མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཁབ་མང་པོ་མཉམ་འབྲེལ་གྱིས་རྒྱ་ནག་གིས་ཕྱི་མི་འཛིན་བཟུང་བྱས་པར་ངོ་རྒོལ་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཁེ་ན་ཌ་གཞུང་གིས་སྣེ་འཁྲིད་དེ་འཛམ་གླིང་རྒྱལ་ཁབ་མང་པོ་མཉམ་འབྲེལ་གྱི་ཚོགས་པ་བཙུགས་ཏེ་རྒྱ་ནག་དང་དེའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་ཕྱི་རྒྱལ་གྱི་མི་སེར་དོན་མེད་དུ་འཛིན་བཟུང་བཀག་ཉར་བྱེད་བཞིན་པར་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་འདུག

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཁེ་ན་ཌ་གཞུང་གིས་སྣེ་འཁྲིད་དེ་ནུབ་ཕྱོགས་རྒྱལ་ཁབ་ཁག་མཉམ་འབྲེལ་གྱི་ཚོགས་པ་ཞིག་གིས་རྒྱ་ནག་དང་ཨེ་རག ཨུ་རུ་སུ། བྱང་ཀོ་རི་ཡ་སོགས་ཀྱིས་ཕྱིའི་རྒྱལ་ཁབ་ཁག་གི་མི་སྣ་འཛིན་བཟུང་བཀག་ཉར་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་གྱི་དྲ་ལམ་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གཙོ་བོར་གྱུར་བའི་ངོ་རྒོལ་ནང་ཞུགས་མཁན་རྒྱལ་ཁབ་  ༥༨ ནང་དུ་ཨ་རི་དང་ཉི་ཧོང་། ཨོ་སི་ཊོ་ལི་ཡ། ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཕལ་ཆེར་ཚང་མས་བསྒྲགས་གཏམ་དེར་རྒྱབ་སྐྱོར་མཚན་རྟགས་བརྒྱབ་ཡོད་འདུག

ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་མཱར་གྷར་ནོ་ (Marc Garneau) ལགས་ཀྱིས། ངོ་རྒོལ་ལས་འགུལ་དེས་རྒྱལ་ཁབ་གཅིག་ཙམ་དམིགས་འབེན་དུ་བཟུང་མེད་པར་གནད་དོན་དེར་བཟོད་སྒོམ་བྱེད་པརཕྱི་འབྲེལ་གནོན་ཤུགས་སྤྲོད་པའི་ཆེད་དུ་ཡིན་སྐོར་དང་། ཁྲིམས་དང་འགལ་ཞིང་བཟང་སྤྱོད་ལས་བརྒལ་བའི་བཙོན་འཇུག་བྱེད་ཐབས་དེ་དག་ལ་འགོག་རྒོལ་བྱེད་པར་རྒྱལ་ཁབ་གཞན་ནས་རྒྱབ་སྐྱོར་རག་ཐབས་བྱེད་ཀྱི་ཡོད་ལ། རྒྱལ་ཁབ་གཞན་གྱི་རྒྱབ་སྐྱོར་འོག་ནས་བཙན་དབང་གིས་འཛིན་བཟུང་དང་བཀག་ཉར་བྱེད་མཁན་གྱི་རྒྱལ་ཁབ་དེ་དག་ལ་གནོན་ཤུགས་སྤྲོད་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

དྲ་ཐོག་ཚོགས་འདུར་ཞུགས་པའི་ཨ་རི་དང་དབྱིན་ཡུལ། འཇར་མན་སོགས་ཀྱི་སྐུ་ཚབ་ནས་རྒྱབ་སྐྱོར་གྱི་གཏམ་བཤད་བྱས་ཡོད་པ་དང་། དབྱིན་ཡུལ་ཕྱི་སྲིད་དྲུང་ཆེ་ཌོ་མི་ནིག་རབ་ (Dominic Raab) ལགས་ཀྱིས། གཞན་ལ་འཇིགས་སྐུལ་དང་ཤུགས་རྐྱེན་སྤྲོད་ཆེད་བཙན་དབང་གིས་བཙོན་འཇུག་བྱས་པ་ནི་གདུག་རྩུབ་ཅན་དང་ནོར་འཁྲུལ་གྱི་བྱེད་ཐབས་ཤིག་ཡིན་པས། དབྱིན་ཡུལ་གྱིས་དེ་རིགས་ལ་བཟོད་སྒོམ་བྱེད་ཐུབ་ཀྱི་མེད་སྐོར་བརྗོད་འདུག

དྲ་ཐོག་ཚོགས་འདུ་གྲོལ་མ་ཐག་ཁེ་ན་ཌར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ནས་རྒྱལ་ཁབ་ཁག་གི་མཉམ་འབྲེལ་བྱ་སྤྱོད་དེ་ནི་དྲག་ཤུགས་དང་གདུག་རྩུབ་ཅན་གྱི་བྱེད་བབ་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས་ངོས་ལེན་མེད་ལ། རྒྱ་ནག་ལ་མིང་ཤས་བཟོ་ཐབས་དང་གནོན་ཤུགས་སྤྲོད་ཀྱི་ཡོད་ལུགས་རྒྱ་ནག་གི་གོ་ལའི་དུས་བབ་ནང་སྤེལ་འདུག་པ་མ་ཟད། ཁ་སང་ཕྱི་ཚེས་ ༡༧ ཉིན་གསར་ཁང་དེའི་དྲ་རྒྱའི་ཐོག ཁེ་ན་ཌས་ཧྭ་ཝེ་ཡི་ནོར་དོན་སྤྱི་གཉེར་བ་མོང་ཝན་ཀྲུའུ་(Meng Wanzhou) ཁྲིམས་འགལ་གྱིས་འཛིན་བཟུང་བྱས་པར་འགན་འཁྲི་ཡོད་སྟབས། ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་མཱར་གྷར་ནོ་ཡིས་བཙན་དབང་གིས་བཙོན་འཇུག་ལ་དགག་པ་ཡོད་པའི་ཁྱབ་བསྒྲགས་བྱས་པ་དེར་ཧང་སངས་དགོས་སྐོར་བརྗོད་འདུག་པ་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་འཛམ་གླིང་ལ་མགོ་སྐོར་བསླུ་བྲིད་གཏོང་ཐབས་དེ་ག་དུས་མཚམས་འཇོག་བྱ་རྒྱུ་ཡིན་པ་དང་། འགྲོ་བ་མིའི་ཐོབ་ཐང་སྐོར་རྒྱུན་དུ་བཤད་ཀྱང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལ་མི་རྩི་མཁན་གྱི་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ག་རེ་བཤད་ཀྱི་ཡོད་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཡོངས་ཀྱིས་རང་ཉིད་ལ་མེ་ལོང་ནང་ལེགས་པོ་བལྟ་དགོས་སྐོར་བསྒྲགས་འདུག

ཨ་རིའི་གཞུང་གི་རེ་སྐུལ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡ ཉིན། ཁ་ན་ཌ་གཞུང་གིས་རྒྱ་ནག་གི་ཚན་རྩལ་བཟོ་ཚོང་ཁང་ཆེ་གྲས་ཧྭ་ཝེ་ (Huawei) ཡི་ནོར་དོན་སྤྱི་གཉེར་བ་མེང་ཝན་ཀྲུའུ་ (Meng Wanzhou)ཁ་ན་ཌའི་ཝན་ཁོ་ཝིར་རྒྱལ་སྤྱིའི་གནམ་ཐང་ནས་འཛིན་བཟུང་བྱས་ཏེ་ཉིན་ཤས་ལས་མ་འགོར་བར། རྒྱ་ནག་ནང་ཡོད་པའི་ཁ་ན་ཌའི་ཕྱི་འབྲེལ་མི་སྣ་ཟུར་པ་མེ་ཁལ་ཀོབ་རིག (Michael kovrig) དང་། ཚོང་པ་མེ་ཁལ་སི་པེ་ཝོར་ (Michael Spavor) གཉིས་སྔ་གཞུག་ཏུ་འཛིན་བྱས་ཡོད་པར་བརྟེན། ཡུལ་གཉིས་ཀྱི་རྒྱལ་ཁབ་གཉིས་བར་ཚོང་འབྲེལ་དང་མི་མང་བར་གྱི་འབྲེལ་ལམ་བཅས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་རེད། 

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

ཆུ་ཚོད་ ༣ སྔོན་ལ།
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese