མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱབས་འགྲོའི་ཚིག་འདོན་པ་ཙམ་མིན་པར་དཀོན་མཆོག་གསུམ་གང་འདྲ་ཡིན་ཤེས་དགོས།

བོད་ཀྱི་དུས་བབ།
༢༠༢༡/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐེག་པ་ཆེན་པོ་དང་ཐེག་པ་ཆུང་ངུ་ཞེས་པའི་ཚིག་དེ་ཡག་པོ་མི་འདུག་པས་ཁོང་ནས་དུས་རྒྱུན་ལེགས་སྦྱར་གྱི་ཆོས་བརྒྱུད་དང་པཱ་ལིའི་ཆོས་བརྒྱུད་ཅེས་སྐད་ཡིག་ཐོག་ནས་དབྱེ་བ་འབྱེད་ཀྱི་ཡོད་ཅེས་གསུངས་འདུག

དེ་རིང་སིང་གྷ་པུར་དུ་རྟེན་གཞི་བྱས་པའི་སིང་གྷ་པོར་བོད་ཀྱི་རིག་གཞུང་ཚོགས་པ་གཙོས་པའི་ནང་བསྟན་ཆོས་ཚོགས་ཁག་མཉམ་འབྲེལ་གྱིས་གོ་སྒྲིག་ཞུས་པའི་ཉིན་གྲངས་གསུམ་རིང་གི་བསླབ་པ་གསུམ་སྐོར་གྱི་རྒྱལ་སྤྱིའི་ཚོགས་ཆེན་དྲ་ལམ་ནས་དབུ་འབྱེད་གནང་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས། སངས་རྒྱས་ཀྱི་ཆོས་དེ་ལོ་ ༢༥༠༠ ལྷག་ཕྱིན་པའི་ཆོས་བརྒྱུད་ཅིག་ཆགས་ཡོད་པ་རེད། དེང་སྐབས་འཛམ་གླིང་འདིར་དེ་སྔ་ནང་པ་མིན་མཁན་ཚོས་སངས་རྒྱས་པའི་ཆོས་ལ་བརྟག་དཔྱད་བྱས་ཏེ་དམིགས་བསལ་ཞིག་ཡོད་པ་དང་། དེ་བཞིན་ཚན་རིག་པའི་ནང་ལའང་དོ་སྣང་ཡོང་གི་འདུག དེར་བརྟེན་ང་ཚོས་དུས་རྒྱུན་ཐེག་པ་ཆེན་པོ་དང་ཐེག་པ་ཆུང་ངུ་ཞེས་བཤད་ཀྱི་ཡོད་པ་རེད། ཚིག་དེ་ཡག་པོ་མི་འདུག ངས་དུས་རྒྱུན་དེར་ལེགས་སྦྱར་གྱི་ཆོས་བརྒྱུད་དང་པཱ་ལིའི་ཆོས་བརྒྱུད་ཅེས་སྐད་ཡིག་ཐོག་ནས་ཆོས་དབྱེ་བ་འབྱེད་ཀྱི་ཡོད། པཱ་ལིའི་ཆོས་བརྒྱུད་ནང་འདུལ་བ་དང་བསླབ་པ་གསུམ་གྱི་ཉམས་བཞེས་དེ་དག་གཞི་རྩ་བྱས་ནས་ཡོད་པ་རེད། དེ་བཞིན་ན་ལེནྜའི་ལེགས་སྦྱར་གྱི་ཆོས་བརྒྱུད་ལ་ཆ་བཞན་ནའང་བསླབ་པ་གསུམ་གྱི་ཉམས་ལེན་དེ་གཙོ་བོ་རེད། སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་ཚང་མ་དགེ་སློང་འདུལ་བ་འཛིན་པ་ཤ་སྟག་རེད། གང་ལྟར་ང་རང་ཚོས་མིག་དཔེ་ལྟ་ས་དེ་བཅོམ་ལྡན་འདས་རེད། བཅོམ་ལྡན་འདས་ཁོང་རང་ཡང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། དེ་ནས་རབ་བྱུང་གི་སྒོ་ནས་བསྙེན་པར་རྫོགས། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་སྟོན་སྐབས་འདུལ་བའི་ཉམས་ལེན་དེ་དག་གཞི་མར་བཞག་ནས། དེ་ཚུལ་ཁྲིམས་ཀྱི་བསླབ་པ་བྱས་པ་དང་། དེ་ནས་གཞི་རྩ་དགེ་ཚུལ་དང་དགེ་གཉེན་དེ་འདྲ་ཡོད་པ་རེད་དེ། གཙོ་བོ་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་དེ་མཆོག་ཏུ་རྩི་ཡི་ཡོད་པ་རེད། པཱ་ལིའི་གཞུང་ནང་ཆ་བཞག་ནའང་འདུལ་བའི་ཉམས་ལེན་དེ་རྨང་གཞི་ཆགས་ཡོད་པ་རེད། ལེགས་སྦྱར་གྱི་ཆོས་བརྒྱུད་ནང་དུའང་འདུལ་བ་དེ་གཙོ་བོ་ཆགས་ཡོད་པ་རེད། ཅེས་གསུངས་འདུག

ཡང་ཁོང་གིས། ང་རང་མི་ཞིག་ཡིན་པའི་ཆ་ནས་འཛམ་གླིང་འདིར་བྱམས་བརྩེ་གོང་མཐོར་སྤེལ་གྱི་ཡོད། སྐྱེ་བ་སྔ་ཕྱི་དང་ཆོས་ལུགས་ཀྱི་སྐད་ཆ་མེད་པར་མི་བཟང་པོ་ཞིག་བྱ་རྒྱུ་དང་། ང་མི་ཞིག་ཡིན་པའི་ཆ་ནས་དེ་རིམ་པ་དང་པོར་རྩི་ཡི་ཡོད། རིམ་པ་གཉིས་པ་དེ་ང་ཆོས་པ་ཞིག་རེེད། ཆོས་པ་ཞིག་ཡིན་པའི་ངོས་ནས་འཛམ་བུ་གླིང་འདིའི་སྒང་གི་ཆོས་ལུགས་ཚང་མར་ལྟ་གྲུབ་མི་འདྲ་བ་རེ་ཡོད་རེད་དེ། ཡིན་ནའང་སེམས་པ་བཟང་པོ་དང་བྱམས་བརྩེ་དགོས་པ་ཆོས་ལུགས་ཚང་མས་གསུང་གི་ཡོད། དེར་བརྟེན་ལྟ་གྲུབ་མི་འདྲ་བ་ནང་པ་རང་གི་ནང་ལའང་ཡོད་རེད། དཔེར་ན་ན་ལེནྜའི་ཆོས་བརྒྱུད་རང་གི་ནང་དུའང་ལྟ་གྲུབ་མི་འདྲ་བ་ཡོད་རེད། ལྟ་གྲུབ་མི་འདྲ་བ་དེ་དག་ཁམས་དང་མོས་པའི་ཁྱད་པར་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། འོན་ཀྱང་དེ་ཐམས་ཅད་ཀྱིས་སེམས་པ་བཟང་པོ་དང་གཞན་ཕན་གྱི་ལྷག་བསམ་ཡོད་དགོས་པའི་གཅིག་གྱུར་བསླབ་བྱ་གསུང་གི་ཡོད་པ་རེད། དེ་བཞིན་འཛམ་གླིང་སྟེང་གི་ཆོས་ལུགས་རྣམས་དུམ་བུ་ལྟ་བུ་གཉིས་ལ་ཕྱེས་ན། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཞིག་དང་མི་འདོད་མཁན་གཅིག་ཅེས་ཡོད་པ་རེད། དེ་གཉིས་ཀར་ལྟ་གྲུབ་མི་འདྲ་བ་ཡོད་ནའང་། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་འཇིག་རྟེན་བཀོད་པ་པོ་བྱམས་བརྩེའི་བདག་ཉིད་རེད། ང་ཚོ་ཚང་མས་འཇིག་བརྟེན་བཀོད་པ་པོ་བྱམས་བརྩེའི་བདག་ཉིད་དེས་བཀོད་པ་རེད། ཅེས་ཟེར་གྱི་ཡོད། དེ་བཞིན་ང་ཚོའི་ཕ་ཡི་ཚོད་ལྟ་བུ་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་དེ་བྱམས་བརྩེའི་བདག་ཉིད་ཡིན་དུས། ང་ཚོ་དཀོན་མཆོག་དེའི་སྲས་ལྟ་བུ་ཆགས་བསྡད་ཡོད་པ་རེད། དེར་བརྟེན་ང་ཚོ་ཚང་མས་བྱམས་བརྩེ་ལྡན་པ་ཞིག་བྱ་དགོས་ཀྱི་འདུག་ཟེར་རྒྱུ་དེ་ཆོས་ལུགས་ཚང་མས་གསུང་གི་འདུག དེ་ནས་ང་ཚོ་སངས་རྒྱས་པའི་ཆོས་ལུགས་ནང་དུ་ན་ལེནྜའི་ཆོས་བརྒྱུད་དང་པཱ་ལིའི་ཆོས་བརྒྱུད་ཅེས་མི་འདྲ་བ་གཉིས་ཡོད་པ་རེད། གང་ལྟར་པཱ་ལིིའི་གཞུང་དེ་དག་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་ལྟ་བུ་ཆགས་བསྡད་ཡོད་པ་རེད། ལེགས་སྦྱར་གྱི་ཆོས་བརྒྱུད་ནང་དུའང་འདུལ་བའི་ཉམས་ལེན་རྨང་གཞི་རེད། དེ་ལ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བ་དང་། ཕལ་ཆེན་སྡེ་བ། མང་བཀུར་བའི་སྡེ་བ་ཞེས་མང་པོ་ཡོད་རེད། ང་ཚོ་བོད་ལ་ཕལ་ཆེར་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བ་རེད་འདུག དེ་ནས་རྒྱ་ནག་ལ་ཆོས་སྲུང་གི་སྡེ་བ་རེད། གང་ལྟར་སྡེ་བ་མི་འདྲ་བ་ཡོད་རེད་དེ། ཚང་མར་སོ་སོར་ཐར་པ་གཅིག་པ་རེད་འདུག ཅེས་སོགས་བཀའ་སློབ་བསྩལ།

བཀའ་སློབ་བསྩལ་གནང་གྲུབ་རྗེས། ཚོགས་ཆེན་ལ་མཉམ་ཞུགས་གནང་མཁན་བཙུན་མ་ཞིག་གིས་ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་གཉིས་བར་ལ་འབྲེལ་ལམ་སྐྲུན་ཐབས་སྐོར་བཀའ་སློབ་གནང་རྒྱུའི་རེ་སྐུལ་ཞུས་པ་བཞིན་མགོན་པོ་མཆོག་གིས། ད་ཐེངས་ལྟ་བུའི་ཆོས་བརྒྱུད་གཉིས་ཀའི་མཁས་པ་རྣམས་ལྷན་འཛོམས་ཐོག་ནས་བགྲོ་གླེང་བྱེད་ཐུབ་ཚེ། ཆོས་བརྒྱུད་གཉིས་ཀའི་གཞི་རྩ་གཅིག་པ་ཡིན་པ་ཤེས་རྟོགས་ཐུབ་ཀྱི་ཡོད་པས། འདི་ལྟ་བུའི་ཚོགས་འདུ་ནི་གལ་ཆེན་པོ་ཡིན་པ་མ་ཟད་དགོས་གལ་ཡང་ཆེ་སྐོར་བཀའ་སློབ་བསྩལ་འདུག ཡང་ནང་པའི་རྗེས་འཇུག་པ་བཟང་པོ་ཇི་ལྟར་བྱ་དགོས་ཚུལ་གྱི་བཀའ་འདྲིར་བཀའ་ལན་གནང་སྐབས། ང་ཚོས་སྐྱབས་འགྲོའི་ཚིག་འདོན་པ་ཙམ་མིན་པར། སངས་རྒྱས་ཞེས་པ་དང་། ཆོས། དགེ་འདུན་ཞེས་པ་གང་འདྲ་ཞིག་ལ་གོ་དགོས་མིན་ཤེས་དགོས་ལ། དེ་ལྟར་ཤེས་པ་ལ་སློབ་སྦྱོང་བྱ་དགོས་སྐོར་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

ཆུ་ཚོད་ ༨ སྔོན་ལ།
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༡༠ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese