མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་གི་དཔོན་རིགས་ཚོར་ཉེས་ཆད་གཅོད་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་མི་མང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་ངོས་འཛིན་འོག་ཡུ་རོབ་མཐུན་ཚོགས་ནས་རྒྱའི་དཔོན་རིགས་ལྔ་ལ་དཔལ་འབྱོར་ཉེས་ཆད་གཅོད་རྒྱུའི་གཏན་འཁེལ་ཡོད་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད་གཉིས་ཀྱིས། ཡུ་རོབ་མཐུན་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་ ༢༧ ནས། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་ངོས་འཛིན་འོག རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ལྔའི་འགྲུལ་བཞུད་ཐོངས་མཆན་དང་ཡུ་རོབ་ནང་ཡོད་པའི་མི་སྒེར་གྱི་རྒྱུ་དངོས་སོགས་བཀག་འགོག་བྱས་ཏེ། ཁོ་ཚོར་དཔལ་འབྱོར་ཉེས་ཆད་གཅོད་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་ཡོད་པ་དང་། ད་རེབ་ནི་ཡུ་རོབ་མཐུན་ཚོགས་ནས་ཕྱི་ལོ་ ༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་རྗེས་ནས་རྒྱ་ནག་གི་དཔོན་རིགས་ཚོར་ཉེས་ཆད་བཅད་པ་ཐེངས་གཉིས་པ་ཆགས་ཀྱི་ཡོད་འདུག

ཐེངས་འདིའི་ཡུ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་ཉེས་ཆད་གཅོད་ཡུལ་ཁྲོད། རྒྱ་ནག་གཙོས་པའི་ཨུ་རུ་སུ་དང་ལེ་བྷེ་ཡ། ལྷོ་སོ་ཌན་དང་བྱང་ཀོ་རི་ཡ་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་འབྲེལ་ཡོད་དཔོན་རིགས་ཁྱོན་ ༡༡ ཡོད་པ་དང་། དམིགས་བསལ་རྒྱའི་དཔོན་རིགས་ལྔའི་ཁྲོད་གྲངས་ཉུང་མི་རིགས་ཀྱི་དཔོན་རིགས་གཅིག་ཡོད་པ་གསལ་འདོན་བྱས་པ་ཙམ་ལས། རྒྱ་ནག་གི་དཔོན་རིགས་དེ་དག་གི་མིང་དང་ལས་གནས་སོགས་ཀྱི་ཞིབ་ཕྲའི་རྒྱབ་ལྗོངས་གནས་ཚུལ་གང་ཡང་ཐེར་འདོན་བྱས་མེད་པ་དང་། འབྱུང་འགྱུར་ཕྱི་ཚེས་ ༢༢ ཉིན་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་རིམ་པའི་ཚོགས་འདུའི་ཐོག་དཔལ་འབྱོར་ཉེས་ཆད་གཏན་འབེབ་གནང་གཏན་འཁེལ་ཡོད་པ་ལྟར། གཞུང་འབྲེལ་གཏན་འབེབས་བྱས་རྗེས་དངོས་སུ་ལག་བསྟར་གནང་རྩིས་ཡོད་པ་རེད།་

ད་རེས་ཀྱི་དཔལ་འབྱོར་ཉེས་ཆད་ཀྱི་ཐག་གཅོད་དེ་ནི། ཉེ་སྔོན་རྒྱ་ནག་གཞུང་གིས་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཤིན་ཅང་ཁུལ་གྱི་ཡུ་གུར་མི་མང་གི་གནས་སྟངས་ལ་ཞིབ་འཇུག་སྐོར་སྐྱོད་ཅིག་བཀག་འགོག་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། སྐབས་དེར་ཡུ་རོབ་མཐུན་ཚོགས་ཀྱི་ཞིབ་འཇུག་ཚོགས་ཆུང་གིས། རྒྱ་ནག་གཞུང་ལ་བཙོན་འཇུག་འོག་ཡོད་པའི་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་དགེ་རྒན་ཆེན་མོ་སྐུ་ཞབས་ཨེལ་ཧམ་ཊོ་ཧ་ཊེ་ (Ilham Tohti) ལགས་སུ་ཐུག་འཕྲད་དང་ཁོང་ཀློད་གྲོལ་དགོས་པ། དེ་བཞིན་ཡུ་གུར་མི་མང་གི་འཚོ་བའི་གནས་སྟངས་ལ་རང་དབང་ཞིབ་འཇུག་བྱེད་ཆོག་པའི་དགོས་འདུན་བཏོན་ཡོད་སྟབས། རྒྱ་ནག་གིས་ཞིབ་འཇུག་ཚོགས་ཆུང་དེས་རྒྱ་ནག་གི་རྩ་ཁྲིམས་ལ་འགལ་བའི་ཉེས་ཅན་པར་ཐུག་འཕྲད་བྱེད་རྩིས་ཡོད་པར་ངོས་ལེན་ཐབས་མེད་སྐོར་བརྗོད་དེ་ཞིབ་འཇུག་ཚོགས་ཆུང་བཀག་འགོག་བྱས་ཡོད་པ་རེད།

རྒྱ་ནག་གི་དཔོན་རིགས་ཚོར་དཔལ་འབྱོར་ཉེས་ཆད་དང་འབྲེལ་ཡུ་རོབ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། ང་ཚོས་གྲོས་མོལ་བྱེད་དགོས་པ་ལས་ཁ་གཏད་གཅོག་རེས་བྱེད་ཀྱི་མེད་པས། ཡུ་རོབ་མཐུན་ཚོགས་ནས་སླར་ཡང་བསམ་བློ་གཏོང་བའི་སྐུལ་མ་གཏོང་གི་ཡོད། གལ་སྲིད་ཁོ་ཚོས་མུ་མཐུད་རྒྱ་ནག་ལ་ཁ་གཏད་གཅོག་འདོད་ཡོད་ཚེ། ང་ཚོས་ཕྱིར་འཐེན་གང་ཡང་མི་བྱེད་པར་རྒྱ་ནག་མི་མང་གི་མངོན་འདོད་སྒྲུབ་པའི་འགན་འཁུར་རྒྱུ་ཡིན། ཞེས་ལན་འདེབས་བྱས་ཡོད་པ་རེད།

ད་ལྟ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་མཁན་ཚོས། རྒྱ་ནག་གིས་ཁ་ཆེ་མི་མང་ས་ཡ་གཅིག་ལྷག་སློབ་གསོ་སྒྱུར་བཀོད་ཁང་དུ་བཅུག་སྟེ། ཐུབ་ཚོད་དང་ངལ་སྩོལ་ལས་བཀོལ། རིགས་རྒྱུད་རྩ་མེད་གཏོང་གི་ཡོད་པའི་ངོས་འཛིན་གནང་ཡོད་པ་དང་། དམིགས་བསལ་འདི་ལོར་ཨ་རི་གཙོས་པའི་ཁེ་ན་ཌ་དང་ནེ་ཏི་ལན་ཌི་བཅས་ཀྱིས། གཞུང་འབྲེལ་ཐོག་ནས་རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་གཏོར་གཏོང་གི་ཡོད་པའི་ངོས་འཛིན་བྱས་ཏེ་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༨ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

ཆུ་ཚོད་ ༡༡ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

ཚེ་རིང་བདེ་སྐྱིད་ལགས་འདི་ལོའི་ཨ་རིའི་ཁུན་སི་གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ནང་མིང་འདོན་བྱས། 

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བལ་ཡུལ་གཞུང་གསར་པས་རྒྱ་ནག་ཚུད་པའི་སུལའང་བལ་ཡུལ་གྱི་ས་ཁོངས་བེད་སྤྱོད་གཏོང་གི་འཇུག་གི་མིན་ཟེར། 

ཆུ་ཚོད་ ༡༣ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

༢༠༢༦/༠༤/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese