མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གི་འཁྱོག་བཤད་ལོག་འགྲེལ་དང་གནས་ཚུལ་རྫུན་བཟོའི་རིགས་ལ་དོགས་ཟོན་དགོས།

བོད་ཀྱི་དུས་བབ།
༢༠༢༡/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

——རྒྱ་གཞུང་གི་འཁྱོག་བཤད་ལོག་འགྲེལ་དང་གནས་ཚུལ་རྫུན་བཟོའི་རིགས་ལ་དོགས་ཟོན་དགོས་པའི་སྐོར་གྱི་བསམ་གཞིགས།

བསྟན་འཛིན་དགྲ་ལྷ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་།

དུས་རབས་ཉེར་གཅིག་ནི་དྲ་རྒྱས་ཁ་ལོ་བསྒྱུར་བའི་དེང་རབས་ཀྱི་སྤྱི་ཚོགས་གསར་པ་ཞིག་ལ་གོམ་འགྲོས་བྱེད་བཞིན་པ་དང་།  དྲ་རྒྱ་ནི་མིའི་རིགས་ཀྱི་བསམ་བློའི་སྒོ་མོ་ཕྱེ་བ་དང་དངོས་ཤུགས་བརྒྱུད་གསུམ་གྱིས་ཉེ་འཁོར་དང་ཐག་རིང་ཕྱོགས་ཡོངས་ཀྱི་རྒྱལ་སྤྱིའི་གནས་ཚུལ་སྔ་ཕྱི་བར་གསུམ་དང་བདེན་རྗུན་དེ་མ་ཉིད་དུ་རྟོགས་མི་ཐུབ་པ་དང་དུས་ཚོད་ཀྱི་ཚགས་སྒྲ་རེ་ལ་ཁྱབ་སྤེལ་ཐུབ་པའི་ནུས་པ་ལྡན།  ད་ཆ་འཛམ་གླིང་གི་འགྱུར་འགྲོས་དང་མཐུན་པའི་ཆབ་དཔལ་རིག་གསུམ་གྱི་གནས་ཚུལ་མཐའ་དག་དྲ་རྒྱའི་ནང་ཀུན་གསལ་མེ་ལོང་བཞིན་ཁྱབ་གདལ་འགྲོ་བཞིན་གདའ།  སྟོབས་ཆེན་རྒྱལ་ཁབ་ཨ་རི་གཙོས་པའི་ཡུ་རོབ་སྤྱི་མཐུན་དང་མནའ་འབྲེལ་རྒྱལ་ཁབ་ཕལ་མོ་ཆེས་དྲ་རྒྱའི་སྟངས་འཛིན་དང་གནས་ཚུལ་མཁོ་སྒྲུབ་ཆེད། ལོ་ལྟར་རྒྱལ་ཁབ་ཀྱི་སྔོན་རྩིས་ནང་དམངས་སྒོར་དུང་ཕྱུར་བརྒྱ་ཕྲག་མང་པོའི་འགྲོ་སོང་གཏོང་རྒྱུར་ཐེ་ཚོམ་མེད་པར་ཚོང་རའི་མདུན་ཕྱོགས་ཀྱི་རྒྱལ་ཁའི་འགྲན་རྩོད་ནང་འགྲུལ་བཞུད་བྱེད་བཞིན་ཡོད།   རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་ལྟ་སྲུང་གི་འགྲོ་གྲོན་ལོ་ལྟར་ཇེ་མཐོར་འགྲོ་བཞིན་པ་དང་ཕྱི་ལོ་༢༠༢༡ལོར་གོ་ལ་ཡོངས་ཀྱི་འགྲོ་གྲོན་སྒོར་ཐེར་འབུམ་བརྒྱར་བསླེབ་ལ་ཉེ།  རྒྱལ་ཁབ་སོ་སོས་སྟངས་འཛིན་བྱེད་བཞིན་པའི་དྲ་རྒྱ་དང་དེའི་ནང་གི་གནས་ཚུལ་གཏོར་རྒོལ་བྱུང་ཚེ་དེ་བས་ཀྱང་འགྲོ་སོང་ལྡབ་འགྱུར་གྱིས་ཆེ་རུ་འགྲོ་སྲིད་པ་རྒྱལ་སྤྱིའི་མཁས་པ་མང་པོས་སྔོན་དཔག་བྱས་ཡོད། ༢༠༢༠ལོའི་ལོ་མཇུག་ཏུ་སི་ཀྲི་སིག་ཉམས་ཞིབ་ལྟེ་གནས་ཁང་གི་གྲངས་ཐོ་གཞིར་བཟུང་མི་འབོར་ཐེར་འབུམ་གཅིག་དང་ས་ཡ་བཞི་བརྒྱ་ཡོད་པའི་རྒྱ་ནག་ཡུལ་གྲུའི་ནང་དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་གྱི་གྲངས་ཚད་ནི་ས་ཡ་༩༨༩[1]ཡོད་པ་དང་སྟབས་བདེའི་ལག་ཐོག་ཁ་པར་བེད་སྤྱོད་བྱེད་མཁན་ལོ་རེ་བཞིན་གྲངས་ཀ་འཕར་བཞིན་པའི་གནས་སྟངས་མངོན་གསལ་བསྟན་ཡོད།

རྒྱ་ནག་གི་སྔ་ཕྱི་བར་གསུམ་གྱི་ལོ་རྒྱུས་བརྒྱུད་རིམ་ཀུན་ཏུ་དམར་ཤོག་གི་སྤྱི་ཁྱབ་གཙོ་འཛིན་མའོ་ཙེ་ཏུང་གཙོས་པའི་གཅིག་མཇུག་གཉིས་མཐུད་ནས་དམར་པོའི་རིང་ལུགས་ཀྱི་ལྟ་བ་སྲོག་ཤིང་དུ་འཛིན་པའི་སྲིད་དོན་དྲིལ་བསྒྲགས་དང་། བོད་དོན་སྐོར་གྱི་གནས་ཚུལ་སྐོར་ལ་མཐའ་གཅིག་ཏུ་འཁྱོག་བཤད་དང་། ལོག་འགྲེལ། དོན་དངོས་ཀྱི་བདེན་པ་གཡོ་འགེབས་དང་རྫུན་སྒྲིག་བྱེད་པ་སོགས་ཀྱི་ཆེད་མི་མང་ནང་བསམ་བློའི་སློབ་གསོའི་མིང་ཐོག་ནས་མགོ་བསྐོར་བསླུ་བྲིད་བཏང་སྟེ་ཚད་ལས་བརྒལ་བའི་ནག་ཉེས་བསགས་ཡོད་པ་ནི་ད་ཆ་ལོ་རྒྱུས་ལ་ཕྱིར་ལྟ་བྱས་ཚེ་གསལ་པོར་ཤེས་ཐུབ།  སྐབས་དེར་རྒྱ་ནག་ཁྱོན་ཡོངས་ལ་ཆབ་སྲིད་ཀྱི་འཁྲུག་ཟིང་བྱུང་བའི་ཁྲོད་ཡུལ་ལུང་གང་སར་ལས་དོན་རུ་ཁག་སྐོང་འཚོགས་བྱས་པའི་ཐོག་དྲིལ་བསྒྲགས་ལས་རིམ་བསྟུད་མར་སྤེལ་བ་དང་། མི་མང་གི་སེམས་ནང་ཉིན་མཚན་འཁྱོལ་དཀའ་ཞིང་དཀའ་སྡུག་སྣ་ཚོགས་ལ་གདོང་གཏོད་དགོས་བྱུང་བའི་ལོ་ཟླ་བསྐྱལ་ཡོད།

ད་ཆ་རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིང་གིས་དམར་པོའི་རིང་ལུགས་དྲིལ་བསྒྲགས་དང་བསམ་བློ་གཅུན་སྡོམ་གྱི་ལས་ཀའི་ནུས་ཤུགས་འཕར་མ་ལག་བསྟར་བྱས་ཏེ། རྒྱ་ནག་ནང་དྲ་རྒྱའི་བཀོལ་སྤྱོད་རང་དབང་ལ་ཕྱོགས་ཡོངས་ནས་སྟངས་འཛིན་དང་མི་མང་གི་སྨྲ་བརྗོད་རང་དབང་ལ་སྔར་ལས་སྡུག་པའི་བཀག་སྡོམ་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་ཚུལ“རྒྱལ་སྤྱིའི་ཉམས་ཞིབ་ལྟེ་གནས་ཁང”གི་སྙན་ཐོ་འདྲ་མིན་ནང་གསལ་ཁ་ཐོན་ཡོད་ཅིང་། རྒྱ་ནག་གི་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་ལ་འགོག་རྐྱེན་མི་ཡོང་བའི་ཆེད་དྲ་རྒྱའི་སྟངས་འཛིན་གྱི་རྣོ་ངར་རང་བཞིན་དང་ཚད་མཐོའི་འཕྲུལ་རིགས་ལ་སྔར་ལས་ལྷག་པའི་མ་འཇོག་དང་ལྟ་སྲུང་ནན་པོ་བྱེད་བཞིན་འདུག་པའི་སྐོར་ཡང་ཉེ་ཆར“རང་དབང་གི་ཁང་པ”[2]ཡི་སྙན་ཐོའི་ནང་། རྒྱ་ནག་ནི་བསྟུད་མར་ལོ་དྲུག་རིང་འཛམ་གླིང་རྒྱལ་ཁབ་ཀུན་ལས་དྲ་རྒྱའི་བཀོལ་སྤྱོད་རང་དབང་ཆེས་སྡུག་ཤོས་ཡིན་པ་མངོན་གསལ་དུ་བརྗོད་ཡོད།

བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་རྒྱལ་ཁབ་ཁག་ནང་མཁྲེགས་འཛིན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་ཚད་མཐོའི་འཕྲུལ་རིགས་ཀྱི་ལམ་ནས་མི་མང་གི་སེམས་ཁམས་དང་འགྲོ་འདུག་སྤྱོད་གསུམ་ལ་དམིགས་བསལ་གྱི་སྟངས་འཛིན་དང་ལྟ་རྟོག་འཕར་མའི་སྒོ་ནས་དོགས་གཟོན་ཅན་གྱི་སྤྱི་ཚོགས་ཞིག་བསྐྲུན་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། རྒྱ་གཞུང་གིས་ཆེད་ལས་མི་སྣ་སྐྱེད་སྲིང་ཐོག་བོད་པའི་སྤྱི་ཚོགས་ཐོག་མཐའ་བར་གསུམ་ཀུན་ཏུ་མི་རྒྱུ་གཉིས་ཀྱི་འགྲོ་སོང་བཏང་སྟེ། བོད་ཆོལ་གསུམ་གོང་བུ་གཅིག་གྱུར་དང་བོད་པའི་ཆོས་བརྒྱུད་གྲུབ་མཐའ་བར་མཐུན་སྒྲིག་ཡོང་བའི་དམ་ཚིག་ཉམས་སླད་ད་ཆ་དྲ་རྒྱ་བརྒྱུད་ནས་ཁུངས་མི་དག་པའི་འཁྱོག་བཤད་དང་རྫུན་སྒྲིག་གི་གནས་ཚུལ་ཚད་ལས་བརྒལ་བ་བརྒྱུད་སྤེལ་གཏོང་བཞིན་ཡོད། ལྷག་པར་དམིགས་བསལ་འོས་བསྡུ་ཆེན་མོའི་དུས་སྐབས་སུ་དངོས་རྟོག་བདེན་རྫུན་གྱི་ལམ་ནས་སྲིད་སྐྱོང་འོས་མི་ཁག་བཞི་གཙོས་པའི་ཆོལ་གསུམ་འོས་མི་སྤྱི་དང་ལྷག་པར་ཆོས་ལུགས་ཆེན་པོ་ལྔའི་འཐུས་མི། ཡོ་རོབ་དང་ཨ་རི་དེ་བཞིན་ཨོ་སོ་ཋོ་རིཡ་བཅས་ནས་འོས་མིར་བཞེངས་མཁན་གྱི་འོས་མི་ཡོངས་ཐུན་མོང་གྱི་དམིགས་ཡུལ་ཉག་གཅིག་སྟེ་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་གཉན་འཕྲང་ཅན་གྱི་དུས་སྐབས་ལ༧གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་བ་དོན་གྱི་བདག་པོར་སྒོ་གསུམ་གུས་པས་སྤྱི་བོར་མཆོད་པའི་ཀུན་སློང་ཡང་དག་རྣམས་སྤྱི་ཚོགས་དྲ་རྒྱའི་ནང་འུར་ཟིང་དང་མ་ཉེས་ཁག་གཡོགས། རྫུན་འགེབས་བཅོས་སྒྲིག འཁྱོག་བཤད་ལོག་འགྲེལ། གཞི་མེད་སྐྱོན་འཛུགས་དང་བོད་རིགས་ནང་ཁུལ་བར་ཕྱོགས་ལྷུང་གི་འགལ་ཟླ་ཡོང་སླད་དྲ་རྒྱའི་ནང་སོ་སོའི་ཐོབ་ཐང་དང་ངོ་རིས་ཆ་མི་འཚལ་བ་དང་ཁ་བྱང་འཐུས་ཚང་མེད་པའི་གང་ཟག་མང་དག་ཅིག་གིས་གོ་སྐབས་བཟུང་སྟེ་དགྲ་དགའ་གཉེན་སྡུག་གི་ལས་ལ་འབད་བཞིན་ཡོད་པ་མངོན་གསལ་དུ་སྣང་།

དེ་ལྟར་རྒྱ་ནག་དམར་པོའི་སྲིད་གཞུང་ནས་ཆབ་སྲིད་ཀྱི་ལག་ཆར་གཡོ་འགུགས་བྱས་ཏེ་མངོན་ལྐོག་གི་བྱ་ངན་སྒྲུབ་པའི་ཆེད་མངགས་མི་སྣ་འབུམ་ལྔ་ནས་ས་ཡ་གཉིས་ཙམ་སྐྱེད་སྲིང་འོག་ཐ་ན་དྲ་ཐོག་མཆན་འགོད་པར་མཚོན་ནའང་། ལས་ཁུངས་མཐོ་གྲས་ཀྱི་འགོ་ཁྲིད་དང་། གཙོ་གནད་མི་སྣ། དེ་བཞིན་གསར་ལམ་ཆེ་ཁག་ནང་ལས་ཀ་གཉེར་བཞིན་པའི་གསར་འགོད་པ། ཉེན་རྟོག་པ་དང་ཁྲིམས་འཛིན་མི་སྣའི་གཞུང་ཞབས། ལྷག་པར་སློབ་གྲྭ་འགྲིམ་བཞིན་པའི་མཐོ་སློབ་མང་དག་ལ་སྐུལ་ལྕག་དང་སྦྲགས་ནས་རྒྱུ་དངོས་གང་རུང་གི་འགྲོ་སོང་འཕར་མ་བཏང་སྟེ། རྒྱ་ནག་གི་འཁྱོག་བཤད་ལ་མཐའ་གཅིག་ཏུ་རམ་འདེགས་དང་རྒྱབ་སྐྱོར་བྱེད་རྒྱུ་དང་། ཡང་སྒོས་སུ་འཐབ་ཕྱོགས་གཅིག་གྱུར་གྱིས་རྒྱ་ནག་དམར་ཤོག་གི་སྲིད་དབང་སྒེར་གཅོད་རིང་ལུགས་གཞིར་བཟུང་སྟེ་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱས་ཚེ་དོ་བདག་ལ་རྒྱུ་དངོས་གང་རུང་གི་རྔན་པ་གང་ལེགས་སྤྲོད་བཞིན་ཡོད། བོད་མི་རིགས་ཀྱི་གནས་བབ་དང་བདེ་སྡུག་ལ་བསམ་བློ་མི་གཏོང་བར་སོ་སོའི་ཁེ་ཕན་འབའ་ཞིག་གི་སླད་དུ་རྒྱ་ནག་དམར་གཞུང་གི་ཆབ་སྲིད་ཀྱི་ལག་ཆ་བྱས་ཏེ་མི་རིགས་གཡོ་བཙོང་བྱེད་པའི་བྱ་ངན་དེ་རིགས་བསྒྲུབས་ན། དེས་ནི་ཆོལ་གསུམ་བོད་རིགས་གོང་བུ་གཅིག་གྱུར་ཡོང་བའི་མཐུན་སྒྲིལ་ལ་གནོད་ཆེ་ཞིང་མཐའ་གཅིག་ཏུ་དགྲ་བོ་རྒྱ་དམར་གྱི་འདོད་ཐོག་ལ་བསྟུན་པ་ཡིན་ཕྱིར། སླད་ཕྱིན་བཙན་བྱོལ་ནང་གི་བོད་མི་རྣམས་རྒྱ་གཞུང་གིས་དྲ་ལམ་བརྒྱུད་ནས་སྤེལ་བའི་ཚུལ་མིན་གྱི་གནས་ཚུལ་རྫུན་བཟོའི་རིགས་ཏེ། དཔེར་ན། རྫུན་བཟོའི་བརྙན་ཐུང་དང་། ཡིག་ངོས་ཀྱི་དྲིལ་བསྒྲགས་རྫུན་མ། བོད་དོན་སྐོར་གྱི་འཁྱོག་བཤད་ལོག་འགྲེལ་སོགས་ལ་ཡིད་ཆེས་པ་དང་ཡང་ན་མགོ་འཐོམས་ནས་མི་འདུག་པར། བོད་མི་རིགས་རང་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་རྒྱ་དམར་གཞུང་གི་ངན་གཡོའི་བྱེད་ཐབས་ལ་གདོང་གཏོད་དུས་སོ་སོའི་ངོས་ནས་ཐོག་མར་བདེན་རྫུན་དབྱེ་བ་འབྱེད་པའི་རྣམ་དཔྱོད་དང་བསམ་བློའི་དབྱེ་ཞིབ་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་ཁ་ཚ་དགོས་གཏུགས་ཡིན་སྙམ། དམིགས་བསལ་དུ་དེང་སང་བོད་པའི་སྤྱི་ཚོགས་ནང་ཡུལ་གྲུ་འདྲ་མིན་ནས་དྲ་རྒྱར་ཞུགས་མཁན་ལ་ཤས་ཀྱིས་སོ་སོར་རྒྱུ་དངོས་ཀྱི་ཁེ་ཕན་འཐོབ་ཆེད། བོད་ཀྱི་བདེན་པའི་འཐབ་རྩོད་དང་བདེ་སྡུག་ལས་འགལ་བའི་ཚུལ་མིན་བྱ་སྤྱོད་སྤེལ་བཞིན་པ་ནི་བོད་རིགས་ནང་ཁུལ་མཐུན་སྒྲིལ་ལ་གནོད་ཆེ་བས་དེ་རིགས་སོ་སོའི་ངོས་ནས་བསམ་ཞིབ་གཏོང་བའི་ཞུ་སྐུལ་ཡོད།

­­­­­­­­­­­­­­­­­རང་རེའི་བོད་ཀྱི་བདེན་པའི་འཐབ་རྩོད་ནི་ཞི་བའི་འཐབ་རྩོད་དང་དུས་ཡུན་རིང་བའི་འཐབ་རྩོད་ཅིག་ཡིན་ཕྱིར། ད་ལྟའི་བར་དུ་བོད་ཕྱི་ནང་གི་བོད་རིགས་མི་དམངས་ཡོངས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་ངང་ནས་བླ་ན་མེད་པའི་སྙིང་སྟོབས་ལ་ཞུམ་པ་མེད་པར་བོད་ས་རྒྱ་ལག་ཏུ་ཤོར་ནས་མི་ལོ་༧༢ལྷག་འདས་པའི་རིང་ལ་བོད་རང་དབང་གི་སླད་དུ་ལུས་སྲོག་འཕངས་མེད་དུ་བློས་གཏོང་བྱས་ཏེ་རྒྱ་དམར་གཞུང་ལ་ངོ་རྒོལ་བྱས་ནས་ད་ལྟའི་བར་རྒྱུན་མ་ཆད་པར་ཡོད། ང་ཚོ་བོད་མི་རིགས་ལ་དྲག་པོའི་གོ་མཚོན་མེད་པར་ང་ཚོའི་ཞི་བའི་མཚོན་ཆ་ཉག་གཅིག་ནི་བོད་རིགས་ནང་ཁུལ་བར་མཐུན་སྒྲིལ་ཡོང་རྒྱུ་དང་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་བརྟེན་ནས་རྒྱ་ནག་གི་སྲིད་བྱུས་ལ་མཐའ་གཅིག་ཏུ་གདོང་གཏོད་རྒྱུ་དེ་ཡིན་པས། དེ་སྔ༧ཀུན་གཟིགས་བཅུ་པ་ཆེན་པོ་མཆོག་གི་ཞལ་ནས། “རྒྱ་མི་དེ་ཚོ་སྐྲག་ས་ནི་བོད་མིའི་མཐུན་སྒྲིལ་ཡིན”ཞེས་གསུང་སྐད་མཐོན་པོས་གསུངས་ཡོད་པ་བཞིན། དེ་ལྟར་རྒྱ་ནག་དམར་གཞུང་ནས་ངན་གཡོའི་བྱེད་ཐབས་འདྲ་མིན་འོག་བོད་མི་ནང་ཁུལ་གྱི་མཐུན་སྒྲིལ་དང་མི་རིགས་རྩ་འཐོར་ཡོང་སླད་འ་ཆད་འུ་ཐུག་གི་སྐྱུག་བྲོ་བའི་དྲ་རྒྱའི་འཇབ་རྒོལ་དང་དྲ་རྒྱའི་ནང་སྤྱི་ཚོགས་ཟང་ཟིང་དང་དཀྲོག་རྐྱེན་སྣ་དགུའི་ལས་འགུལ་མང་པོ་སྤེལ་བཞིན་པའི་ངོས་ནས་བོད་རིགས་སྤུན་ཟླ་ཚང་མས་ལེགས་ཉེས་དབྱེ་འབྱེད་ཀྱི་རྣམ་དཔྱོད་རྩལ་དུ་བཏོན་ནས་མི་རིགས་རང་ལ་གནོད་པའི་བྱ་ངན་རིགས་མི་སྒྲུབ་པ་དང་། དྲ་རྒྱའི་ནང་གི་གནས་ཚུལ་རྫུན་བཟོའི་རིགས་ལ་ཡིད་ཆེས་དེ་མ་ཉིད་དུ་མི་བྱེད་པར་བརྟག་དཔྱད་སྔོན་དུ་འགྲོ་བའི་དགོངས་པ་ཆེར་བཞེས་ཐོག་བོད་སྤྱི་པའི་ལས་དོན་ལ་ཧུར་བརྩོན་ཆེར་བསྐྱེད་སྒོ་ནས། ང་ཚོའི་འཐབ་རྩོད་ཀྱི་མེ་རོ་གསོན་པོར་གནས་ཐབས་ལ་ཆོལ་གསུམ་བོད་རིགས་སྤུན་ཟླ་ཐུན་མོང་གི་ཆིག་སྒྲིལ་དགོས་པ་གལ་ཆེ་ཕྱིར་རྒྱ་དམར་གྱིས་སྔ་ཕྱིར་ལག་བསྟར་བྱས་པའི་ངན་གཡོའི་བྱེད་ཐབས་སྣ་ཚོགས་ལ་རྣམ་པར་རྒྱལ་ཐུབ་དགོས་སོ། །བོད་རྒྱལ་ལོ། །

[1] https://www.statista.com/statistics/265140/number-of-internet-users-in-china/

[2] https://freedomhouse.org/country/india/freedom-world/2021

འབྲེལ་ཡོད་གསར་འགྱུར།

Police officers and forensic technicians work at the site of an explosion in the old quarters of Delhi, India, November 10, 2025. REUTERS/Adnan Abid
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རླངས་འཁོར་འགས་གཏོར་གྱི་དོན་རྐྱེན་བྱུང་།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས་སོང་།

ཆུ་ཚོད་ ༡༥ སྔོན་ལ།
Zhu Rikun said he felt that anyone involved could face threats or harassment if he did not cancel the event. Photograph: Marion Curtis/StarPix for NYFCCA/Shutterstock
Mobile App

རྒྱ་ནག་གི་རང་དབང་གློག་བརྙན་དུས་སྟོན་ཕྱིར་འཐེན་བྱས་འདུག

ཆུ་ཚོད་ ༡༧ སྔོན་ལ།
Mobile App

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

༢༠༢༥/༡༡/༠༧
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese