མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ཉེན་རྟོག་པས་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེ་སྲུང་སྐྱོབ་བྱེད་མཁན་སྲུང་སྐྱོབ་བྱེད་བཞིན་པར་ཡི་རངས་ཡོད་ཅེས་གསུངས་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་རྒྱ་གར་གྱི་ཉེན་རྟོག་པ་ཚོར་དྲ་ལམ་ནས་བཀའ་སློབ་གནང་སྐབས་གཞི་རྩའི་ཐོག་ནས་ཉེན་རྟོག་པ་ཚོ་མིའི་བཟང་སྤྱོད་དང་དམངས་གཙོ། རང་དབང་སྲུང་སྐྱོབ་བྱེད་མཁན་ཆགས་ཀྱི་ཡོད་ཀྱང་སྐབས་རེར་ཏོག་ཙམ་དྲག་རྩུབ་ཀྱི་སྒོ་ནས་རྣམ་འགྱུར་སྟོན་དགོས་པ་དེ་འདྲ་ཡོང་གི་ཡོད་པ་དེ་འགྲིག་གི་ཡོད་པ་རེད་ཅེས་གསུངས་འདུག

རྒྱ་གར་ཉེན་རྟོག་པའི་དགེ་རྩས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དེ་རིང་ཕྱི་ཚེས་ ༡༧ ཉིན་གྱི་ཞོགས་པར་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉེན་རྟོག་པས་བྱམས་སྙིང་རྗེ་དང་འབྲེལ་ཏེ་ཉེན་སྲུང་གི་ལས་དོན་བྱེད་དགོས་པའི་སྐོར་ལ་བཀའ་སློབ་ལམ་སྟོན་སྩལ་སྐབས། དེ་རིང་ངོས་རང་ཉེན་རྟོག་པར་སྐད་ཆ་བཤད་རྒྱུ་བྱུང་བར་ཧ་ཅང་དགའ་བོ་བྱུང་། སོ་སོའི་ལྟ་བ་དང་བསམ་ཚུལ་བརྗེ་ལེན་ཡོང་རྒྱུ་དང་། སྤྱིར་རྒྱ་གར་གྱི་གྲོགས་པོ་རྣམ་པ་དང་ལྷག་པར་དུ་ཉེན་རྟོག་པ་ཚོར་བཀའ་མོལ་ཞུ་རྒྱུ་བྱུང་བར་ཞེ་དྲགས་དགའ་པོ་བྱུང་། ངོས་རང་གི་མི་ཚེ་ཆ་ཚང་ཉེན་རྟོག་པས་མཐའ་བསྐོར་ནས་མི་ཚེ་སྐྱེལ་བ་རེད། བོད་ནང་དུའང་ལོ་དགུའི་རིང་རྒྱ་མིའི་ཉེན་རྟོག་པས་བསྐོར་ནས་བསྡད་པ་རེད། ཕྱི་ལོ་ ༡༩༥༩ ནས་རྒྱ་གར་གྱི་ཉེན་རྟོག་པས་སྲུང་སྐྱོབ་གནང་ནས་བཞུགས་པ་རེད། ཕྱོགས་གཉིས་ཀས་ངོས་རང་ལ་སྲུང་སྐྱོབ་གནང་གི་ཡོད་པ་ནི་ངོས་ནས་དོ་སྣང་བྱུང་སོང་། རྒྱ་ནག་དམར་ཤོག་གི་ཉེན་རྟོག་པ་ཚོར་འགན་གཉིས་ཡོད་པ་འདྲ་བོ་འདུག  གཅིག་ངོས་རང་ལ་སྲུང་སྐྱོབ་བྱ་རྒྱུ་དང་གཞན་དེ་སོ་བ་བྱ་རྒྱུའི་ལས་འགན་ཡོད་པ་འདྲ་བོ་འདུག  རྒྱ་གར་གྱི་ཉེན་རྟོག་པ་ཡིན་ན་ལྷག་བསམ་རྣམ་དག་རེད། མི་འབོར་གྱི་ཆ་ནས་རྒྱ་ནག་ནི་འཛམ་གླིང་ནང་མི་འབོར་ཆེ་ཤོས་གྲས་ལ་ཚུད་པ་རེད། ཡིན་ནའང་རང་དབང་ཡོད་མ་རེད། སྔར་གྱི་གནའ་རབས་ཀྱི་རིག་གཞུང་ཕྱུག་པོ་ཡོད་པ་དང་། ལོ་རྒྱུས་ཀྱི་ངོས་ནས་ཆ་བཞག་ནའང་ནང་པའི་རྒྱལ་ཁབ་ཆགས་ཀྱི་ཡོད་པ་རེད། འོན་ཀྱང་འགྱུར་བ་ཆེན་པོ་ཕྱིན་བསྡད་ཡོད་རེད། སྤྱིར་བཏང་དམར་པོའི་རིང་ལུགས་ཀྱིས་རྒྱ་ནག་རྒྱལ་ཁབ་བཟུང་ཡོད་པ་དང་། དེ་ལས་ལྡོག་སྟེ་རྒྱ་གར་ཡིན་ན་རང་དབང་གཙང་མ་ཡོད་རེད་ལ་དམངས་གཙོའི་ལམ་ལུགས་ཚད་ལྡན་ཡོད་རེད། འཛམ་གླིང་ནང་ནས་མི་འབོར་ཆེ་ཤོས་གཉིས་པ་དེ་རྒྱ་གར་ཆགས་ཀྱི་ཡོད་ཀྱང་རང་དབང་ཧ་ཅང་གི་ཆེན་པོ་རེད། ཅེས་གསུངས་འདུག

ཡང་༧གོང་ས་མཆོག་གིས། རྒྱ་གར་ནང་དུ་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་ཆ་ཚང་མཐུན་སྒྲིལ་ངང་ནས་འཆམ་མཐུན་དུ་གནས་ཐུབ་ཀྱི་ཡོད་རེད། ངོས་རང་གིས་དོ་སྣང་བྱུང་བ་ཞིག་ལ། རྒྱ་གར་གྱི་ཁ་ཆེ་པ་ཚོ་ཐུག་དུས་ཁ་ཆེའི་ནང་དུ་སྡེ་ཚན་གཉིས་ཡོད་ཀྱང་ཕན་ཚུན་འཁོན་རེས་ཡོད་པའི་རྣམ་འགྱུར་རྩ་བ་ཉིད་ནས་མཐོང་མ་བྱུང་། དེར་བརྟེན་རྒྱ་གར་ནང་དུ་ལོ་ངོ་སྟོང་ཕྲག་སྔོན་ནས་རྒྱ་གར་རང་གི་བསམ་བློའི་གོམས་གཤིས་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ལྟ་གྲུབ་དེ་དང་འབྲེལ་བའི་ཉམས་ལེན་འདི་སྔར་ནས་དར་ཡོད་པ་རེད། དེ་འདྲའི་སྤྱི་ཚོགས་ནང་དམངས་གཙོ་དེ་ཞེ་དྲགས་རན་པོ་ཡོད་རེད། ཆོས་ལུགས་ཆ་ཚང་ལ་ཕན་ཚུན་གུས་ཞབས་ཡོད་པ། མི་ཆ་ཚང་ལ་གུས་ཞབས་ཡོད་པ། རྒྱ་གར་ལ་ཆ་བཞག་ན། རྒྱ་གར་ལྷོ་བྱང་གཉིས་ལ་སོགས་པའི་རྒྱ་གར་གྱི་ས་གནས་འདྲ་མིན་སྣ་ཚོགས་ལ་སྐད་ཡིག་དང་ཡི་གེ་མི་འདྲ་བ་ཡོད་རེད། འོན་ཀྱང་མི་འདྲ་བའི་ཆ་དེ་འདྲ་ཡོད་ནའང་རྒྱ་གར་དམངས་གཙོའི་རྒྱལ་ཁབ་འདིའི་འོག་ལ་ཚང་མ་སྡོད་རྒྱུ་ཡོད་པར་ཞེ་དྲགས་དགའ་མོས་ཡོང་བ་ཞིག་ཆགས་བསྡད་ཡོད་རེད། དེ་དང་མཚུངས་པ་འཛམ་གླིང་ས་ཕྱོགས་གང་སར་ཡིན་ནའང་སྐད་མི་འདྲ་བ་དང་མི་རིགས་མི་འདྲ་བ། ཆོས་ལུགས་མི་འདྲ་བ་ཡོད་ནའང་མཐུན་སྒྲིལ་ངང་ནས་བསྡད་ཐུབ་རྒྱུ་ཡོད་པ་དེ་རྒྱ་གར་རང་གིས་མིག་དཔེ་སྟོན་ཐུབ་ཀྱི་ཡོད་རེད། དེ་ཡང་འཚེ་མེད་ཞི་བའི་ལྟ་གྲུབ་དང་བྱམས་སྙིང་རྗེ་དང་འབྲེལ་བའི་ཉམས་ལེན་དེ་གཉིས་ཡོད་པའི་སྒོ་ནས་ཕན་ཚུན་འཆམ་མཐུན་ངང་ནས་ཏན་ཏན་འཛམ་གླིང་གོ་ལ་གཅིག་ནང་གནས་ཐུབ་ཀྱི་རེད། དེར་བརྟེན་རྒྱ་གར་གྱི་རིག་གཞུང་འདི་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ཉམས་ལེན་སྲུང་སྐྱོབ་བྱེད་མཁན་ཆགས་བསྡད་ཡོད་རེད། དེ་འདྲ་སོང་ཙང་། རྒྱ་གར་གྱི་ཉེན་རྟོག་པ་དང་ལྷན་དུ་བཀའ་མོལ་ཞུ་རྒྱུར་ཞེ་དྲགས་དགའ་པོ་ཡོད། ག་དུས་ཡིན་རུང་རྒྱ་གར་གྱི་ཉེན་རྟོག་པར་ཐུག་ཡོང་དུས་སེམས་ནང་དུ་དངངས་འཚབ་རྩ་བ་ཉིད་ནས་ཡོང་གི་མེད། ཞོགས་པར་ག་དུས་ཡིན་ནའང་ཁང་པའི་ཐོག་ཁ་ནས་མར་བལྟས་བསྡད་དུས་རྒྱ་གར་གྱི་ཉེན་རྟོག་པ་ཡོད་ཡོད་པ་རེད་ལ། ག་དུས་ཡིན་ཡང་ཁོང་རང་ཚང་མ་ལ་འཚམས་འདྲི་ཞུ་ཡི་ཡོད། དེ་ནས་ཆོབ་སློང་གི་ཡོད། རྒྱ་གར་གྱི་ཉེན་རྟོག་པ་ཉིན་མཚན་དུས་དྲུག་ཏུ་འཚེ་མེད་ཞི་བའི་ལྟ་བ་དང་བྱམས་སྙིང་རྗེའི་ཉམས་ལེན་འདི་གཞི་རྩར་ཡོད་པའི་ཐོག་ནས་ངོས་རང་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་རེད། བྱས་ཙང་རྒྱ་གར་ཉེན་རྟོག་པ་ཚོས་རྒྱ་གར་གྱི་གནའ་རབས་ཀྱི་རིག་གཞུང་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེ། ལྷག་པར་དུ་བྱམས་སྙིང་རྗེའི་སྐོར་ལ་དོ་སྣང་བྱ་དགོས་པ་ནི་གལ་ཆེན་པོ་རེད། འདི་རྒྱུན་གཏན་དུ་ངོས་ནས་རྒྱ་གར་གྱི་གྲོགས་པོ་གཞན་ཚོར་ཞུ་ཡི་ཡོད། དེ་རིང་ཡང་ཁྱེད་རང་ཚོར་ཞུ་འདོད་བྱུང་སོང་། ཞེས་གསུངས་འདུག

ཡང་༧གོང་ས་མཆོག་གིས། རྒྱ་གར་འདི་འཛམ་གླིང་ནང་ནས་དམངས་གཙོ་ཆེ་ཤོས་གྲས་ཆགས་བསྡད་ཡོད་རེད། དེར་བརྟེན་ལུང་པ་སྲུང་སྐྱོབ་བྱེད་རྒྱུ་ལབ་ཡོང་དུས་ས་མཚམས་སྲུང་སྐྱོབ་བྱས་པ་ཙམ་མིན་པར་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ནས་ཡོད་པའི་གནའ་རབས་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་འདི་རྒྱལ་ཁབ་སྲུང་སྐྱོབ་བྱས་པ་ཆགས་ཀྱི་ཡོད་རེད། རྒྱ་གར་གྱི་གནའ་རབས་ཀྱི་རིག་གཞུང་འདི་འཛམ་གླིང་སྤྱི་ལ་དགོས་མཁོ་ཡོད་པ་ཞིག་རེད། ཡར་ཐོན་ཅན་གྱི་འཛམ་གླིང་འདིའི་ནང་ལ་སྔར་དབྱིན་ཇིའི་རྒྱལ་བརྒྱུད་དང་དབྱིན་ཇིའི་རིང་ལུགས་ཀྱི་སློབ་སྦྱོང་གི་འགྲོ་ལུགས་དར་བའི་ཐོག་ནས། ཚན་རིག་དང་འཕྲུལ་ཆས་ཀྱི་ཡར་ཐོན་ལ་སོགས་པ་ཞེ་དྲགས་བེད་སྤྱོད་ཆེན་པོ་ཡོད་པ་རེད། ཡིན་ནའང་དེ་དང་མཉམ་དུ་ལོ་ངོ་སྟོང་ཕྲག་ནས་ཡོད་པའི་སོ་སོའི་གནའ་རབས་ཀྱི་རིག་གཞུང་ཕྱུག་པོ་དེ་དག་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་རེད། མི་རབས་སྔ་མའི་ནང་རྒྱ་གར་གྱི་དབུ་ཁྲིད་སེམས་དཔའ་ཆེན་པོ་གྷན་དྷིས་འཚེ་མེད་ཞི་བའི་ལྟ་གྲུབ་འཛམ་གླིང་སྤྱི་ཡོངས་ལ་སྤེལ་ཐུབ་པ་བྱུང་ཡོད་རེད། ཐོག་མར་ཁོང་རང་གིས་རྒྱ་གར་གྱི་རང་བཙན་དོན་དུ་འཚེ་མེད་ཞི་བ་དང་འབྲེལ་བའི་ལས་འགུལ་ཤུགས་ཆེན་པོ་སྤེལ་ཡོད་དུས། འདིས་འཛམ་གླིང་སྤྱི་ཡོངས་ལ་འཚེ་མེད་ཞི་བ་དང་འབྲེལ་བའི་སྒོ་ནས་འཐབ་རྩོད་གང་ཡིན་རུང་བྱ་དགོས་པའི་མིག་དཔེ་རྒྱ་ཆེན་པོ་བསྟན་ཡོད་པ་རེད། སེམས་དཔའ་ཆེན་པོ་གྷན་དྷིས་འཚེ་མེད་ཞི་བ་དང་འབྲེལ་བའི་ལྟ་གྲུབ་དང་མི་ཚེ་སྐྱེལ་སྟངས་ལ་བསྔགས་བརྗོད་ཡི་རངས་བྱེད་མཁན་མང་པོ་ཡོད་རེད། འཛམ་གླིང་ག་བར་ཡིན་ནའང་མི་རིགས་འདྲ་མིན་དང་གོམས་གཤིས་མི་འདྲ་བ། རིག་གཞུང་མི་འདྲ་བ་དང་ཆོས་མི་འདྲ་བའི་དབང་གིས་དཀའ་ངལ་ཡོང་གི་ཡོད་རེད། དེར་བརྟེན་རྒྱ་གར་གྱི་སྐད་ཡིག་མི་འདྲ་བ་དང་ཆོས་མི་འདྲ་བ། གོམས་གཤིས་མི་འདྲ་བ། རིག་གཞུང་མི་འདྲ་བ་ཡོད་པ་ཡིན་ནའང་འཆམ་མཐུན་གྱི་སྒོ་ནས་གནས་ཐུབ་ཀྱི་ཡོད་པའི་མིག་དཔེ་འདི་འཛམ་གླིང་ཡོངས་ལ་སྟོན་ཐུབ་པ་དགོས་རྒྱུ་དེ་ཞེ་དྲགས་གལ་ཆེན་པོ་རེད། བྱས་ཙང་དུས་རབས་ཉེར་གཅིག་ནང་ལ་རྒྱ་གར་ཚོས་འཛམ་གླིང་ནང་ལ་ཞི་བདེ་བག་ཕེབས་ཡོང་རྒྱུའི་ཐོག་ལ་ཞབས་འདེགས་ཞུ་ཐུབ་རྒྱུའི་ལས་འགན་ཡོད་རེད། རྒྱུན་ལྡན་ངོས་ནས་འཛམ་གླིང་ནང་ལ་མི་ཐེར་འབུམ་བདུན་ལྷག་ཡོད་པ་འདི་མིའི་རིགས་ཡིན་པ་གཅིག་གྱུར་རེད། རྒྱལ་ཁབ་མི་འདྲ་བ། རིག་གཞུང་མི་འདྲ་བ། མི་རིགས་མི་འདྲ་བ། སྐད་ཡིག་མི་འདྲ་བ། ཆོས་ལུགས་མི་འདྲ་བ་ལ་སོགས་པའི་མི་འདྲ་བའི་ཁྱད་པར་ཡོད་ནའང་ཁྱད་པར་འདི་རིམ་པ་གཉིས་པའི་ཐོག་ནས་ཡོང་གི་ཡོད་རེད། གཞི་རྩའི་ཆ་ནས་ང་ཚོ་མིའི་རིགས་ཡིན་པ་གཅིག་གྱུར་ཆགས་བསྡད་ཡོད་པ་རེད། འདོད་ཀྱང་རུང་། མ་འདོད་ཀྱང་རུང་གོ་ལ་གཅིག་འདིའི་ནང་ལ་མཉམ་རུབ་བྱས་ནས་སྡོད་དགོས་པ་ཆགས་ཡོད་རེད། དེས་ན་གོ་ལ་གཅིག་གྱུར་གྱི་འདུ་ཤེས་དེ་གལ་ཆེན་པོ་རེད། ངོས་རང་ནས་ཀྱང་འཛམ་གླིང་མི་ཚང་མ་གཅིག་གྱུར་གྱི་འདུ་ཤེས་བཅངས་ནས་ས་ཆ་ག་པར་ཕྱིན་ནའང་སོ་སོའི་ནང་ཡིན་པའི་འདུ་ཤེས་བསླེབས་པ་མ་གཏོགས་ཁེར་རྐྱང་དུ་ལུས་པའི་འདུ་ཤེས་རྩ་བ་ཉིད་ནས་བསླེབས་ཀྱི་མི་འདུག  ང་རང་ཚོའི་འཛམ་གླིང་ས་ཕྱོགས་ག་པར་བལྟས་པ་ཡིན་ནའང་རྙོག་དྲ་རེད། རྙོག་དྲ་ཡོང་བའི་གཞི་རྩའི་ཁྱད་པར་ཆུང་ཚགས་འདི་ཚོ་ལ་གཞི་བཅོལ་ནས་ཡོང་གི་ཡོད་པ་རེད། འཛམ་གླིང་ཚ་དྲོད་རྒྱས་པ་དང་འབྲེལ་བའི་དཀའ་ངལ་འདི་འཛམ་གླིང་སྤྱི་ལ་ཁྱབ་པའི་དཀའ་ངལ་རེད། རྒྱ་གར་གྱི་ཉེན་རྟོག་པ་ཚོས་མི་མང་སྲུང་སྐྱོབ་བྱས་པ་ཙམ་མིན་པར་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ལྟ་གྲུབ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་རྒྱལ་ཁབ་འདིའི་མི་རྣམས་སྲུང་སྐྱོབ་བྱེད་ཀྱི་ཡོད་དུས་ཡི་རངས་ཞུ་ཡི་ཡོད། ཅེས་གསུངས་སོང་།

དྲི་བ་དྲིས་ལན་སྐབས་ཉེན་རྟོག་པ་ཞིག་གིས། ཉེན་རྟོག་པ་ནི་དྲག་པོ་དང་རྩུབ་པོ་མེད་པ་བཟོ་མཁན་ཞིག་རེད་དེ། སྐབས་རེར་ཉེན་རྟོག་པའི་བྱེད་སྟངས་ཀྱི་ཐོག་ནས་དྲག་པོའི་སྦྱོར་བ་བརྩམས་དགོས་ཀྱི་ཡོད་དུས་ཉེན་རྟོག་པའི་ངོས་ནས་འཚེ་མེད་ཀྱི་ལྟ་སྟངས་གང་འདྲ་ཡིན་པ་དང་། འཚེ་མེད་ཀྱི་ལམ་ནས་ཉེན་སྲུང་གི་ལས་ལ་འཇུག་སྟངས་གང་འདྲ་ཡིན་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། ངོས་ལ་རྒྱ་མིའི་ཉེན་རྟོག་པ་དང་མཉམ་དུ་ལོ་དགུ་ཙམ་བསྡད་པའི་ཉམས་མྱོང་ཡོད་རེད། དེ་ནས་ལོ་དྲུག་ཅུ་ལྷག་ཙམ་རྒྱ་གར་གྱི་ཉེན་རྟོག་པའི་སྲུང་སྐྱོང་འོག་ལ་གནས་བསྡད་ཡོད་པ་རེད། ཡིན་ནའང་སྤྱིར་བཏང་གི་གཞུང་གི་འཛིན་སྐྱོང་དང་འབྲེལ་བའི་ཐོག་ནས་ཁྱད་པར་ཡོང་གི་རེད། རྒྱ་གར་ནི་དམངས་གཙོ་དང་རང་དབང་ཅན་གྱི་རྒྱལ་ཁབ་ཆགས་ཡོང་དུས་ཉེན་རྟོག་པའི་རྣམ་འགྱུར་དེ་དང་མཐུན་པ་ཡོང་གི་རེད། སྦྱོར་བའམ་བྱ་བ་ཙམ་གྱིས་བཟང་ངན་གྱི་དབྱེ་བ་ཕྱེས་ཐུབ་ཀྱི་མ་རེད། གཙོ་བོ་ཀུན་སློང་ལ་ལྟ་དགོས་ཀྱི་ཡོད་རེད། སྤྱིར་བཏང་གཞི་རྩའི་ཐོག་ནས་ཉེན་རྟོག་པ་ཚོ་མིའི་བཟང་སྤྱོད་དང་དམངས་གཙོ། རང་དབང་སྲུང་སྐྱོབ་བྱེད་མཁན་ཆགས་ཀྱི་ཡོད་རེད། འོན་ཀྱང་སྐབས་རེར་མི་འགའ་ཤས་ཤིག་གིས་རྒྱུ་མཚན་དང་སྐད་ཆ་བཤད་ནས་རྩ་བ་ཉིད་ནས་མ་ཉན་པ་ཡིན་ན། ཏོག་ཙམ་དྲག་རྩུབ་ཀྱི་སྒོ་ནས་རྣམ་འགྱུར་སྟོན་དགོས་པ་དེ་འདྲ་ཡོང་གི་ཡོད་རེད། འདི་འགྲིག་གི་ཡོད་པ་རེད། ཅེས་བཀའ་ལན་གནང་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese