མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནད་རྟགས་ཡོད་མཁན་རིགས་གསུམ་བཅུའི་དུས་དྲན་ལ་མཉམ་ཞུགས་མི་གནང་བའི་འབོད་སྐུལ་ཞུས་སོང་།

བོད་ཀྱི་དུས་བབ།
༢༠༢༡/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཐད་སྣང་མེད་ཤོར་གྱི་ཡོད་ནའང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་སེར་སྐྱ་མི་མང་ཡོངས་ནས་རིམས་ནད་སྔོན་འགོག་གི་བྱེད་སྒོའི་རིགས་མུ་མཐུད་སྤེལ་ཏེ་ནད་ཡམས་འགོས་ཁྱབ་མཚམས་འཇོག་ཐབས་གནང་བའི་འབོད་སྐུལ་ཞུ་ཡི་འདུག

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་ནས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཐེངས་ ༤༩ སྤེལ་བའི་སྟེང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་ངག་དབང་བསྟན་འཛིན་ལགས་ཀྱིས། ཏོག་དབྱིབས་ནད་རིམས་དང་འབྲེལ་བའི་བོད་མིའི་སྒྲིག་འཛུགས་ཀྱི་གསལ་བསྒྲགས་དང་གསལ་བཤད་གསུམ་གནང་སྐབས། རྒྱ་གར་གཞུང་ནས་སྔོན་ཁབ་ཐེངས་གཉིས་པ་མགོ་འཛུགས་གནང་གི་ཡོད་པའི་ནང་། ལོ་ ༦༠ ཡན་གྱི་མི་མང་དང་། ལོ་ ༤༥ ནས་ ༥༩ བར་ཏོག་དབྱིབས་ནད་ཕོག་པའི་མི་མང་ལ་སྔོན་འགོག་ཁབ་རྒྱག་རྒྱུ་ཡིན་པའི་གསལ་བསྒྲགས་ཐོན་ཡོད་པ་ལྟར། བཙན་བྱོལ་བོད་མིའི་ས་གནས་ཁག་ཅིག་ཐད་ཀར་རྒྱ་གར་གཞུང་གི་སྨན་ཁང་དང་ཁག་ཅིག་གིས་ས་གནས་མགོ་འཛིན་བརྒྱུད་ཐོ་འགོད་བྱེད་དགོས་ཀྱི་ཡོད་སྟབས། འཕྲོད་བསྟེན་ལས་ཁུངས་ནས་ས་གནས་མགོ་འཛིན་རྣམ་པ་དང་སྨན་ཁང་གི་འགན་འཛིན་རྣམས་ལ་ལམ་སྟོན་ཡི་གེ་ཞིག་ཕུལ་ཡོད་པ་དང་། རྒྱ་གར་གཞུང་གིས་གསར་དུ་ནད་གཞི་ཕོག་མཁན་རྣམས་ལ་སྔོན་ཁབ་རྒྱག་གི་ཡོད་པ་ལྟར། བོད་མི་ཚོས་རང་གི་ཉེ་འཁྲིས་ཀྱི་བོད་མིའི་སྨན་ཁང་གི་འགན་འཛིན་དང་ས་གནས་མགོ་འཛིན་རྣམ་པ་བརྒྱུད། རང་ཉིད་རྒྱ་གར་གཞུང་གི་སྔོན་ཁབ་བརྒྱབ་རྒྱུའི་ཐོ་ཁོངས་སུ་ཞུགས་ཐུབ་ཀྱི་ཡོད་མེད་བཀའ་འདྲི་ཞུ་དགོས་པའི་ལམ་སྟོན་གནང་སོང་།

ཡང་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཐད་སྣང་མེད་ཤོར་གྱི་ཡོད་པ་ལྟར། ལོ་གསར་ཚར་བ་དང་བཙན་བྱོལ་བོད་མིའི་ཁྲོད་ཏོག་ནད་འགོས་ཁྱབ་བྱུང་བ་ཁག་ཅིག་འབྱུང་གི་ཡོད་སྟབས། བོད་མི་ཚོས་དུས་རྒྱུན་ལྟར་ཏོག་དབྱིབས་སྔོན་འགོག་གི་ལས་དོན་རྒྱུན་སྐྱོང་གནང་རྒྱུ་དང་དེ་འབྲེལ་ཐད་དོགས་གཞི་དང་སེམས་ཁམས་འཕྲོད་བསྟེན་སོགས་ཀྱི་དཀའ་ངལ་ཡོད་རིགས་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་དང་སྨན་པ་རྣམས་ལ་འབྲེལ་བ་གནང་རྒྱུ་གལ་ཆེན་ཡིན་སྐོར་དང་། ད་ལྟ་གསུམ་བཅུའི་དུས་དྲན་བསླེབ་གྲབས་ཡོད་པ་དང་བསྟུན་བོད་མིའི་ཚོགས་སྡེ་ཁག་གི་གཞུང་འབྲེལ་མཛད་སྒོ་སོགས་ཀྱི་སྐབས། བོད་མི་ཚོས་ཁ་རས་གྱོན་པ་དང་རྒྱང་ཐག་ཧྥེ་ཊི་དྲུག་འཇོག་རྒྱུ་དང་། དམིགས་བསལ་དུས་ཚིགས་བརྗེ་འགྲོ་ཡི་ཡོད་པའི་སྐབས་འདིར་གོས་ཆས་ཏག་ཏག་གྱོན་ཏེ་ཆམ་ནད་རིགས་ལ་སྣང་མེད་མི་གཏོང་བ་དང་། གལ་སྲིད་ཆམ་ནད་ཀྱི་ནད་རྟགས་ཡོད་མཁན་རིགས་ཡིན་ཚེ། གསུམ་བཅུའི་དུས་དྲན་ལ་མཉམ་ཞུགས་མི་གནང་བ་སོགས་ཀྱི་འབོད་སྐུལ་ཞུས་གནང་སོང་།

ནད་པའི་གནས་སྟངས་སྐོར་ལ་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས། རྒྱ་གར་ནང་འདས་པའི་བདུན་ཕྲག་གཅིག་གི་ནང་བོད་མི་གྲངས་ ༧ ལ་འགོག་ཁབ་བརྒྱབས་ཏེ། ད་བར་ཁྱོན་བོད་མི་གྲངས་ ༤༡༣ འགོག་ཁབ་བརྒྱབས་ཡོད་སྐོར་དང་། འདས་པའི་བདུན་ཕྲག་ནང་བོད་མི་གྲངས་ ༡༨༠༥ ལ་ཏོག་དབྱིབས་གཉན་རིམས་དང་འབྲེལ་ནས་བརྟག་དཔྱད་བྱས་ཡོད་པ་དང་། དྷ་ས་ཁུལ་དུ་བོད་མི་གྲངས་ ༥༥ དང་ས་གནས་གཞན་ཁག་ཅིག་བཅས་ཁྱོན་བོད་མི་གྲངས་ ༦༡ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པའི་ཁྲོད། བགྲེས་ཤོས་དེ་ལོ་ན་ ༨༦ དང་ཆུང་ཤོས་ལོ་ན་ ༡༥ ཡིན་པ་དང་། འདས་གྲོངས་སུ་ཕྱིན་པ་གཅིག་ཀྱང་བྱུང་མེད་སྐོར་འགྲེལ་བརྗོད་གནང་སོང་།

གསར་འགོད་གསལ་བསྒྲགས་སྟེང་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། རང་རེའི་བོད་མིའི་སྤྱི་ཚོགས་ནང་གི་ཚོགས་སྡེ་ཆེ་ཁག་དང་དགོན་སྡེའི་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་འགྲོ་རྒྱུ་མྱུར་པོ་ཡིན་སྟབས། ཚོགས་པ་དང་སློབ་གྲྭ་ཁག་གིས་རང་ཁོངས་ཀྱི་མི་རྣམས་ཕྱི་ལོགས་སུ་གཏོང་གི་མེད་ནའང་། ནང་ལ་སྡོད་སྐབས་ངེས་པར་དུ་ཁ་རས་གྱོན་དགོས་པ་དང་། དེ་བཞིན་རླུང་གི་འགྲོ་རྒྱུག་ལེགས་པ་ཡོང་ཆེད་དགོན་སྡེ་ཁག་གི་ཆོས་ར་རྣམས་ཕྱི་ལ་འཚོག་རྒྱུ་དང་། སློབ་གྲྭ་ཁག་གི་དངོས་སུ་འཛིན་གྲྭ་འཚོག་སྐབས་ཀྱང་འཛིན་གྲྭའི་སྒོ་དང་སྒེའུ་ཁུང་འབྱེད་རྒྱུ་དང་། སློབ་མ་ཡིན་ནའང་ཉུང་ཉུང་བྱས་ཏེ་འཆོག་ཐུབ་ན་ལེགས་པོ་ཡོད་སྐོར་དང་། གཞན་ཡང་སྤྱི་ཐབ་ཡོད་པའི་ཚོགས་སྡེ་ཁག་གིས་མ་བྱན་ཞིག་ཆེད་དུ་བསྐོས་ཏེ་ཞལ་ལག་བགོ་འགྲེམ་བྱ་དགོས་པ། དེ་བཞིན་ཕྱི་ནས་ཕེབས་པའི་མི་རྣམས་ངེས་པར་དུ་འགོག་དབྱེ་ཟུར་འཇོག་ཁང་དུ་བཞག་སྟེ་ན་ཚ་ཡོད་མེད་བརྟག་དཔྱད་བྱ་དགོས་པ་དང་། གལ་ཏེ་དགོན་པ་དང་སློབ་གྲྭ་ཁག་གི་མི་སུ་འདྲ་ཞིག་ལའང་ཆམ་པ་ལྟ་བུ་ཕོག་ཚེ། ཆམ་ནད་རེད་སྙམ་ནས་སྣང་མེད་མི་འཇོག་པར་འཕྲལ་དུ་ཏོག་དབྱིབས་གཉན་རིམས་ཡིན་མིན་བརྟག་དཔྱད་བྱ་དགོས་ཤིང་། དེ་ལྟར་བྱས་ཚེ་གཉན་རིམས་གཞན་ལ་འགོས་ཁྱབ་མི་འགྲོ་བར་ཕན་ཐོགས་ཀྱི་ཡོད་སྐོར་བརྗོད་གནང་སོང་།

དེ་རིང་གི་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་གནས་ཚུལ་ལྟར་ན། རྒྱལ་བལ་གཉིས་ཀྱི་ནང་ད་ལྟ་བར་དུ་ཁྱོན་བོད་མི་ཏོག་དབྱིབས་ནད་པ་གྲངས་ ༡༦༠༡ བྱུང་ཡོད་པའི་ཁྲོད་དྲག་སྐྱེད་བྱུང་བ་གྲངས་ ༡༤༨༥ དང་། རྐྱེན་འདས་སུ་ཕྱིན་པ་གྲངས་ ༤༡། ནད་མནར་འོག་ཡོད་མཁན་གྲངས་ ༧༥ ཙམ་ཡོད་འདུག དེ་བཞིན་ཕྱི་རྒྱལ་ཁག་གི་བོད་མིའི་གྲངས་འབོར་ལ་གསར་སྣོན་བྱས་མེད་ནའང་། ཟླ་འདིའི་ཕྱི་ཚེས་ ༣ ཉིན་འདི་ག་གསར་ཁང་ལ་འབྱོར་བའི་གནས་ཚུལ་ལྟར་ན། འདས་པའི་བདུན་ཕྲག་གཉིས་ཙམ་རིང་སྦེལ་ཇམ་དུ་བོད་རིགས་ཁྱིམ་ཚང་ ༡༦ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པའི་ཁྲོད་རྐྱེན་འདས་སུ་ཕྱིན་པ་གཅིག་ཀྱང་བྱུང་ཡོད་མི་འདུག

གསར་འགོད་པ། པ་སངས་ཚེ་རིང་། ཀླུ་མགོན་ཐར། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese