མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་གསར་ཁང་ཚང་མ་དམར་ཤོག་ཚོགས་པའི་མགྲིན་པ་དང་ལྕེ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༢༡/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཉི་ཧོང་དཔལ་འབྱོར་གསར་ཁང་གི་ཡན་ལག་ལས་ཁུངས་ཀྱི་རྩོམ་སྒྲིག་པས་བྷི་བྷི་སིའི་གསར་འགྱུར་རྒྱ་ནག་ནང་བཀག་འགོག་བྱས་པར་རྒྱ་ནག་དམར་ཤོག་ཚོགས་པ་དང་ཞི་ཅིན་ཕིན་ལ་སྐྱོན་བརྗོད་བྱས་འདུག

ཁ་སང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཉི་ཧོང་གི་དཔལ་འབྱོར་གསར་ཁང་ནེའུ་ཀེ་ཨེ་ཤ་ཡའི་(Nikkei Asia) རྒྱ་ནག་གི་ཡན་ལག་ལས་ཁུངས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཊཱ་ཊི་སའོ་ཤི་ (Tetsushi Takahashi) ལགས་ཀྱིས། འཛམ་གླིང་ནང་ཁྱབ་རྒྱ་ཆེ་བའི་བྷི་བྷི་སི་གསར་ཁང་གི་འཛམ་གླིང་གསར་འགྱུར་རིགས་རྒྱ་ནག་ནང་ཤར་གཏོང་བྱེད་རྒྱུ་བཀག་འགོག་བྱས་པ་དང་འབྲེལ། བྷི་བྷི་སི་ནི་རྒྱ་ནག་ནང་རང་དབང་དང་དམངས་གཙོ་གོང་འཕེལ་གཏོང་མཁན་གྱི་ནུབ་ཕྱོགས་པའི་གསར་ཁང་གཅིག་པུ་དེ་ཡིན་པ་དང་། ཞི་ཅིན་ཕིན་གྱི་དབང་སྒྱུར་འོག་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ཚང་མས་དམར་ཤོག་ཚོགས་པར་བསྟེན་བསྟུན་གྱིས། དམར་ཤོག་ཚོགས་པའི་མགྲིན་པ་དང་ལྕེ་ལྟར་གཞུང་གི་ལས་དོན་སྒྲུབ་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་འདུག

རྩོམ་སྒྲིག་པ་ཊཱ་ཊི་སའོ་ཤི་ཡིས། རྒྱ་ནག་གི་གསར་ཁང་གཅིག་ཀྱང་དམར་ཤོག་ཚོགས་པ་ལས་བརྒལ་ཐུབ་ཀྱི་མེད་པ་དང་། རྒྱ་ནག་ནང་གི་ཚགས་ཤོག་ཁག་དང་བརྙན་འཕྲིན་དང་རླུང་འཕྲིན་ཁང་སོགས་གསར་ཁང་ཚང་མར་འདེམས་ཀ་ཆུང་ཆུང་རེ་ཡོད་ཀྱང་།  གསར་ཁང་ཚང་མས་དམར་ཤོག་ཚོགས་པའི་མགྲིན་པ་དང་ལྕེ་ལྟ་བུའི་ཞབས་འདེགས་ཞུ་དགོས་ཀྱི་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༢ ལོར་ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བཟུང་། རྒྱ་ནག་ནང་གི་གསར་འགོད་རང་དབང་ལ་དམ་དྲགས་སྔར་ལྷག་བྱེད་མགོ་བརྩམས་ཡོད། ཅེས་བརྗོད་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས། བྷི་བྷི་སིའི་གསར་ཁང་གིས་ཤིན་ཅང་ཁུལ་གྱི་ཡུ་གུར་མི་མང་དང་ཏོག་དབྱིབས་གཉན་རིམས་སོགས་ཀྱི་སྐོར་ལ་གནས་ཚུལ་རྫུན་བསྒྲགས་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་འོག རྒྱ་ནག་ནང་བྷི་བྷི་སིའི་འཛམ་གླིང་གནས་ཚུལ་ལྟ་ཀློག་བྱེད་མི་ཐུབ་པར་བཟོས་པ་དང་། ཨ་རི་དང་ཡུ་རོབ་མཐུན་ཚོགས་གཙོ་བྱས་པའི་དབྱིན་ཡུལ་སོགས་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།

ཨ་རི་དང་ཡུ་རོབ་མཐུན་ཚོགས་ཐུན་མོང་གི་བསྒྲགས་གཏམ་ནང་། རྒྱ་ནག་གཞུང་གིས་རྒྱ་ནག་ནང་བྷི་བྷི་སིའི་འཛམ་གླིང་གནས་ཚུལ་བཀག་འགོག་བྱས་པ་ནི་རྒྱ་ནག་རང་གི་རྩ་ཁྲིམས་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་འགལ་གྱི་ཡོད་པས། ཐག་གཅོད་དེ་ཕྱིར་འཐེན་བྱེད་དགོས་ཀྱི་ཡོད། ཅེས་སྐྱོན་བརྗོད་དང་། དབྱིན་ཡུལ་ཕྱི་སྲིད་དྲུང་ཆེ་ཌའོ་མུ་ནེག་རཱབ་ (Dominic Raab) ལགས་ཀྱིས། རྒྱ་ནག་གིས་བྷི་བྷི་སིའི་འཛམ་གླིང་གནས་ཚུལ་བཀག་འགོག་བྱས་པ་ནི་གསར་འགོད་རང་དབང་བཀག་སྡོམ་བྱས་ཡིན་པས་ཐག་གཅོད་དེར་ངོས་ལེན་བྱེད་ཐབས་བྲལ་སོང་ལ། རྒྱ་ནག་ནི་འཛམ་གླིང་གི་གསར་འགོད་རང་དབང་ལ་དམ་དྲགས་བྱེད་མཁན་ཆེ་ཤོས་ཤིག་ཡིན་སྟབས། ད་རེབ་ཀྱི་ཐག་གཅོད་འདིས་འཛམ་གླིང་གི་མིག་མདུན་ནས་རྒྱ་ནག་གི་མཚན་སྙན་ལ་རྨས་སྐྱོན་བཟོ་ཡི་ཡོད་པ་ཁོ་ན་ཡིན། ཞེས་བརྗོད་ཡོད་པ་རེད།

ཡང་བརྒྱུད་ལམ་ཁག་ཏུ། ད་རེས་རྒྱ་ནག་གིས་བྷི་བྷི་སི་གསར་འགྱུར་བཀག་འགོག་བྱེད་དོན་ནི། ཉེ་སྔོན་ཕྱི་ཚེས་ ༤ ཉིན་དབྱིན་ཡུལ་གཞུང་གིས། རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་རྒྱ་ནག་གོ་ལའི་བརྙན་འཕྲིན་ཁང་ (CGTN) ཟེར་བས་ཡུ་རོབ་ནང་ཁྲིམས་འགལ་ཐོག་ལས་དོན་སྒྲུབ་ཀྱི་ངོས་འཛིན་འོག ཡན་ལག་ལས་ཁུངས་དེའི་ཆོག་མཆན་ལག་ཁྱེར་ནུས་མེད་དུ་བཏང་བར་རྒོལ་ལན་སློག་ཡིན་སྐོར་ཡང་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༢༣ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese