སྤྱིའི་འབྲས་ནད་ཉིན་མོ་དང་བསྟུན། ལྡི་ལིར་རྟེན་གཞི་བྱས་པའི་བོད་ཀྱི་འབྲས་ནད་ཚོགས་པའི་ངོས་ནས་བཞུགས་སྒར་དྷ་སའི་མེ་གྷན་ཁྲོམ་གཞུང་དུ། བཞུགས་སྒར་ཁུལ་གྱི་བོད་མིའི་ཁྲོད་ཕོ་བའི་འབྲས་ནད་སྔོན་འགོག་གི་ཆེད་དུ་ཕོ་བའི་ནང་ནད་འབུ་ཡོད་མེད་བརྟག་དཔྱད་ (H-Pylori stool test) གཏོང་གི་ཡོད་པ་དང་འབྲེལ། འབྲས་ནད་སྐོར་གྱི་གོ་རྟོགས་ལས་འགུལ་ཞིག་སྤེལ་གནང་སོང་།

དེ་རིང་གི་ལས་འགུལ་སྟེང་ཀང་ར་རྫོང་གི་སྤྱི་ཁྱབ་འཕྲོད་བསྟེན་སྨན་པ་ཇེ་ཌི་གྷུབ་ཏ་ (Dr. G.D. Gupta) ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་བཅས་ཕེབས་ཡོད་པ་དང་། སྐབས་དེར་སྐུ་ཞབས་གྷུབ་ཏ་ལགས་ཀྱིས། འཛམ་གླིང་ཁྱོན་ཡོངས་ནང་འབྲས་ནད་དེ་མིའི་འཆི་རྐྱེན་ཆེ་ཤོས་གཉིས་པ་དེ་ཡིན་པ་མ་ཟད། ལོ་རེར་འཛམ་གླིང་ནང་ཁྱོན་མི་གྲངས་ས་ཡ་ ༡༠ ལྷག་འབྲས་ནད་ཀྱི་རྐྱེན་པས་འདས་གྲོངས་སུ་འགྲོ་ཡི་ཡོད། གལ་ཏེ་མི་རྣམས་ཀྱིས་བརྟག་དཔྱད་བྱས་ཏེ་རང་ལ་འབྲས་ནད་ཡོད་པ་སྔོན་ཚུད་ནས་ཤེས་རྟོགས་བྱུང་ཚེ། ལོ་རེར་རྐྱེན་འདས་སུ་འགྲོ་བཞིན་པའི་ཁྲོད་ནས་གསུམ་ཆ་གཅིག་སྐྱོབ་ཐུབ་ཀྱི་ཡོད་སྐོར་དང་། ཧི་མ་ཅལ་གཞུང་ངོས་ནས་ཀྱང་འབྲས་ནད་དེ་ཚབས་ཆེར་བརྩིས་ཏེ་ས་གནས་རིམ་པར་གོ་རྟོགས་དང་བརྟག་དཔྱད་ཀྱི་ལས་གཞི་སྤེལ་མུས་ཡིན་པ་མ་ཟད། འབྲས་ནད་ཀྱིས་མནར་བཞིན་པའི་མི་རྣམས་ལ་སྨན་གྲོན་སོགས་ཀྱི་ཆེད་དུ་ཐད་ཀར་འགྲོ་གྲོན་ཡང་གནང་གི་ཡོད་སྐོར་སོགས་བརྗོད་གནང་སོང་།

དེ་བཞིན། འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ནས། ཕྱི་ལོ་ ༢༠༡༩ ཡི་གྲངས་ཐོ་ལྟར་ན་རང་རེའི་བོད་མིའི་སྤྱི་ཚོགས་ནང་། བོད་མི་ ༢༧ ཙམ་འབྲས་ནད་ཀྱི་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད་འདུག ལྷག་པར་དུ་ང་ཚོའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ཁོངས་སུའང་ཕྱི་ལོ་ ༢༠༡༩ ལོར་མི་གྲངས་ ༦༢ ལྷག་ལ་འབྲས་ནད་ཀྱི་ཆེད་དུ་སྨན་གྲོན་བཏང་ཡོད་འདུག ནད་པའི་ཁྲོད་དུ་ཕོ་བ་དང་མཆིིན་པ། གློ་བ་བཅས་ཀྱི་འབྲས་ནད་ཡོང་གི་ཡོད། དེ་དག་ཡོང་དོན་ཡང་གཙོ་བོ་ང་ཚོས་དུས་རྒྱུན་དུ་རང་གི་འཕྲོད་བསྟེན་ལ་དོ་སྣང་བྱེད་ཀྱི་མེད་པའི་རྐྱེན་གྱི་ཡིན་སྟབས། དུས་རྒྱུན་དུ་ཞལ་ལག་ནང་སྔོ་ཚལ་རིགས་མང་ཙམ་མཆོད་རྒྱུ་དང་གཟུགས་པོར་འགུལ་སྐྱོད་དང་ལུས་རྩལ་མང་ཙམ་དགོས་རྒྱུ་གལ་ཆེན་ཡིན། ཞེས་དང་། གལ་ཏེ་རང་ཉིད་ལོ་ ༤༠ ཡན་ཡིན་ན་ལོ་རེར་གཟུགས་པོ་བརྟག་དཔྱད་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་ཞིང་། དྷ་ས་ལྟ་བུར་མཚོན་ན་བདེ་ལེགས་སྨན་ཁང་ལ་བསྟན་ན་འགྲོ་སོང་སོགས་ཀྱི་ཆ་ནས་དཀའ་ངལ་དེ་ཙམ་མེད་སྐོར་གསུངས་སོང་།

འདི་ལོར་རྒྱལ་སྤྱིའི་འབྲས་ནད་ཉིན་མོ་དེ་ (ང་ཡིན། ངས་བྱ་རྒྱུ་ཡིན། I am, I will) ཞེས་པའི་འབོད་ཚིག་འོག་འཛམ་གླིང་ཡོངས་ནང་སྲུང་གཙི་བྱེད་ཀྱི་ཡོད་ཅིང་། བོད་ཀྱི་འབྲས་ནད་ཚོགས་པའི་ལས་འགུལ་ནང་མི་མང་ལ་འབྲས་ནད་སྐོར་གོ་རྟོགས་ཡོང་ཆེད་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་དང་། བོད་པའི་སྤྱི་ཚོགས་ནང་ཕོ་བའི་འབྲས་ནད་དེ་ཤུགས་ཆེ་ཤོས་ཡིན་སྟབས། དེ་སྔོན་འགོག་གི་ཆེད་དུ་ཕོ་བའི་ནང་ནད་འབུ་ཡོད་མེད་ཀྱི་བརྟག་དཔྱད་ལས་གཞི་སྤེལ་གྱི་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༣།༢༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

སྐར་མ ༨ སྔོན་ལ།
Mobile App

བོད་ལྗོངས་དམངས་འཐུས་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་ཞུ་གཏུག་བྱས།

སྐར་མ ༥༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༢༣ སྔོན་ལ།
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

༢༠༢༦/༠༢/༢༤
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese